གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དཔེ་དེབ་དྲག་ཤོས་ཀྱི་གསོལ་རས།

༉ དུས་ཅི་ སྤྱི་ལོ་༢༠༡༢ ལོའི་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ འགོ་འདྲེན་འཐབ་མི་ རྫོང་ཁའི་ ལོ་བསྟར་རྩོམ་རིག་འགྲན་བསྡུར་ནང་ དཔེ་དེབ་དྲག་ཤོས་ཀྱི་ གསོལ་རས་དེ་ བརྩེ་གདུང་གི་རླུང་མ་ཟེར་མི་ དཔེ་དེབ་ཀྱིས་ ཐོབ་ཡོདཔ་ཨིན་པས།


བཅོས་སྒྲུང་དཔེ་དེབ་དེ་ ནང་པའི་གསོ་རིག་སློབ་སྦྱོང་སྤེལ་ཁང་གི་ ལོ་ངོ་མཇུག་གི་ སློབ་ཕྲུག་ཨིན་མི་ བསོད་ནམས་ཆོས་གྲགས་ཀྱིས་ བྲིས་ཡོདཔ་ཨིན་པས།
དཔེ་དེབ་དེ་ནང་ ཕོ་མོའི་བརྩེ་གདུང་གི་སྐོར་ལས་ བྲིས་ཡོདཔ་ད་ ཁོ་གིས་ བཤད་མིའི་ནང་ དཔེ་དེབ་དེ་ ནུབ་ཕྱོགས་རྒྱལ་ཁབ་ཀྱི་ མཁས་པ་ཚུ་གིས་བྲིས་མི་ བཅོས་སྒྲུང་ཅིག་ལས་ དཔེ་ལྟ་ཞིནམ་ལས་ བྲིས་བྲིསཝ་ཨིན་ཟེར་ཨིན་པས།
ཁོ་གིས་ སྤྱི་ཟླ ༦ པའི་ཚེས་༢ ལུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ཁ་ཐུག་ལས་ ཐིམ་ཕུ་ནང་འཁོད་ཀྱི་ ལྷན་ཁག་དང་ ལས་ཁུངས་ཁག་གི་ རྫོང་ཁའི་ངོ་ཚབ་འགོ་དཔོན་ཚུ་འཛོམས་སར་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་དྲུང་ཆེན་ དྲགོས་ཤེས་རབ་རྒྱལ་མཚན་གྱིས་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༥༠,༠༠༠ དང་ ངོས་འཛིན་ལག་ཁྱེར་གནང་ཡི།
བསོད་ནམས་ཆོས་གྲགས་ཀྱིས་ ད་རེས་ནངས་པ་ མི་མང་ཤོས་ཀྱི་སེམས་ཁར་ ཨིང་སྐད་ཤེས་པ་ཅིན་ ག་ཅི་ཡང་ཤེསཔ་བཟུམ་བཟོ་སྟེ་ རྫོང་ཁའི་མཁས་དབང་ཚུ་ལུ་ ངོས་ལེན་མ་འབད་ནི་དེ་གིས་ ན་གཞོན་ཚུ་ལུ་ ལྷག་ནིའི་དོན་ལུ་ སྤྲོ་བ་བསྐྱེད་བཅུག་ཐབས་ལུ་དམིགས་ཏེ་ རྩོམ་བྲིས་འབད་འབདཝ་ཨིན་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

No comments:

Post a Comment