གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བདུན་ཕྲག་གནས་ཚུལ།

དེད་གཡོགཔ་ཅིག་ལུ་ཤི་རྐྱེན།

༡༦/༠༦/༢༠༡༢   ༉ སྤྱི་ཟླ་༦ པའི་ཚེས་༡༤ གི་ནུབ་མོའི་ཆུ་ཚོད་༧.༤༥ ལུ་ འཐེན་འཕྲུལ་སྣུམ་འཁོར་ཊཱག་ཅིག་ མེ་ལོང་བྲག་གི་རྩ་བར་ ལམ་སྒོར་ལྟབ་གུ་ལས་མར་ རྦོབ་རིལ་སོཔ་ལས་ སྣུམ་འཁོར་བཏང་མི་ མོང་སྒར་སྔ་ཚང་ལས་ སྐྱེས་ལོ་༣༧ ལང་མི་ དེད་གཡོགཔ་ལུ་ ཤི་རྐྱེན་བྱུང་ནུག།



ཚེ་འདས་དེ་ བསམ་གྲུབ་ལྗོངས་མཁར་ལས་ ཝམ་རོང་ལུ་ ཐུག་རྐྱེན་བྱུང་མི་ སྣུམ་འཁོར་ཅིག་ འཐེན་ཐོག་ལས་ བསམ་གྲུབ་ལྗོངས་མཁར་ལུ་ བསྐྱལ་ནིའི་དོན་ལས་ འགྱོ་བའི་སྐབས་ལུ་ རྐྱེན་བྱུང་ཡོདཔ་ད་ མེ་ལོང་བྲག་དེ་ བསམ་གྲུབ་ལྗོངས་མཁར་ལས་ བཀྲིས་སྒང་ཁ་ཐུག་ལུ་ ཀི་ལོ་མི་ཏར་༧༠ དེ་ཅིག་གི་ ས་ཁར་ཡོདཔ་ཨིན་པས།
འཐེན་འཕྲུལ་སྣུམ་འཁོར་ནང་ འགྲུལ་པ་ཅིག་ཡོད་མི་དེ་ ཉེན་སྐྱོབ་འབད་ཚུགསཔ་ལས་ གནོད་སྐྱོན་མ་བྱུང་པས།
བསམ་གྲུབ་ལྗོངས་མཁར་གྱི་ ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ སྣུམ་འཁོར་གྱི་ རྐྱེན་ངན་དེ་ ག་དེ་སྦེ་ བྱུང་བྱུངམ་ཨིན་ན་ མ་ཤེསཔ་ཨིན་རུང་ འཕྲུལ་ཆས་མེདཔ་ཐལ་མི་ལུ་བརྟེན་ བྱུང་ཡོད་པའི་ དོགས་པ་ཡོད་ཟེར་ ཨིན་པའི་གནས་ཚུལ།

No comments:

Post a Comment