གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཉ་ཁག་ཅུ་གི་ ཚོང་འབྲལ་དཀའ་ངལ།

༡༦/༠༦/༢༠༡༢   ༉ ཀཱོལ་ཀ་ཊ་གནམ་གྲུ་ཐང་ནང་ ཉ་ཁག་ཅུ་གི་དོས་ཚུ་ ག་ཅི་སྦེ་ ཕྱི་སེལ་རྐྱབ་ཡོདཔ་ཨིན་ན་དང་ མ་འོངས་པ་ལུ་ཡང་ འདི་བཟུམ་མི་འབྱུང་ནིའི་དོན་ལུ་ སོ་ནམ་ཐོན་སྐྱེད་ཚུ་གི་སྐོར་ལས་ སོ་ནམ་བློན་པོ་ ཌོག་ཊར་ པདྨ་རྒྱ་མཚོ་དང་ བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་གིས་ གསལ་བཤད་གནང་དགོཔ་སྦེ་ ལྡོག་ཕྱོགས་འགོ་ཁྲིདཔ་ ཚེ་རིང་སྟོབས་རྒྱས་ཀྱིས་ ཞུ་ཡི།


སྤྱི་ཟླ་༥ པའི་ཚེས་༢༦ ལུ་ཉ་ཁག་ཅུ་ བཀག་ཆ་འབད་རུང་ ཚ་གྱང་ལང་དགོཔ་མེད་ཟེར་ བཀོད་མི་དེ་ཡང་ ཧེ་མ་འབད་བ་ཅིན་ གནམ་གྲུའི་ཐོག་ལས་ ཚོང་འབྲེལ་འཐབ་ཨིན་རུང་ ད་རེས་མང་ཤོས་ར་ སྣུམ་འཁོར་ནང་ འབག་སྟེ་ ཚོང་འབྲེལ་འཐབ་ནི་དེ་གིས་ཨིན་ཟེར་ བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་གིས་ཞུ་ཡི།
ཆུ་ཁའི་འཐུས་མི་གིས་འབད་བ་ཅིན་ ཚོང་འབྲེལ་གྱི་བར་ན་  བརྡ་དོན་ཕྱི་འགྱུར་སོང་སྟེ་ བྱ་སྟབས་མ་བདེཝ་ཐོན་རུང་ ད་རེས་ནངས་པ་ ཚོང་པ་མང་ཤོས་ཀྱིས་ བྱ་སྟབས་བདེ་ཐབས་ལུ་དམིགས་ཏེ་ སྣུམ་འཁོར་ནང་འབག་འགྱོཝ་མས་ཟེར་ཞུ་ཡི།
སྣུམ་འཁོར་ནང་ འབག་ནི་དེ་ ལཱ་འཇམ་པའི་ཁར་ དུས་ཚོད་ཁར་ ལྷོད་ཚུགས་པའི་ཁེ་ཕན་ཡང་ཡོདཔ་ལས་ ཚོང་འབྲེལ་ཚུ་ཐོགས་ཆག་མེད་པར་ ཚོང་འབྲེལ་འཐབ་ཡོདཔ་བཞིན་དུ་ གནད་དོན་ཆུང་ཀུ་ཅིག་ལུ་ མི་སེར་ཚུ་ ཚ་གྱང་ལང་དགོཔ་མིན་འདུག་ཟེར་ཞུ་ཡི།
སྤྱིར་བཏང་ཉ་ཁག་ཅུ་གི་ ཚོང་འབྲེལ་འཐབ་མི་དེ་ ཤུགས་ཆེ་ཤོས་ར་ སྤ་རོ་ལས་འབད་ནི་དེ་གིས་ ཉ་ཁག་ཅུ་གི་ ཚོང་འབྲེལ་ཐབས་ཐངས་སྐོར་ལས་ ཤེས་རྟོགས་བྱུང་ཡོད་པའི་ཁར་ ད་ཚུན་ དཀའ་ངལ་ཐོན་པའི་ ལོ་རྒྱུས་མ་གོ་ཟེར་ སྤ་རོའི་འཐུས་མི་ བཙན་སྐྱོགས་རྡོ་རྗེ་གིས་ཞུ་ཡི།
རྒྱལ་ཁབ་ནང་ ཚོང་ལམ་གྱི་སྐོར་ལས་ ཧ་གོཝ་བཞིན་དུ་ དེ་ལུ་ གཙོ་རིམ་བཟུང་སྟེ་ར་ཡོད་ཟེར་ཨིནམ་ད་ ཚོད་བསྲེ་བཀག་དམ་ཟེར་སླབ་རུང་ མི་སེར་ལུ་ ཁག་ཆེ་བའི་ ཚོད་བསྲེའི་རིགས་ དཔེར་ན་ སྒོགཔ་ཚུ་ བཀག་ཆ་མ་འབད་ཟེར་ བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་གིས་ཞུ་ཡི།
ཚོད་བསྲེའི་ནང་འདྲེན་ བཀག་ཆ་འབད་དགོ་མི་དེ་ཡང་ རྒྱ་གར་གྱི་ཏི་རུ་ རུ་པི་མ་ལང་པའི་དཀའ་ངལ་ཐོན་མི་ལུ་བརྟེན་ཏེ་ ཨིན་ཟེར་ཞུ་ཡི།
མི་སེར་ཚུ་གི་ སེམས་ཁར་བཞག་དགོཔ་དེ་ར་ རྒྱལ་ཁབ་གཉིས་ཀྱི་བར་ནའི་ མཐུན་ལམ་དེ་ཨིནམ་བཞིན་དུ་ ད་ལྟོ་ རྒྱ་འབྲུག་གཉིས་ཀྱི་བར་ནའི་ མཐུན་ལམ་དེ་ ལེགས་ཤོམ་སྦེ་ར་ཡོད་ཟེར་ཞུ་ཡི།
རྒྱ་འབྲུག་གཉིས་ཀྱི་བར་ནའི་ མཐུན་ལམ་དེ་གིས་ གཞུང་དང་མི་སེར་གཉིས་ཆ་ར་ལུ་ ཕན་ཐོགས་སྦོམ་སྦེ་ར་ཡོད་ཟེར་ བསྟན་རྒྱས་བློན་པོ་གིས་ ཞུ་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment