གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་རྒྱལ་ཡོངས་དངུལ་ཁང་གིས་ དངུལ་ཀྲམ་ས་ཡ་༤༤ ཚུལ་མིན་འཛིན་སྐྱོང་།

༉ འབྲུག་རྒྱལ་ཡོངས་དངུལ་ཁང་གིས་ དངུལ་ཀྲམ་ས་ཡ་༤༤ ཚུལ་མིན་འཛིན་སྐྱོང་འཐབ་མི་དེ་ལུ་ རྩིས་ཞིབ་དང་འཁྲིལཝ་ད་ སྐྱིན་ཚབ་སྤྲོད་མ་ཚརཝ་ལས་ར་ ལོག་སྐྱིན་འགྲུལ་བྱིན་ནི་དེ་ ནོར་འཕྲུལ་ཨིནམ་སྦེ་ སླབ་ཡོདཔ་ཨིན་པས།


སྤྱི་ལོ་༢༠༡༡ གི་ ལོ་བསྟར་རྩིས་ཞིབ་སྙན་ཞུ་དང་འཁྲིལཝ་ད་ ཚོང་མགྲོན་པ་ཚུ་ལུ་ སྐྱིན་ཚབ་སྤྲོད་མ་ཚརཝ་ལས་ར་ ལོག་སྐྱིན་འགྲུལ་བྱིན་མི་ལུ་བརྟེན་ དངུལ་ཀྲམ་ས་ཡ་༡༡ ཚུལ་དང་མཐུནམ་སྦེ་ མ་འགྱོ་བས་ཟེར་ཨིན་པས།
འབྲུག་རྒྱལ་ཡོངས་དངུལ་ཁང་གི་ རྩིས་ཞིབ་སྙན་ཞུ་དང་འཁྲིལཝ་ད་ ལྟ་བཤལ་དང་ ལས་འགུལ་གཞན་ཚུ་གི་དོན་ལས་ མི་༡ ལུ་ སྐྱིན་འགྲུལ་ལེ་ཤ་བྱིན་པའི་ཤུལ་ལུ་ དུས་ཚོད་ཁར་ སྐྱིན་ཚབ་བཏབ་མ་ཚུགས་པའི་བསྒང་ལས་ ཧེ་མའི་བུ་ལོན་ བཏབ་ནིའི་དོན་ལུ་ ད་རུང་ སྐྱིན་འགྲུལ་གསརཔ་ བྱིན་ནུག་ཟེར་ཨིན་པས།
དེ་བཟུམ་མའི་ ལག་ལེན་དེ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ ཁྲིམས་ལུགས་དང་འཁྲིལཝ་ད་ འགལ་བ་ཨིན་ཟེར་ཨིན་པས།
འབྲུག་རྒྱལ་ཡོངས་དངུལ་ཁང་གི་ སྐྱིན་འགྲུལ་འཛིན་སྐྱོང་སྤྱི་ཁྱབ་ རྟ་མགྲིན་འབྲུག་པ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མ་གཞི་ རྩིས་ཞིབ་ཀྱིས་ སླབ་མི་དེ་ བདེན་ཟེར་ཨིནམ་ད་ དེ་འབདཝ་ད་ སྐྱིན་འགྲུལ་དེ་ ཚོང་མགྲོན་པའི་ སྟབས་བདེ་ཧིང་ལུ་བལྟ་སྟེ་ བྱིན་དགོ་མི་དེ་ཡང་ ཚོང་མགྲོན་པའི་ཞབས་ཏོག་ ཁག་ཆེ་ནི་དེ་གིས་ ཨིན་ཟེར་ཨིན་པས།
རྟ་མགྲིན་འབྲུག་པ་གིས་ སླབ་མིའི་ནང་ འགོ་དང་པ་ སྐྱིན་འགྲུལ་བྱིན་པའི་སྐབས་ བཟོ་རིག་འགོ་དཔོན་ཚུ་གིས་ གོང་ཚད་བཏོན་མི་དང་འཁྲིལ་ཏེ་ བྱིན་དོ་ཡོདཔ་ཨིན་རུང་ ཤུལ་ལས་ བཟོ་སྐྲུན་གྱི་ གོང་ཚད་ཡར་སེང་འགྱོ་བའི་བསྒང་ལས་ ལཱ་ དུས་ཚོད་ཁར་ མཇུག་བསྡུ་ཚུགས་ནིའི་དོན་ལུ་ སྐྱིན་འགྲུལ་ཐེབས་ བྱིན་དགོཔ་ཐོནམ་མས་ཟེར་ཨིན་པས།
དེ་ཡང་ གཙོ་བོ་ར་ ལཱ་འགོ་བཙུགས་ཚར་བའི་ཤུལ་ལུ་ མཇུག་མ་བསྡུ་བར་ མི་ལུས་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
བཟོ་སྐྲུན་གྱི་ལཱ་ མཇུག་མ་བསྡུ་ཚུན་ སྐྱིན་ཚབ་སྤྲོད་མི་ཚུགས་ནི་ཨིནམ་ལས་ དེའི་སྐབས་ ཚུལ་དང་མ་མཐུན་པའི་གྲངས་སུ་ མི་རྩིས་ཟེར་ཨིན་པས།
འབྲུག་རྒྱལ་ཡོངས་དངུལ་ཁང་གི་ འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ སྐྱིན་ཚབ་སྤྲོད་མ་ཚརཝ་ལས་ར་ ད་རུང་ སྐྱིན་འགྲུལ་བྱིན་ནི་དེ་ ཁོང་རའི་ ལམ་ལུགས་ཅིག་ཨིནམ་ལས་བརྟེན་ རྒྱལ་གཞུང་དངུལ་ལས་དབང་འཛིན་ལུ་ ད་ལས་ཕར་ཡང་ འཕྲོ་མཐུད་དེ་ར་ ལག་ལེན་འཐབ་ཆོག་པའི་ ཞུ་བ་འབད་ནི་ཟེར་ཨིན་པས།
རྩིས་ཞིབ་སྙན་ཞུ་དང་འཁྲིལཝ་ད་ དངུལ་ཁང་གི་ སྐྱིན་འགྲུལ་ནང་ ཚུལ་མིན་འཛིན་སྐྱོང་ཐོན་མི་དེ་ཡང་ ཚོང་མགྲོན་པ་ཚུ་ལུ་ སྐྱིན་འགྲུལ་བྱིན་པའི་སྐབས་ གཏའ་མའི་གན་ཡིག་ཚུ་ སྒྲིང་སྒྲིང་སྦེ་ མ་བཟོ་ནི་དེ་གིས་ ཨིན་མས་ཟེར་ཨིན་པས།
དེ་མ་ཚད་ རྩིས་ཞིབ་དང་འཁྲིལཝ་ད་ ལས་འགུལ་གྱི་ གོང་ཚད་ལུ་མ་བལྟ་བར་ སྐྱིན་འགྲུལ་བྱིན་མི་དེ་གིས་ ཤུལ་ལས་ སྐྱིན་ཚབ་སྤྲོད་མ་ཚུགས་པའི་ བྱ་སྟབས་མ་བདེཝ་བྱུང་སྟེ་འདུག་ཟེར་ ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment