གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དམག་མི་བགྲེསཔ་༢ ལུ་ བཙོན་ཁྲིམས་ལོ་ངོ་༤༥ དང་༡༧ ལྷགཔ་རེ་ བཀལ་ཡོདཔ།

༡༦/༠༦/༢༠༡༢   ༉ ན་ཧིང་ བསྟན་སྲུང་དྲག་པོའི་དམག་མི་བགྲེསཔ་༢ ཀྱིས་ གཅིག་ཤུལ་གཉིས་ཤུལ་སྦེ་ ཨམ་སྲུ་ལེ་ཤ་ཅིག་ལུ་ དབང་བཙོང་ལུས་འབྲེལ་འབད་བའི་ཁར་ འཐབ་འཛིང་དང་ འཕྲོག་བཅོམ་ དེ་ལས་ བརྡུང་རྫོབ་འབད་མི་ལུ་བརྟེན་ ཁ་ཙ་ ཐིམ་ཕུ་ ཁྲིམས་ཁྲི་དང་པའི་ ཁྲིམས་འདུན་གྱིས་ ཕོ་སྐྱེས་༡ ལུ་ བཙོན་ཁྲིམས་ལོ་ངོ་༤༥ དང་ཟླཝ་༣ བཀལ་ཡོདཔ་ད་ གཞན་མི་དེ་ལུ་ བཙོན་ཁྲིམས་ལོ་ངོ་༡༧ དང་ཟླཝ་༣ བཀལ་ཡོདཔ་ཨིན་པས།


དེ་ཡང་ སྐྱེས་ལོ་༢༦ ལང་མི་ ཉེས་ཅན་ཚེ་རིང་རྡོ་རྗེ་གིས་ དམངས་བསྡོམས་དབང་བཙོང་ལུས་འབྲེལ་འབད་བའི་ཁར་ གཉེན་རྐྱབ་མི་ ཨམ་སྲུ་ལུ་ དབང་བཙོང་ལུས་འབྲེལ་དང་ འཐབ་འཛིང་ དང་བླངས་རྟོགས་མེད་གདོང་ཐུག་ དེ་ལས་ འཕྲོག་བཅོམ་ཚུ་འབད་མི་ལུ་བརྟེན་ ཁོ་ལུ་ བཙོན་ཁྲིམས་ལོ་ངོ་༤༥ དང་ཟླཝ་༣ བཀལ་ཡོདཔ་ཨིན་པས།
དེ་ལས་ སྐྱེས་ལོ་༢༣ ལང་མི་ ཉེས་ཅན་མགོན་པོ་རྡོ་རྗེ་ལུ་ དམངས་བསྡོམས་དབང་བཙོང་ལུས་འབྲེལ་དང་ འཕྲོག་བཅོམ་ དེ་ལས་ འཐབ་འཛིང་འབད་མི་ལུ་བརྟེན་ ཁོ་ལུ་ བཙོན་ཁྲིམས་ལོ་ངོ་༡༧ དང་ ཟླཝ་༣ བཀལ་ཡོདཔ་ཨིན་པས།
ཁོང་༢ ཀྱིས་ ཉེས་ལས་ཚུ་ག་ར་ ཉིན་གྲངས་༡༩ གི་ ནང་འཁོད་ལུ་ འབད་ཡོདཔ་ད་ འགོ་དང་པ་ར་ ཐིམ་ཕུ་ཨོ་ལ་ཁ་ལུ་ སྐྱེས་ལོ་༢༤ དང་༢༥ ལང་མི་ ཨམ་སྲུ་༢ ལུ་ དབང་བཙོང་ཐོག་ལས་ ལུས་འབྲེལ་འབད་ཡོདཔ་ཨིན་པས།
དེ་ལས་ སྐྱེས་ལོ་༢༡ ལང་མི་ ཨམ་སྲུ་ཅིག་ལུ་ དབང་བཙོང་ལུས་འབྲེལ་འབད་ནིའི་ དཔའ་བཅམ་ད་ ཨམ་སྲུ་དེ་གིས་ གདོང་རྒོལ་འབད་མི་ལུ་བརྟེན་ མོ་ལུ་ བརྡུང་རྫོབ་འབད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཁོང་༢ ཀྱིས་ ཁྲིམས་འགལ་བྱ་ངན་ མང་རབས་ཅིག་ འབད་ཡོདཔ་ཨིན་རུང་ ལ་ལུ་ཅིག་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་མ་ལྷོདཔ་ལས་ དེ་སྦེ་ར་ ལུས་ཡོདཔ་ཨིན་པས།
ཉེས་ཅན་༢ པོ་དེ་གིས་ གནམ་ཕྱི་རུ་ ཨམ་སྲུ་ཚུ་ལུ་ དབང་བཙོང་ལུས་འབྲེལ་འབད་ཡོདཔ་མ་ཚད་ ཨམ་སྲུ་ལ་ལུ་ཅིག་ལས་ ཅ་ཆས་ཚུ་ཡང་ འཕྲོག་བཅོམ་འབད་བའི་ཁར་ ཉན་མ་བཏུབ་མི་ཚུ་ལུ་ བརྡུང་རྫོབ་ཡང་ འབད་ཡོདཔ་ཨིན་པས།
བཙོན་ཁྲིམས་ཕོག་མི་ དམག་མི་བགྲེསཔ་༢ ཀྱིས་ འཁྲུན་ཆོད་ལུ་ བསམ་པ་མ་རྫོགས་པ་ཅིན་ ཆེ་མཐོའི་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ནིའི་དོན་ལས་ ཉིན་གྲངས་༡༠ ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment