གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྷུན་རྩེ་རྫོང་ཁག་ནང་ སྐྱ་བཏོག་ཁང་མེད་པའི་དཀའ་ངལ།

ལྷུན་རྩེ་ལུ་ སྐྱ་བཏོག་ཁང་མེདཔ་ལས་ བདུན་མཐའི་སྐབས་སུ་ མོང་སྒར་གྱི་སྐྱ་བཏོག་ཁང་ནང་ ག་ཐོབ་རྐྱབ་སྟེ་འཛོམས་མི་ མི་སེར་ཚུ།
༡༦/༠༦/༢༠༡༢   ༉ ལྷུན་རྩེ་རྫོང་ཁག་ནང་ སྐྱ་བཏོག་ཁང་མེད་མི་ལུ་བརྟེན་ རྫོང་ཁག་གི་ ཞི་གཡོགཔ་དང་ ཚོང་པ་ རྫོང་གི་སྦོ་ལོགས་ཁར་སྡོད་མི་ མི་སེར་ཚུ་ལུ་དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།
དེ་ཡང་ རྗོང་ཁག་ནང་སྡོད་མི་ཚུ་ སྐྱ་བཏོག་དགོཔ་ཐོན་པའི་སྐབས་ལུ་ རང་གི་ཆ་རོགས་དང་ ཉེ་ཚན་ སྐྱ་བཏོག་ཤེས་མི་ཚུ་གིས་འབད་དོ་ཡོདཔ་ད་ དེ་མེད་པ་ཅིན་ མོང་སྒར་ལུ་འོང་དགོ་དོ་ཡོདཔ་ལས་ མི་སེར་ཚུ་གི་རེ་བ་ལས་འབད་བ་ཅིན་ རྫོང་ཁག་དེ་ནང་ཡང་ སྐྱ་བཏོག་ཁང་ཅིག་ཡོད་པ་ཅིན་ སྟབས་བདེ་ནི་མས་ཟེར་བའི་ བསམ་འཆར་ཚུ་བཀོདཔ་ཨིན་པས།



ལྷུན་རྩེ་རྫོང་ཁག་ནང་ ལོ་བསྟར་ཚེས་བཅུའི་དོན་ལུ་ འཆམ་རྐྱབ་སྟེ་ ལོ་༢༢ དེ་ཅིག་སོང་མི་ སྐྱེས་ལོ་༣༩ ལང་མི་ ཚེ་རིང་དཔལ་འབྱོར་གྱིས་ ཀུན་གསལ་ལུ་སླབ་མིའི་ནང་ རྫོང་ཁག་དེ་ནང་ སྐྱ་བཏོག་ཁང་ཅིག་མེད་མི་ལུ་བརྟེན་ དཔེ་འབད་བ་ཅིན་ རྫོང་ཁག་ནང་ མགྱོནམ་དྲག་ཞན་ཆེ་ཆུང་ག་ཅི་བཟུམ་བྱོན་རུང་ འཆམ་རྐྱབ་མི་ཚུ་ མཛེས་ཆ་དང་ ལྡན་ཏོག་ཏོ་སྦེ་སྡོད་དགོ་པའི་གནས་སྐབས་ལུ་ དཀའ་ངལ་སྦོམ་ར་ཐོནམ་མས་ཟེར་ཨིན་པས།
མི་རེ་གཉིས་ཀྱིས་ སྐྱ་བཏོག་དོ་ཡོད་མི་ཚུ་ལུ་ཡང་ སྦྱོང་བརྡར་མེད་ནི་དེ་གིས་ ལེགས་ཤོམ་འབད་བཏོག་མ་ཤེས་རུང་ ཐབས་ར་མེད་པར་ བཏོག་དགོཔ་ཐོན་དོ་ཡོད་པའི་ཁར་ འཕྲལ་འཕྲལ་སྦེ་ར་ མོང་སྒར་ཁྲོམ་ཁར་སྐྱ་བཏོག་ཁང་ཚུ་ནང་འོང་སྟེ་ བཏོགཔ་ཨིན་ཟེར་ཨིནམ་ད་ རྫོང་ཁག་དེ་ནང་ སྐྱ་བཏོག་ཁང་ཅིག་བཙུག་མི་ཐོན་པ་ཅིན་ ཁོང་ར་ལུ་ འོང་འབབ་སྦོམ་བཟོ་ཚུགས་ནི་ཨིནམ་མ་ཚད་ མི་སེར་ཚུ་ལུ་ཡང་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
རྗོང་ཁག་ནང་ སྐྱ་བཏོག་མི་མེདཔ་ལས་བརྟེན་ སྐྱེས་ལོ་༣༦ ལང་མི་ ཞི་གཡོགཔ་ཀརྨ་དེ་ ཟླཝ་༡ དང་༢ ཀྱི་བར་ན་ མོང་སྒར་ཁྲོམ་ཁར་ བདུན་མཐའི་ངལ་གསོ་སྐབས་ལུ་ མོང་སྒར་ལུ་ སྐྱ་བཏོག་པར་ འོང་དོ་ཡོདཔ་ཨིན་པས།
ལྷུན་རྩེ་རྫོང་ཁག་གི་ སྲོལ་འཛིན་འགོ་དཔོན་བཀྲིས་ཟླ་བ་གིས་ སླབ་མིའི་ནང་ ཕོ་སྐྱེས་ཚུ་གིས་ སྐྱ་ཐུང་ཀུ་སྦེ་བཞག་པ་ཅིན་ གཟུགས་མཛེས་ཏོག་ཏོ་མཐོངམ་མ་ཚད་ ཨྱོན་གུ་རུ་རིན་པོ་ཆེ་གིས་ མི་ཚུ་སྐྱ་བཏོག་སྟེ་ སྐྱབས་འགྲོའི་སྡོམ་པ་གནང་ཡོད་ནི་དེ་གིས་ ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དེ་གིས་ ན་གཞོན་ཚུ་ལུ་ ལཱ་གཡོག་གི་གོ་སྐབས་ཅིག་ཨིནམ་ལས་ སྐྱ་བཏོག་ཁང་ཅིག་ བཙུག་པ་ཅིན་ དངུལ་གྱི་འོང་འབབ་སྦོམ་བཟོ་ཚུགས་ཟེར་ཨིན་པས།
མི་མང་ཤོས་ཅིག་གིས་ བསམ་འཆར་བཀོད་དོ་བཟུམ་འབད་བ་ཅིན་ ད་རེས་ནངས་པའི་དཀའ་ངལ་དེ་ འཕྲལ་མགྱོགས་ར་ ལཱ་གཡོག་མེད་མི་ ན་གཞོན་ཚུ་གིས་ གཡོག་གི་གོ་སྐབས་བཟང་པོ་ཅིག་ ལྷུན་རྩེ་ལུ་ཡོད་པའི་མནོ་བསམ་བཏང་སྟེ་ སྐྱ་བཏོག་ཁང་ཅིག་ བཙུག་པའི་རེ་བ་ཡོད་ཟེར་ཨིན་པས།
དེ་ཡང་ རྫོང་གི་ཉེ་འདབས་ལུ་ སློབ་གྲྭ་༢ དང་ གྲྭ་ཚང་ སྨན་ཁང་ཚུ་ནང་ལཱ་འབད་མི་ ཞི་གཡོགཔ་དང་ སློབ་ཕྲུག་ དེ་ལས་ ཚོང་པ་གིས་མ་ཚད་ གཡུས་ཚན་ཡང་ ལེ་ཤ་ར་ཡོདཔ་ལས་ ལྷུན་རྩེ་ཁྲོམ་ཁར་ སྐྱ་བཏོག་ཁང་ཅིག་བཙུག་མི་འཐོན་པ་ཅིན་ ཁེ་སང་མ་གཏོགས་ གྱོང་རྒུད་རྩ་ལས་ར་ མི་ཕོག་ཟེར་ མི་སེར་ཚུ་གིས་ སླབ་པའི་གནས་ཚུལ།

བདེ་ཆེན་ཚེ་རིང་།

No comments:

Post a Comment