གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཟམ་གྱི་གཞི་རྟེན་ཆད་མི་དེ་ བཟོ་བཀོད་བསྒྱུར་བཅོས་ལུ་ཁ་ཉེས།

ཟམ་གྱི་ གཞི་རྟེན་གྱང་རྩིག་ཆ་ཤས་ཅིག་ཆད་དེ་ ཟླཝ་༢ དེ་ཅིག་ལང་རུང་ ད་ལྟོ་ཡང་ བཅོ་ཁ་མ་རྐྱབ་པར་ཡོད་མི་ ཝང་རིང་མོ་ལྕགས་ཟམ།
༡༨/༠༦/༢༠༡༢   ༉ བཀྲིས་གཡང་རྩེ་རྫོང་ཁག་ ཡ་ལང་རྒེད་འོག་ ཝང་རིང་མོ་ལུ་ གྲང་མེད་ཆུའི་གུ་ལས་ ལྕགས་ཟམ་རྐྱབ་མི་དེ་ ཟླཝ་༢ ཀྱི་ཤུལ་ལས་ ཟམ་གྱི་གཞི་རྟེན་གྱང་རྩིག་ཆ་ཤས་ཅིག་ ཆད་ཡར་སོ་རུང་ ཉམས་བཅོས་མ་འབད་བར་ ཟླཝ་༢ ལང་དོ་ཡོདཔ་ཨིན་པས།


དེ་ཡང་ ཝང་རིང་མོ་ལྕགས་ཟམ་དེ་ སྤྱི་ཟླ་༤ པའི་ཚེས་༢༠ གི་ནུབ་མོར་ གཞི་རྟེན་ཆ་ཤས་ཅིག་ ཆད་ཡར་སོ་མི་དེ་ ཟམ་གྱི་བཟོ་བཀོད་དང་ པར་རིས་བསྒྱུར་བཅོས་འབད་མི་ལུ་བརྟེན་ཨིནམ་སྦེ་ ཁ་ཉེས་བཀལ་དོ་ཡོདཔ་ད་ རིང་ཚད་མི་ཊར་༦༠.༩༦ འབད་མི་ཟམ་དེ་ དུས་ཅི་ སྤྱི་ཟླ་༡ པའི་ནང་ ཆུ་ཁ་རྩི་མ་གཤམ་ལས་ དཀོན་མཆོག་བཟོ་སྐྲུན་གྱིས་ མ་དངུལ་ས་ཡ་༣.༤༣༨ དེ་ཅིག་གི་ཐོག་ལས་ རྐྱབ་ཡོདཔ་ཨིན་པས།
མདོ་གསུམ་ཁྲོམ་རྙིངམ་ལས་ ཀི་ལོ་མི་ཊར་༡ དེ་ཅིག་གི་ ས་ཁར་ཡོད་མི་ ཝང་རིང་མོ་ཟམ་དེ་གིས་ ཡ་རང་དང་ རམ་འཇར་རྒེད་༢ སྦྲེལ་མཐུད་ཐོག་ རྫོང་ཁག་གི་ རྒེད་འོག་གཞན་ཚུ་ནང་ རྒྱུན་འབྲེལ་འཐབ་ཚུགསཔ་ཨིན་པས།
རྫོང་ཁག་བདག་སྐྱོང་གི་ འགོ་དཔོན་ཚུ་གིས་ ཟམ་དེ་གི་ གཞི་རྟེན་གྱང་རྩིག་རམ་སོང་མི་དེ་ཡང་ གྱང་རྩིག་རྐྱབ་མི་དེ་གི་ བཟོ་བཀོད་དང་ པར་རིས་དུམ་གྲ་ཅིག་ བསྒྱུར་བཅོས་སོང་ནི་དེ་གིས་ཨིན་པས་ཟེར་ བཤད་ཡོདཔ་ད་ ཟམ་བཟོ་སྐྲུན་འབདཝ་ད་ བཟོ་བཀོད་དང་ དུམ་གྲ་ཅིག་ ཁྱད་པར་ཞུགས་ཆིཔ་ལས་ ཟམ་གྱི་གྱང་རྩིག་ཚུ་གི་ བཟོ་བཀོད་དེ་ བཟོ་བཅོས་འབད་དགོཔ་ བྱུང་ཡི་ཟེར་ བཀྲིས་གཡང་རྩེའི་རྫོང་བདག་ སངས་རྒྱས་གྲུབ་པ་གིས་ སླབ་ཨིན་པས།
གནད་དོན་དེ་གི་སྐོར་ལས་ ལམ་སེལ་ལས་ཁུངས་ཀྱི་ ཟམ་སྡེ་ཚན་ལུ་ ཟམ་གྱི་མཁས་མཆོག་ཅིག་ བརྟག་ཞིབ་འབད་བར་ གཏང་གནང་ཟེར་ ཞུ་བ་འབད་ཡོད་རུང་ ལས་བྱེདཔ་ཚུ་ག་ར་ སློབ་སྦྱོང་འབད་བར་ ཕྱི་ཁར་སོང་ཡོད་ནི་དེ་གིས་ སྔར་གྱི་བཟོ་བཀོད་དང་འཁྲིལ་ འབད་དགོཔ་སྦེ་ བཀོད་བྱ་ཐོབ་ཅི་ཟེར་ རྫོང་བདག་གིས་ བཤད་པའི་ཁར་ ང་བཅས་ཀྱིས་ ཞུ་བ་འབད་མི་དང་འཁྲིལ་ མཁས་མཆོག་ཅིག་གིས་ ས་ཁོངས་ནང་འོང་སྟེ་ བལྟ་ཞིབ་འབད་ཡོད་པ་ཅིན་ ཟམ་གྱི་གྱང་རྩིག་ ཆད་མ་འགྱོ་འོང་ཟེར་ བཤདཔ་ཨིན་པས།
དེ་འབདཝ་ད་ ཡ་ལང་གི་ བཟོ་རིག་འགོ་དཔོན་འོགམ་ ཚེ་དབང་འགྱུར་མེད་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ བཟོ་བཀོད་ནང་ བསྒྱུར་བཅོས་སྦོམ་ ག་ནི་ཡང་ མ་རྐྱབ་པའི་ཁར་ བཟོ་བཀོད་དང་འཁྲིལ་ཏེ་ར་ བཟོ་སྐྲུན་འབད་ཡོདཔ་ལས་ རྩིགཔ་ཆད་སོ་མི་དེ་ ལག་ཤེསཔ་མེན་མི་ རྡོ་བཟོ་བོ་ཚུ་གིས་ བཟོ་སྐྲུན་འབད་མི་ལུ་བརྟེན་ཨིན་པས་ཟེར་ཨིན་པས།
རྫོང་ཁག་བཟོ་རིག་འགོ་དཔོན་ ལུང་བསྟན་འཕྲིན་ལས་ཀྱིས་ སླབ་མིའི་ནང་ ཟམ་གྱི་གཞི་རྟེན་ཆད་སོང་མི་དེ་གིས་ ཟམ་གྱི་རྨང་གཞི་ལུ་ གནོད་ཉེན་མིན་འདུག་ཟེར་ཨིན་པས།
ཁག་འབགཔ་དེ་གིས་ མེདཔ་ཐལ་མི་ ཟམ་གྱི་གྱང་རྩིག་དེ་ ཉམས་བཅོས་འབད་ནི་སྦེ་ ཁ་བཟེད་ཡོད་རུང་ ལཱ་དེ་ ནམ་ལས་འགོ་བཙུག་ནི་ཨིན་ན་ ད་ལྟོ་ གཏན་འཁེལ་སྦེ་ ཤེས་མ་ཚུགསཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment