གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྷོ་ཨེ་ཤི་ཡ་ལུང་ཕྱོགས་ ལས་འབྲེལ་རྩིས་ཞིབ་ཀྱི་གྲོས་འཛོམས།

༉ བདུན་ཕྲག་འདི་ནང་ རྒྱལ་ས་ལུ་འགོ་འདྲེན་འཐབ་མི་ ཉིནམ་༢ ཀྱི་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་ལས་འབྲེལ་རྩིས་ཞིབ་གྲོས་འཛོམས་ནང་ མཐའ་འཁོར་གནས་སྟངས་རྩིས་ཞིབ་དེ་ གནད་དོན་གཙོ་ཅན་ཅིག་སྦེ་ གྲོས་བསྡུར་འབད་ཡི།


མཐའ་འཁོར་གནས་སྟངས་རྩིས་ཞིབ་དེ་ རྒྱ་གར་ལུ་ཧ་ལམ་གཞན་དང་ཕྱདཔ་ད་ གནས་ཚད་ལེགས་ཤོམ་ཅིག་ནང་ཡོད་རུང་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་རྒྱལ་ཁབ་མང་ཤོས་ཅིག་ནང་ ད་ལྟོ་ གཞི་བཙུགས་འབད་བའི་བསྒང་ར་ཡོདཔ་ད་ རྒྱལ་ཁབ་རེ་གཉིས་ནང་ འགོ་མ་བཙུགས་པ་ཡོདཔ་ཨིན་པས།
དེ་ལུ་བརྟེན་ གྲོས་འཛོམས་འདི་ནང་ རྒྱ་གར་རྒྱལ་ཁབ་ནང་ལས་ རྩིས་ཞིབ་འགོ་དཔོན་ཚུ་གིས་ རྒྱལ་ཁབ་ནང་ མཐའ་འཁོར་གནས་སྟངས་དང་འབྲེལ་བའི་ རྩིས་ཞིབ་ཚུ་གི་ ལག་ལེན་འཐབ་ཐངས་སྐོར་ལས་ གསལ་ཞུ་འབད་ཡོདཔ་ཨིན་པས།
རྒྱ་གར་གྱི་ རྩིས་འཛིན་འགོ་དཔོན་དང་ རྩིས་ཞིབ་ཡོངས་ཁྱབ་ཡིག་ཚང་གི་མདོ་ཆེན་ ཨེམ་ཧི་མ་བིན་དུ་གིས་ སླབ་མིའི་ནང་ རྒྱ་གར་ལུ་ རྩིས་ཞིབ་ཚུ་ རང་བཞིན་གནས་སྟངས་སྲུང་སྐྱོབ་དང་ རྩིས་ཞིབ་ལེགས་བཅོས་འབད་དོན་ལུ་ དམིགས་ཏེ་འབདཝ་ཨིན་ཟེར་ཨིན་པས།
མོ་གིས་བཤད་མིའི་ནང་ ད་ལྟོ་མཐའ་འཁོར་གནས་སྟངས་རྩིས་ཞིབ་དེ་ འབྲུག་རྒྱལ་ཁབ་ནང་ གསརཔ་འབད་ནི་དེ་གིས་ ཚུལ་མཐུན་མ་འགྱོ་མི་དེ་ ཚད་གཞི་གཏན་འཁེལ་ཅིག་ མ་བཟོ་ནི་དེ་གིས་ ཨིན་མས་ཟེར་ཨིན་པས།
རྒྱ་གར་ལུ་འབད་བ་ཅིན་ མཐའ་འཁོར་གནས་སྟངས་ཀྱི་ རྩིས་ཞིབ་ འགོ་བཙུགས་ཏེ་ ལོ་ངོ་༢༠ དེ་ཅིག་སོང་བའི་ཁར་ ད་ཚུན་ལུ་ གནད་དོན་ཁག་༡༠༠ ལྷགཔ་ཅིག་ རྩིས་ཞིབ་འབད་ཡོད་མི་ལས་ མང་ཤོས་ མཐའ་འཁོར་གནས་སྟངས་ཀྱི་ ཁྲིམས་ལུགས་དང་འཁྲིལ་ ལག་ལེན་འཐབ་ཡོད་མེད་ཀྱི་ བྱ་སྒོའི་རྩིས་ཞིབ་ཚུ་ འབད་དོ་ཟེར་ ཨིན་པས།
འབྲུག་ལུ་ མཐའ་འཁོར་གནས་སྟངས་རྩིས་ཞིབ་དེ་ སྤྱི་ལོ་༢༠༠༧ ལས་འགོ་བཙུགས་ཡོདཔ་ད་ ད་ཚུན་ལུ་ ཕྱགས་སྙིགས་འཛིན་སྐྱོང་དང་ དཔག་བསམ་ཁ་བཟོ་གྲྭ་འཕྲུལ་ཁང་ འཐུང་ཆུ་དང་ འཕྲོད་བསྟེན་ དེ་ལས་ མང་ཕྱོགས་མཐའ་འཁོར་གནས་སྟངས་ཆིངས་ཡིག་ཚུ་ནང་ རྩིས་ཞིབ་འབད་ཡོདཔ་ཨིན་པས།
རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ འགོ་དཔོན་ཚུ་གིས་སླབ་མིའི་ནང་ འབྲུག་ལུ་ མཐའ་འཁོར་གནས་སྟངས་རྩིས་ཞིབ་དེ་ ད་ལྟོ་ འགོ་བཙུགས་པའི་བསྒང་ཨིན་རུང་ མ་འོངས་པར་ གཙོ་རིམ་བཟུང་ནི་ཨིན་ཟེར་ཨིན་པས།
གྲོས་འཛོམས་ནང་ རྒྱལ་ཁབ་མང་ཤོས་ཅིག་གིས་ མཐའ་འཁོར་གནས་སྟངས་རྩིས་ཞིབ་ཀྱི་དོན་ལུ་ ཚད་གཞིའི་ལག་དེབ་དང་ ལམ་སྟོན་ཚུ་བཟོ་བའི་བསྒང་ཡོདཔ་ད་ ཝེཊི་ནམ་རྒྱལ་ཁབ་ནང་ ད་ལྟོ་ འགོ་བཙུགསཔ་ཅིག་ཨིནམ་ད་ མཱལ་དིབསི་ནང་ འགོ་མ་བཙུགཔ་ཨིན་པས།
གྲོས་འཛོམས་དེ་ནང་ རྒྱལ་ཁབ་སོ་སོའི་ དཔེ་སྟོན་བཟང་པོ་བརྗེ་སོར་འབད་མི་ཚུ་ ལུང་ཕྱོགས་རྒྱལ་ཁབ་ཚུ་ནང་ འགོ་བཙུག་ནིའི་སྐོར་ལས་ གྲོས་ཆོད་བྱུང་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

No comments:

Post a Comment