གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྡེ་ཚན་༡༥ གིས་ མདའ་རྩེད་འགྲན་བསྡུར་ནང་འབྲེལ་གཏོགས།

རང་ལུགས་སྤག་ཤིང་གི་ མདའ་རྩེད་འགྲན་བསྡུར་འབད་བའི་བསྒང་།
༉ བུམ་ཐང་ལུ་ སྤྱི་ཟླ་༦ པའི་ཚེས་༤ ལས་ འགོ་བཙུགས་མི་ རང་ལུགས་སྤག་ཤིང་གི་ མདའ་རྩེད་འགྲན་བསྡུར་ནང་ སྡེ་ཚན་༡༥ གིས་ བཅར་མར་གཏོགས་ཏེ་ཡོདཔ་ཨིན་པས།


དེ་ཡང་ རྩེད་འགྲན་དང་པའི་ནང་ ཁའུ་རྒྱས་དང་ རང་བཞིན་སླར་འབྱུང་གོང་འཕེལ་ལས་འཛིན་ དེ་ལས་ ཀྲོང་གསར་ལས་ཨིན་མི་ བྲག་སྟེང་སྡེ་ཚན་གསུམ་གྱི་བར་ན་ རྩེད་འགྲན་འབདཝ་ད་ ཁའུ་རྒྱས་དང་ རང་བཞིན་སླར་འབྱུང་གོང་འཕེལ་ལས་འཛིན་༢ ཀྱིས་ སྐུགས་༩ མ་འབད་མི་རེ་ ཆོད་ཡོད་རུང་ བྲག་སྟེང་སྡེ་ཚན་གྱིས་ སྐུགས་ཕུད་རྡོག་གཅིག་ཡང་ ཐོབ་མ་ཚུགས་པས།
བྲག་སྟེང་སྡེ་ཚན་དེ་ ཀྲོང་གསར་ལས་ རྩེད་འགྲན་འབད་བའི་ དྲོ་པར་འོང་ཡོདཔ་ལས་ ལམ་ཁར་དཀའ་ངལ་ཐོན་ཏེ་ དུས་ཚོད་ཁར་ ལྷོད་མ་ཚུགས་ནི་དེ་གིས་ བྱང་ཕྱད་སྡེ་ཚན་གཉིས་ཀྱིས་ འགོ་ཐོག་སྐབས་ རྩེད་འགྲན་འབད་མ་བཅུག་རུང་ སྐོར་ཐེངས་བར་ཁམས་ཅིག་ལས་ རྩེད་བཅུགཔ་ད་ སྐུགས་ཕུད་རྡོག་གཅིག་ཡང་ ཐོབ་མ་ཚུགསཔ་ཨིན་པས།
རང་བཞིན་སླར་འབྱུང་གོང་འཕེལ་ལས་འཛིན་གྱིས་ འཕྲོ་མཐུད་རྩེད་འགྲན་འབད་བའི་སྐབས་ སྐུགས་༤ དང་ ཁའུ་རྒྱས་སྡེ་ཚན་གྱིས་ སྐུགས་༢ ཐོབ་ཡོད་རུང་ བྲག་སྟེང་སྡེ་ཚན་གྱིས་ སྐུགས་ཕུད་རྡོག་གཅིག་ཡང་ཐོབ་མ་ཚུགསཔ་ཨིན་པས།
རྩེད་འགྲན་འགོ་འདྲེན་འཐབ་མི་ ཀུན་ལེགས་ཚེ་རིང་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལས་རིམ་དེ་ རང་ལུགས་སྤག་ཤིང་གི་ རྩེད་འགྲན་གོང་འཕེལ་བཏང་ནི་གི་དོན་ལུ་ འགོ་འདྲེན་འཐབ་ཡོད་རུང་ བཅའ་མར་གཏོགས་མི་ རེ་བ་བསྐྱེད་དོ་བཟུམ་ མ་ཐོནམ་ལས་ རྒུད་ཕོག་ནི་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འགོ་ཐོག་སྐབས་ རྫོང་ཁག་ཚུ་ལས་ བཅའ་མར་གཏོགས་ནི་གི་དོན་ལུ་ བརྒྱུད་འཕྲིན་ལྷོད་ཡོད་རུང་ བཅའ་མར་གཏོགས་མི་ སྡེ་ཚན་༡༥ ལས་མ་ཐོན་ཟེར་ཨིན་པས།
མཐའ་བཅད་འགྲན་བསྡུར་འོག་མའི་ནང་ སྡེ་ཚན་༩ གིས་ ལྷོད་ནི་ཨིནམ་ད་ བཅའ་མར་གཏོགས་མི་ཚུ་ཡང་ ཀྲོང་གསར་དང་ ཆུ་ཁ་ དེ་ལས་ བུམ་ཐང་ཚུ་ལས་ཡོདཔ་ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment