གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཤར་ཕྱོགས་དང་ དབུས་ཕྱོགས་རྫོང་ཁག་ཚུ་ནང་ གློག་མེ་བཀྲམ་སྤེལ་ལུ་བར་ཆད།

དུས་ཡུན་ཆུ་ཚོད་༩ དེ་ཅིག་གི་རིང་ གློག་མེ་བཀྲམ་སྤེལ་འབད་མ་ཚུགས་མི་ལུ་བརྟེན་ གཞུང་ལུ་ དངུལ་ཀྲམ་ས་ཡ་༡.༢ དེ་ཅིག་ གྱོང་རྒུད་ཕོག་ཡོདཔ་ཨིན་པས།

༉ ཁ་ཙ་ ཤར་ཕྱོགས་དང་ དབུས་ཕྱོགས་རྫོང་ཁག་ཚུ་ནང་ གློག་མེ་མེད་པར་ སྡོད་དགོཔ་ཐོན་མི་དེ་ཡང་ ས་གནས་ཏིང་ཏི་སྦིས་དང་ ངང་ལམ་གྱི་བར་ན་ གློག་འཕྲུལ་ཀཱན་ཌག་ཊར་ མེདཔ་ཐལ་མི་ལུ་བརྟེན་ཨིན་རུང་ཕྱི་རུའི་ཆུ་ཚོད་ཕྱེད་༧ དང་སྐར་མ་༣༠ དེ་ཅིག་ཁར་གློག་མེ་ལྷོད་ཡོདཔ་ཨིན་པས།
གློག་མེ་ལྷོད་མི་དེ་ཡང་ རྒྱ་གར་གྱི་ས་གནས་ རོང་ཇིཊ་ལུ་ གནས་སྐབས་ཅིག་གི་དོན་ལས་ གློག་རྒྱུན་མཐུད་སྦྲེལ་འབད་ནི་དེ་གིས་ཨིན་པས།



ཁ་ཙ་དྲོ་པའི་ ཆུ་ཚོད་༨ དེ་ཅིག་ལས་ གློག་མེ་མེདཔ་ཐལ་ཡོདཔ་ད་ ཀུ་རི་ཆུ་གློག་མེ་ལས་འཛིན་གྱི་ ལྟ་རྟོག་སྡེ་ཚན་འགོ་འཛིན་ ཨྱོན་ཚེ་རིང་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ ངང་ལམ་དང་ ཏིང་ཏི་སྦིས་ཀྱི་བར་ན་ གློག་འཕྲུལ་ཀཱན་ཌག་ཊར་ཅིག་ མེདཔ་ཐལ་སོ་ནི་དེ་གིས་ ཤར་ཕྱོགས་རྫོང་ཁག་དང་ དབུས་ཕྱོགས་རྫོང་ཁག་ཚུ་ནང་ གློག་མེ་བཀྲམ་སྤེལ་འབད་མ་ཚུགས་ཟེར་ཨིན་པས།
དེ་ཡང་ ཀུ་རི་ཆུའི་གློག་མེ་རྒྱུན་ཐག་དེ་ ཀུ་རི་ཆུ་བརྒྱུད་དེ་ ནང་སྐོར་དང་ ངང་ལམ་ ཏིང་ཏི་སྦིས་ དགེ་ལེགས་ཕུག་ དེ་ལས་ རྒྱ་གར་ཨ་སམ་གྱི་ས་གནས་ སཱ་ལ་ཀ་ཏི་ལུ་ མཐུད་སྦྲེལ་འབད་ཡོདཔ་ད་ ད་ལྟོ་གནས་སྐབས་ཅིག་གི་དོན་ལུ་ རང་ཇིཊི་ལུ་མཐུད་སྦྲེལ་འབད་ནི་དེ་གིས་ གློག་མེ་ཐོབ་ཚུགས་ཅི་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ད་ལྟོ་ མེདཔ་ཐལ་སའི་ ས་ཁོངས་ནང་ ཞིབ་དཔྱད་འབདཝ་ད་ གློག་མེའི་ཀཝ་༧༡ དེ་ཅིག་ ཞིབ་དཔྱད་འབད་ཚར་མི་ཚུ་ལུ་ གནོད་པ་ག་ཅི་ཡང་ མིན་འདུག་ཟེར་ཨིནམ་ད་ ད་རུང་ ཀཝ་༡༢༩ དེ་ཅིག་ ལྷག་ལུས་ཐོན་མི་ཚུ་ཡང་ ལེགས་ཤོམ་སྦེ་ར་ ཞིབ་དཔྱད་འབད་ནི་ཟེར་ཨིན་པས།
ད་ལྟོ་ མེདཔ་ཐལ་མི་དེ་ གནོད་དོན་ག་ཅི་ལུ་བརྟེན་ཨིན་ན་ ལེགས་ཤོམ་སྦེ་ ཤེས་མ་ཚུགས་ཟེར་ཨིནམ་ད་ ཁ་ཙ་ དུས་ཡུན་ཆུ་ཚོད་༩ དེ་ཅིག་གི་རིང་ལུ་ གློག་མེ་བཀྲམ་སྤེལ་འབད་མ་ཚུགས་མི་ལུ་བརྟེན་ གཞུང་ལུ་ དངུལ་ཀྲམ་ས་ཡ་༡.༢ དེ་ཅིག་ གྱོང་རྒུད་ཕོག་ཡོདཔ་ཨིན་པས།
གློག་འཕྲུལ་མེདཔ་ཐལ་མི་ལུ་བརྟེན་ ད་ལྟོ་ འཕྲུལ་ཨམ་༤ ཡོད་པའི་གྲས་ལས་ ཨམ་༡ ལས་བརྒལ་ ལཱ་འབད་མི་ཚུགས་དོ་ཡོདཔ་ད་ གནས་སྐབས་ཅིག་གི་དོན་ལུ་ མཐུད་སྦྲེལ་འབད་དགོཔ་ཐོན་མི་དེ་ འཕྲལ་མགྱོགས་ར་ ཨ་རྟག་གི་ རྒྱུན་ལམ་ཁར་ མཐུད་ཚུགས་པའི་ རེ་བ་ཡོད་བསྐྱེད་དོ་ཡོདཔ་ཨིན་རུང་ ལཱ་དེ་ ནམ་མཇུག་བསྡུ་ཚུགས་ག་ མི་ཤེས་པས་ཟེར་ཨིན་པས།
ཁ་ཙ་ མོང་སྒར་རྫོང་ཁག་བཟུམ་ཅིག་ནང་འབད་བ་ཅིན་ ལུང་ཕྱོགས་སྨན་ཁང་དང་ རྫོང་ཁག་བདག་སྐྱོང་ དེ་ལས་ དངུལ་ཁང་ཚུ་མ་གཏོགས་ ལས་འཛིན་དང་ ལས་སྡེའི་ཡིག་ཚང་ཚུ་ནང་ གློག་མེ་མེད་པར་ ལཱ་འབད་མ་ཚུགསཔ་ཨིན་པའི་གནས་ཚུལ།

བདེ་ཆེན་ཚེ་རིང་།

No comments:

Post a Comment