གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཕྲོ་མཐུད་ཤེས་ཡོན་སྦྱང་པར་འགྱོ་མི་ཚུ་ལུ་ གོམས་འདྲིས་སློབ་སྦྱོང་།

ཤེས་རིག་འགོ་དཔོན་ཚུ་གིས་ སློབ་ཕྲུག་ཚུ་ལུ་ བསླབ་སྟོན་འབད་བའི་བསྒང་།
༉ ད་རེས་ནངས་པ་ ཐིམ་ཕུ་ ན་གཞོན་དང་རྩེད་རིགས་ལས་ཁུངས་ཡིག་ཚང་གི་ ས་ཁོངས་ནང་སྦེ་ སློབ་རིམ་༡༢ པ་ མཐར་འཁྱོལ་ཏེ་ ཕྱིའི་རྒྱལ་ཁབ་ཚུ་ནང་ སྒེར་གྱི་ཐོག་ལས་ འཕྲོ་མཐུད་ཤེས་ཡོན་སྦྱང་པར་འགྱོ་མི་ ན་གཞོན་ཚུ་ལུ་ གོམས་འདྲིས་སློབ་སྦྱོང་ འགོ་འདྲེན་འཐབ་མིའི་ནང་ སློབ་ཕྲུག་༥༠ ལྷགཔ་ཅིག་གིས་ བཅའ་མར་གཏོགས་པའི་བསྒང་ཡོདཔ་ཨིན་པས།


དེ་ཡང་ ན་གཞོན་ཚུ་ལུ་ མི་ཚེའི་བཟོ་བཀོད་ཟེར་བའི་ བརྗོད་དོན་ཐོག་ ཤེས་རིག་འགོ་དཔོན་ཚུ་གིས་ བསམ་འཆར་བསྡུ་ལེན་གྱི་ལས་རིམ་ནང་ སློབ་ཕྲུག་ཚུ་གིས་ ད་ལྟོའི་གནས་སྐབས་ནང་ མནོ་བསམ་བཏང་མིའི་སྐོར་ལས་ དྲི་བཀོད་འབདཝ་ད་ སེམས་ཁར་ མནོ་བསམ་འདྲ་མིན་སྣ་ཚོགས་ ཤར་བའི་སྐོར་ལས་བཤད་རུང་ ལ་ལུ་ཅིག་གིས་ གནད་དོན་ཚུ་ ཧ་གོ་མ་ཚུགས་ཟེར་ སླབ་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དུས་ཚོད་འ་ནེམ་ཅིག་ཁར་ ན་གཞོན་མང་ཤོས་ར་ མགུ་འཐོམ་ནི་དེ་ རང་བཞིན་ཅིག་ཨིནམ་ལས་ རང་གི་ཕམ་དང་ སྤུན་ཆ་གིས་མ་ཚད་ རང་གི་མི་ཚེའི་རེ་འདོད་འགྲུབ་ནི་ལུ་ ད་ལྟོ་ལས་ར་ དྲན་པ་སྟོན་ཐོག་ལས་ གྲ་སྒྲིག་འབད་དགོཔ་གལ་ཆེ་ཟེར་ཨིན་པས།
ཤེས་རིག་སྤྱི་ཁྱབ་མདོ་ཆེན་ ཚེ་དབང་རྟ་མགྲིན་གྱིས་ སླབ་མིའི་ནང་ ན་གཞོན་ཚུ་ལུ་ ལྕོགས་གྲུབ་སྦོམ་ཡོདཔ་ལས་ ཕྱི་ནང་༢ ཆ་ར་ནང་ དོན་དང་ལྡན་པའི་ གྲ་སྒྲིག་འབད་དགོ་ཟེར་ཨིན་པས།
དེ་དང་འདྲཝ་སྦེ་ ན་གཞོན་ཚུ་ལུ་ ལཱ་གཡོག་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ ལས་མིའི་གནས་སྟངས་དང་ ད་རེས་ ལཱ་གཡོག་གི་ས་ཁོངས་ནང་ དགོས་མཁོ་ཅན་གྱི་ཆོས་ཚན་ གདམ་ཁ་རྐྱབ་དགོ་པའི་སྐོར་ལས་ བསླབ་སྟོན་ཚུ་བྱིན་ཡི།
ལཱ་གཡོག་མདོ་ཆེན་གྱིས་ སྤྱི་ལོ་༢༠༡༡ ལུ་ རྒྱལ་ཁབ་ནང་ ལཱ་གཡོག་མེད་མི་ སློབ་ཕྲུག་༡༠,༥༠༠ ཡོད་རུང་ འབྲུག་ལུ་ཕྱི་མི་ ལཱ་འབད་སྡོད་མི་༥༢,༧༣༥ ཡོདཔ་ལས་ ལཱ་གཡོག་མེད་པའི་དཀའ་ངལ་དེ་ དུས་ཅི་ སྤྱི་ཟླ་༡༢ པའི་ནང་འཁོད་ལུ་ བརྒྱ་ཆ་༢.༥ གུ་ མར་ཕབ་རྐྱབ་ཚུགས་པའི་ འཆར་གཞི་ཡོད་ཟེར་ཨིན་པས།
ད་རེས་ནངས་པ་ ལཱ་གཡོག་གི་ ས་སྟོང་མང་ཤོས་ར་ བཟོ་རིག་འགོ་དཔོན་དང་ ཁྲིམས་དོན་ ཐབ་ཚངཔ་ བརྡ་དོན་འཕྲུལ་རིག་  སློབ་དཔོན་ སྨན་གཡོགམོ་ལ་སོགས་པ་ཚུ་ནང་ ཡོད་ཟེར་ཨིན་པས།
ན་གཞོན་ཚུ་ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ འགོ་དཔོན་གྱིས་ ཞི་གཡོག་ཆོས་རྒྱུགས་ཀྱི་ ཁྱད་ཚད་དང་ ལཱ་གཡོག་རིག་རྩལ་གྱི་སྐོར་ལས་ གོ་བ་བརྡ་སྤྲོད་ཚུ་ འབད་ཡོདཔ་ཨིན་པས།
གོམས་འདྲིས་སློབ་སྦྱོང་ནང་ ན་གཞོན་ཚུ་ལུ་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་བའི་ཤུལ་ལས་ ལཱ་འཇམ་ཏོང་ཏོ་སྦེ་ ཐོབ་ཚུགས་པའི་ ཁྱད་ཆོས་ཚུ་དང་འབྲེལ་བའི་ ཤེས་ཡོན་བྱིན་དོ་ཡོདཔ་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

No comments:

Post a Comment