གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དམ་ཆོས་སྡེ་ཚན་གྱིས་ རྒྱལ་ཁའི་གསོལ་རས་ལེན་ཡོདཔ།

གསོལ་རས་ལེན་མི་ སྡེ་ཚན་༣ གྱི་ མདའ་རྩེདཔ་ཚུ།
༉ ཐིམ་ཕུ་བར་སྦིས་ས་ལུ་ ཕྱི་རྒྱལ་གྱི་ མདའ་གཞུ་ཐོག་ལས་ རྩེད་འགྲན་འབད་མི་དེ་ ཁ་ཙ་ དམ་ཆོས་དང་ ཀེ་ཊི་རྡོ་རྗེ་ དེ་ལས་ བི་ན་ཡ་ཀ་སྡེ་ཚན་༣ གྱི་བར་ན་ མཐའ་བཅད་འགྲན་བསྡུར་རྩེད་འགྲན་འབདཝ་ད་ དམ་ཆོས་སྡེ་ཚན་གྱིས་ སྐུགས་༢ ཆོད་དེ་ གཞན་མི་སྡེ་ཚན་གཉིས་ཕམ་བཏང་ཡི།


དམ་ཆོས་སྡེ་ཚན་གྱིས་ སྐོར་ཐེངས་༢ ནང་ སྐུགས་དང་པམ་ཆོད་པའི་སྐབས་ བྱང་ཕྱད་སྡེ་ཚན་༢ ཀྱིས་ བཀག་རེག་༣ རེ་ ཕོག་ཡོདཔ་ད་ ཀེ་ཊི་རྡོ་རྗེ་སྡེ་ཚན་གྱིས་ སྐོར་ཐེངས་༡༡ ནང་ སྐུགས་གཉིས་པམ་ཆོདཔ་ད་ བི་ན་ཡ་ཀ་སྡེ་ཚན་གྱིས་ སྐུགས་༡ དང་བཀག་རེག་༡༧ དེ་ལས་ དམ་ཆོས་སྡེ་ཚན་གྱིས་ སྐུགས་༢ དང་ བཀག་རེག་༡༩ ཕོག་ཡོདཔ་ཨིན་པས།
སྐོར་ཐེངས་༡༣ པའི་ནང་ དམ་ཆོས་སྡེ་ཚན་གྱིས་ སྐུགས་གསུམ་པམ་དེ་ ཆོད་པའི་སྐབས་ བྱང་ཕྱད་སྡེ་ཚན་༢ ཀྱིས་ སྐུགས་༡ ཡང་མ་ཐོབ་རུང་ ཀེ་ཊི་རྡོ་རྗེ་སྡེ་ཚན་གྱིས་ བཀག་རེག་༡༩ དང་ བི་ན་ཡ་ཀ་སྡེ་ཚན་གྱིས་ བཀག་རེག་༡༧ རྐྱབ་ཅི།
ཀེ་ཊི་སྡེ་ཚན་གྱིས་ སྐུགས་༡ ཆོད་ཡོདཔ་ལས་ ཨང་༢ པ་ཐོན་ཡོདཔ་ད་ བི་ན་ཡ་ཀ་སྡེ་ཚན་གྱིས་ ཨང་༣ པ་ཐོན་ཡོདཔ་ཨིན་པས། ཨང་དང་པ་ཐོན་མི་ སྡེ་ཚན་ལུ་ ཏོ་ཤི་བ་ ལེབ་ཊོབ་རེ་རེ་དང་ ཨང་༢ པ་ལུ་ སཱོ་ནི་ ཧོམ་ཐེ་ཊར་རེ་རེ་ དེ་ལས་ ཨང་༣ པའི་སྡེ་ཚན་ལུ་ སཱོ་ནི་ ཧའི་ཕི་སིས་ཀྲམ་རེ་རེ་བྱིན་ཡི།
ཁ་ཙ་གི་ མདའ་རྩེདཔ་དྲག་ཤོས་དེ་ བི་ན་ཡ་ཀ་སྡེ་ཚན་ལས་ ཀུན་བཟང་གིས་ བཀག་རེག་༨ རྐྱབ་སྟེ་ ཐོན་དོ་བཟུམ་སྦེ་ ཌཱནསི་ཁོ་རེ་ཌཱནསི་སྡེ་ཚན་ལས་ ཕུརཔ་རྡོ་རྗེ་གིས་ དོ་སྦྱེལ་མཐོ་ཤོས་དང་ ཊི་ཨེན་སི་ཨེལ་སྡེ་ཚན་ལས་ ཚེ་རིང་དབང་རྡོ་རྗེ་གིས་ ཉིནམ་༡ གི་ བཀག་རེག་མཐོ་ཤོས་ཀྱི་ གསོལ་ལས་ལེན་ཡི།
དེ་བཟུམ་སྦེ་ ལིག་སྐོར་ཐེངས་༤༥ འི་ནང་ བཀག་རེག་༣༡ ཕོག་མི་དེ་ འབྲུག་བཟོ་སྐྲུན་སྡེ་ཚན་ལས་ ཡེ་ཤེས་རྡོ་རྗེ་ཨིནམ་ད་ ཌ་ཇི་སྡེ་ཚན་ལས་ རྟ་ལོག་རྣམ་རྒྱལ་གྱིས་ སྒོར་ཐིག་གུ་ བཀག་རེག་༨ རྐྱབ་སྟེ་ དྲག་ཤོས་ཀྱི་ གསོལ་རས་ཐོབ་ཅི།
མདའ་རྩེད་འགྲན་བསྡུར་ འགོ་འདྲེན་འཐབ་མི་ རྒཔོ་བགྲེསཔ་བཀའ་འགྱུར་གྱིས་ སླབ་མིའི་ནང་ གསོལ་རས་ཚུ་གི་དོན་ལུ་ ཡོངས་བསྡོམས་དངུལ་ཀྲམ་འབུམ་༤ ལྷགཔ་ཅིག་ ཟད་འགྲོ་གནས་ཡི་ཟེར་ སླབ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment