གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སློབ་སྦྱོང་བཤོལ་སྡོད་མི་ཚུ་ལུ་ ལཱ་གཡོག་དང་འབྲེལ་བའི་སྦྱོང་བརྡར།

༉ ཁ་ཙ་ ཐིམ་ཕུ་ ན་གཞོན་དང་ རྩེད་རིགས་ལས་ཁུངས་ཀྱི་ ས་ཁོངས་ནང་སྦེ་ སློབ་གྲྭ་ནང་ལས་ ཐོན་སྡོད་མི་དང་ སློབ་སྦྱོང་འཕྲོ་མཐུད་མ་འབད་མི་ སློབ་ཕྲུག་སྡེ་ཚན་ཅིག་ལུ་ ན་གཞོན་ལཱ་གཡོག་དང་འབྲེལ་བའི་ སྦྱོང་བརྡར་བྱིན་ཡི།
ན་གཞོན་དང་ རྩེད་རིགས་ལས་ཁུངས་དང་ ལས་གཡོག་ལས་ཁུངས་ཀྱིས་ འགོ་འདྲེན་འཐབ་མི་ ན་གཞོན་གྱི་ལས་རིམ་ནང་ སློབ་རིམ་༡༠ པ་དང་༡༢ པ་ དེ་ལས་ མཐོ་རིམ་སློབ་གྲྭའི་སློབ་ཕྲུག་ ལཱ་གཡོག་འཚོལ་བའི་བསྒང་ཡོད་མི་ སློབ་ཕྲུག་༦༥ གིས་ བཅའ་མར་གཏོགས་ཅི།

ཉིནམ་༡ གི་ལས་རིམ་ནང་ ན་གཞོན་ཚུ་ ལཱ་གཡོག་འཚོལ་བ་འགྱོ་བའི་སྐབས་ ལཱ་གཡོག་གི་ཞུ་ཡིག་དང་ ཁྱད་ཡོན་ཐོ་ཡིག་འབྲི་ཐངས་ དྲི་བ་དྲིས་ལན་གྱི་ རིག་རྩལ་ཚུ་གི་སྐོར་ལས་ སློབ་སྟོན་འབད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ན་གཞོན་ཚུ་ལུ་ ལཱ་གཡོག་གི་ གོ་སྐབས་ཚུ་གི་སྐོར་ལས་ གནས་ཚུལ་གསལ་བཤད་འབད་ཡོདཔ་མ་ཚད་ སྐྱེ་རྒྱུན་འཕྲོད་བསྟེན་གྱི་སྐོར་ལས་ གོ་བརྡ་ཚུ་ སྤེལ་ཡོདཔ་ཨིན་པས།
སྦྱོང་བརྡར་ལས་རིམ་ནང་ བཅའ་མར་གཏོགས་མི་ཚུ་གི་གྲས་ལས་ སྐྱེས་ལོ་༢༠ ལང་མི་ ཉི་མ་དབང་འདུས་དེ་ཨིནམ་ད་ ཁོ་གིས་ སྤྱི་ལོ་༢༠༡༠ ལུ་ སློབ་རིམ་༡༢ པ་མཐར་འཁྱོལ་ཞིནམ་ལས་ སྒེར་གྱི་སྦྱོང་བརྡར་སྤེལ་ཁང་ནང་ ལོ་༡ གི་རིང་ ཚོང་འབྲེལ་རྩིས་ཁྲའི་ སྦྱོང་བརྡར་འབད་བའི་ཤུལ་ལུ་ འཕྲལ་ཁམས་ཅིག་ཁར་ ལས་འཛིན་ཅིག་ནང་ ལཱ་གཡོག་ས་སྟོང་ཅིག་ཐོན་ནི་དེ་གིས་ ཞུ་ཡིག་བཙུགས་ཏེ་ དྲི་བ་དྲིས་ལན་ནང་ཡང་ བཅའ་མར་གཏོགས་ཡོདཔ་ད་ དེ་སྐབས་ ལཱ་གཡོག་གི་ཞུ་ཡིག་དང་ ཁྱད་ཡོན་ཐོ་ཡིག་འབྲི་ནི་ལུ་ ལཱ་ཁག་རྐྱབ་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མ་གཞི་སྦྱོང་བརྡར་དེ་གིས་ མ་འོངས་གོ་སྐབས་ཚུ་གི་དོན་ལུ་ ཕན་ཐོགས་སྦོམ་བྱུང་ཡོདཔ་ལས་ སྦྱོང་བརྡར་ཚུ་ སློབ་གྲྭ་ནང་ སློབ་སྟོན་འབད་བ་ཅིན་ ལཱ་གཡོག་འཚོལ་བའི་སྐབས་ ཕན་ཐོགས་ནི་མས་ཟེར་ཨིན་པས།
བཅའ་མར་གཏོགས་མི་ སློབ་རིམ་༡༢ པ་ལས་ ཤེས་ཡོན་འཕྲོ་མཐུད་སྦྱང་མ་ཚུགས་མི་ སྐལ་བཟང་མཚོ་མོ་གིས་ཡང་ སྦྱོང་བརྡར་ནང་ ཞུ་ཡིག་འབྲི་ཐངས་ཀྱིས་མ་དོ་བར་ ལཱ་གཡོག་གི་གོ་སྐབས་ ལེ་ཤ་ཡོད་པའི་སྐོར་ལས་ ཤེས་རྟོགས་བྱུང་ཡི་ཟེར་ཨིནམ་ད་ མོ་གིས་འབད་བ་ཅིན་ ད་ཚུན་ལུ་ རྒྱལ་ཁབ་ནང་ ལཱ་གཡོག་མེདཔ་མེན་པར་ གོ་སྐབས་ལེན་ཏེ་ དང་འདོད་མ་བསྐྱེད་མི་ལུ་བརྟེན་ ཨིན་མས་ཟེར་ཨིན་པས།
ལཱ་གཡོག་ཤེས་ཡོན་དང་ བསླབ་སྟོན་ལས་ཚན་ནང་ལས་ ལས་རིམ་འགོ་དཔོན་ ཚེ་རིང་ལྷ་མོ་གིས་ སླབ་མིའི་ནང་ ད་རེས་ནངས་པ་ ན་གཞོན་མང་ཤོས་ཅིག་ སློབ་གྲྭ་དང་ མཐོ་རིམ་སློབ་གྲྭ་ཚུ་ནང་ལས་ མཐར་འཁྱོལ་ཞིནམ་ལས་ ཐ་ན་ ལཱ་གཡོག་གི་ ཞུ་ཡིག་ཅིག་ཡང་ ལེགས་ཤོམ་སྦེ་ བྲིས་མ་ཤེས་པས་ཟེར་ཨིན་པས།
ན་གཞོན་དང་ རྩེད་རིགས་ལས་ཁུངས་ནང་ལས་ འགོ་དཔོན་ཚུ་དང་འཁྲིལཝ་ད་ ན་གཞོན་ཚུ་ ལོ་ཚད་མ་སྨིན་པའི་གནས་སྐབས་ལུ་ ཉེན་ཁ་སྦོམ་ཡོད་ནི་དེ་གིས་ སྐྱེ་རྒྱུན་འཕྲོད་བསྟེན་ཤེས་ཡོན་དེ་གིས་ འཛིན་སྐྱོང་འཐབ་ཚུགས་ནི་ལུ་ ཕན་ཐོགས་ཚུགས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།
ཚེ་རིང་རྣམ་རྒྱལ།

No comments:

Post a Comment