གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆང་བཀག་དམ་གྱི་སྐོར་ལས་ གོ་བ་བརྡ་སྤྲོད་འབད་ཡོདཔ།

༉ ཁ་ཙ་ རྩི་རང་རྫོང་ཁག་ནང་ མ་ཎི་དུང་སྒྲུབ་དང་འབྲེལ་ཏེ་ རྩི་རང་རྫོང་བདག་དང་ འགྲམ་ཕུག་འབྲིང་རིམ་སློབ་གྲྭ་འོག་མའི་ སློབ་ཕྲུག་༣༠ གིས་ སྐྱེས་ལོ་༡༨ མན་ཆད་འབད་མི་ ན་གཞོན་ཚུ་ལུ་ ཆང་བཀག་དམ་གྱི་སྐོར་ལས་ གོ་བ་བརྡ་སྤྲོད་འབད་ཡོདཔ་ཨིན་པས།


འགྲམ་ཕུག་གི་ ཁྲོམ་ཆུང་ཀུ་དེ་ནང་ཚོང་ཁང་༡༥༠ ཡོད་ས་ལས་༣༦ ཆང་ཁང་ཨིན་པས།
རྩི་རང་རྫོང་བདག་ སྤེན་པ་དབང་ཕྱུག་གིས་ སླབ་དོ་བཟུམ་འབད་བ་ཅིན་ མ་གཞི་ རྒྱལ་ཁབ་ནང་ སྐྱེས་ལོ་༡༨ མན་ཆད་འབད་མི་ ན་གཞོན་ཚུ་ལུ་ ཆང་བཙོང་མ་ཆོག་པའི་སྐོར་ལས་ ཁྲིམས་ལུགས་དམ་དམ་བཟོ་སྟེ་ཡོདཔ་ཨིན་རུང་ འཕྲལ་འཕྲལ་ར་ དེ་ལུ་མི་གནས་དོ་བཟུམ་ཅིག་ མཐོངམ་མས་ཟེར་ཨིན་པས།
སློབ་ཕྲུག་ཨ་ལུ་ཚུ་ལུ་ ཆང་བཙོང་མི་ཆང་ཁང་གི་ ཇོ་བདག་ཚུ་ འབོ་ཞིནམ་ལས་ ཉེན་བརྡ་བྱིན་ཏེ་བཏང་ཡི་ཟེར་ རྫོང་བདག་གིས་ བཤདཔ་ཨིན་པས།
ཚོང་པ་ཚུ་གིས་ ཁོང་ར་ལུ་དགོ་པའི་ ཏི་རུ་དེ་ར་ འཐོབ་ནི་ཡོད་པ་ཅིན་ ཆང་ཉོ་མི་དེ་ ག་ཨིན་ན་ བལྟ་ནི་མིན་འདུག་ཟེར་ མི་སེར་སྡེ་ཚན་ཅིག་གིས་ སླབ་ཨིན་པས།
ཁས་བླངས་འབད་མི་ སློབ་ཕྲུག་ཨ་ལུ་ཚུ་གིས་ ཆང་ཁང་ཚུ་ནང་སོང་ཞིནམ་ལས་ ཆང་བཙོང་ཆོགཔ་ ག་ལུ་ཨིན་ན་ བཙོང་མ་ཆོགཔ་ག་ལུ་ཨིན་ནའི་སྐོར་ལས་ ལེགས་ཤོམ་སྦེ་ གོ་བ་བརྡ་སྤྲོད་འབད་ཡོདཔ་མ་ཚད་ ག་དེམ་ཅིག་སྦེ་ ལོ་ན་མ་སྨིན་པའི་ཨ་ལུ་ཚུ་ལུ་ ཆང་བཙོང་པ་ཅིན་ གནོད་པ་ག་དེ་སྦེ་ཡོདཔ་ཨིན་ནའི་སྐོར་ལས་ཡང་ གསལ་བཤད་འབད་ཡོདཔ་ཨིན་པས།
སློབ་ཕྲུག་སྡེ་ཚན་དེ་གིས་ ཆང་ཁང་གི་ ཇོ་བདག་ཚུ་ལས་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་ལུ་གནས་ནི་ཟེར་བའི་ ཁས་བླངས་ཀྱི་ མཚན་རྟགས་ཚུ་ལེན་ཡོདཔ་བཞིན་དུ་ ཆང་ཁང་གི་ཇོ་བདག་ཚུ་གིས་འབད་རུང་ ད་ལས་ཕར་ ན་གཞོན་སྐྱེས་ལོ་༡༨ མན་ཆད་འབད་མི་ཚུ་ལུ་ ཆང་མི་བཙོང་ཟེར་བའི་ ཁས་བླངས་འབད་ཡོདཔ་ཨིན་པས།
ཁས་བླངས་པ་ སློབ་ཕྲུག་ཚུ་གིས་ ཕྱི་རུ་ སྨོན་ལམ་ཐང་ནང་ ཕྱགས་བདར་གྱི་ ལས་རིམ་ཅིག་ཡང་ འགོ་འདྲེན་འཐབ་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment