གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དོགས་ཅན་གྱིས་ དབང་བཙོང་འབད་བའི་སྒྲུབ་བྱེད་མེད་རུང་ རྨགཔ་ལུ་དགའ་བོ་སྤྲོད་དགོཔ།

༉ ཁ་ཙ་ མོང་སྒར་རྫོང་ཁག་ཁྲིམས་འདུན་གྱིས་ བ་ལམ་རྒེད་འོག་ལས་ སྐྱེས་ལོ་༢༦ ལང་མི་ ཕོ་སྐྱེས་ཅིག་གིས་ སྤྱི་ཟླ་༣ པའི་ཚེས་༢༤ ལུ་ རྨགཔ་ཡོད་པའི་ཨམ་སྲུ་ཅིག་ལུ་ དབང་བཙོང་ལུས་འབྲེལ་འབད་ཡོད་པའི་སྐོར་ལས་ ཉམས་རྒུད་པའི་རྨགཔ་གིས་ བདེན་རྫུན་དབྱེ་དཔྱད་ཀྱི་དོན་ལུ་ ཁྲིམས་འདུན་ལུ་མཐོ་གཏུགས་འབད་ཡོདཔ་ཨིན་རུང་ ཉམས་རྒུདཔ་ཨམ་སྲུ་དེ་གིས་ ཐེ་ཚོམ་དང་འབྲེལ་བའི་རྒྱུ་མཚན་ཅན་གྱི་ མངོན་རྟགས་སྟོན་མ་ཚུགས་མི་ལུ་བརྟེན་ ཁྲིམས་འདུན་གྱིས་ ཞི་རྩོད་དང་ ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་དགོངས་དོན་དང་འཁྲིལ་ དོགས་ཅན་ཕོ་སྐྱེས་དེ་ལུ་ རེ་ཞིག་དོགས་པ་བཀག་སྟེ་ ཕྱིར་བུད་མཛད་པའི་འཁྲུན་ཆོད་བཏོན་གནང་ནུག།


དེ་མ་ཚད་ རྫོང་ཁག་ཁྲིམས་འདུན་གྱིས་ ཉམས་རྒུདཔ་ཨམ་སྲུ་དེ་ གཉེན་རྐྱབ་སྟེ་ལོ་༧ ལྷག་སོངམ་ལས་ འབྲུག་གི་གཉེན་ཁྲིམས་དང་འཁྲིལ་ དོགས་ཅན་ཕོ་སྐྱེས་དེ་གིས་ ཉམས་རྒུདཔ་ཨམ་སྲུའི་རྨགཔ་ལུ་ དགའ་བོ་ དངུལ་ཀྲམ་༢༡,༠༠༠ སྤྲོད་དགོ་པའི་འཁྲུན་ཆོད་གནང་ནུག།
དེ་ཡང་ ཉམས་རྒུདཔ་ཨམ་སྲུའི་རྨགཔ་གིས་ ཁོ་གི་གནས་ཚང་ལུ་ དབང་བཙོང་ལུས་འབྲེལ་འབད་ཡོད་པའི་སྐོར་ལས་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་ཕུལ་ཡོདཔ་ད་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབདཝ་ད་ དོགས་ཅན་གྱིས་ ངག་བརྗོད་ནང་བཀོད་དོ་བཟུམ་འབད་བ་ཅིན་ ལུས་འབྲེལ་དེ་ ཕན་ཚུན་མཐུན་ལམ་ཐོག་ལུ་འབད་ཡི་ཟེར་ཨིན་པས།
དེ་མ་ཚད་ དོགས་ཅན་ཕོ་སྐྱེས་ཀྱིས་ ཁྲིམས་ཀྱི་འདུན་སར་ ངག་བརྗོད་ཕུལ་མིའི་ནང་ དགའ་མཐུན་གྱི་ཐོག་ལས་ ཤུབས་ལག་ལེན་འཐབ་སྟེ་ འདོད་སྤྱོད་འབདཝ་མ་གཏོགས་ དབང་བཙོང་འབད་བའི་ཉེས་འཛུགས་མེད་ཟེར་ཨིན་པས།
ཉམས་རྒུདཔ་ཨམ་སྲུ་གིས་ འགག་སྡེ་ལུ་ཕུལ་བའི་ངག་བརྗོད་དང་འཁྲིལ་བ་ཅིན་ སྤྱི་ཟླ་༣ པའི་ཚེས་༢༤ ལུ་ ས་གནས་ རི་ཕང་མ་ཟེར་ས་ལུ་ རྟ་ལེན་པར་འགྱོཝ་ད་ དབང་བཙོང་ཐོག་ལས་ འདོད་སྤྱོད་འབད་ཡོདཔ་འབད་བཀོད་ནུག་ཟེར་སླབ་ཨིན་པས།
ཁྲིམས་སྲུག་འགག་སྡེ་གིས་ ཞིབ་དཔྱད་འབད་རུང་ ཉམས་རྒུདཔ་དེ་ ན་ཆུང་མེན་པའི་ཁར་ དབང་བཙོང་བཙན་གཡེམ་ཨིན་པ་ཅིན་ སྤྲོ་ཤུབས་ལག་ལེན་འཐབ་དགོཔ་མེདཔ་མ་ཚད་ གལ་སྲིད་དབང་བཙོང་ལུས་འབྲེལ་འབད་འབདཝ་ཨིན་པ་ཅིན་ དོགས་ཅན་ཕོ་སྐྱེས་ཀྱི་གཟུགས་ཁར་ རྨ་ཁ་ཨ་ཙི་རེ་བཏོན་ཡོདཔ་སྲིད་ནི་ཨིན་རུང་ དེ་ཚུ་མིན་འདུག་ཟེར་ཨིན་པས།
དེ་བཟུམ་སྦེ་ དྲུང་འཚོ་གིས་ བརྟག་དཔྱད་འབད་མི་ལག་ཁྱེར་ནང་འབད་རུང་ དབང་བཙོང་བཙན་གཡེམ་གྱི་སྒྲུབ་བྱེད་ཅིག་མ་བྱུངམ་མ་ཚད་ ཕོ་སྐྱེས་དེ་གིས་ དབང་བཙོང་བཙན་གཡེམ་འདོད་སྤྱོད་འབད་བའི་སྐོར་ལས་ ཉམས་རྒུདཔ་གིས་ ར་ཁུངས་སྦྲགས་ཏེ་ཞུ་ནི་མེདཔ་ལས་ བྱ་བའི་གནད་སྤྱོད་ཀྱི་དགོངས་དོན་ལྟར་ ལག་ལེན་འཐབ་དགོཔ་བྱུང་ཡི་ཟེར་ཨིན་པས།
རྩོད་གཞི་དེ་གི་སྐོར་ ཞི་རྩོད་དང་ ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་ཁྲིམས་དེབ་དང་འཁྲིལ་ ཚད་འཛིན་གྱི་དུས་ཡུན་ ཞག་གྲངས་༡༠ གྱི་ནང་འཁོད་ མཐོ་གཏུགས་ཞུ་ནིའི་གོ་སྐབས་གནང་སྟེ་ འཁྲུན་ཆོད་བཏོན་གནང་ཡོད་པའི་གནས་ཚུལ།

བདེ་ཆེན་ཚེ་རིང་།

No comments:

Post a Comment