གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དགེ་ལེགས་ཕུག་ལུ་ རྐང་འགྲུལ་པའི་ཉིནམ་འགོ་བཙུགས།

ཆར་པའི་ནང་ ཉི་གདུགས་བཀབ་སྟེ་ ལམ་འགྲུལ་འབད་མི་ཚུ།
༡༣/༠༦/༢༠༡༢   ༉ ཁ་ཙ་ལས་ དགེ་ལེགས་ཕུག་ལུ་ རྐང་འགྲུལ་པའི་ཉིནམ་ བརྩི་སྲུང་དང་འབྲེལ་ ཡིག་ཚང་ནང་འགྱོ་མི་དང་ སློབ་ཕྲུག་ དེ་ལས་ ཚོང་པ་ཚུ་ དྲོ་པར་ལམ་འགྲུལ་འབད་ནི་ འགོ་བཙུགསཔ་དང་གཅིག་ཁར་ ཆརཔ་ཤུགས་སྦེ་ རྐྱབ་ཡོདཔ་ལས་ མང་ཤོས་ར་ ཉི་གདུགས་བཀབ་དགོཔ་བྱུང་ནུག།


མ་གཞི་ རྐང་འགྲུལ་པའི་ཉིནམ་དེ་ བདུན་ཕྲག་ཧེ་མའི་ནང་ འགོ་བཙུགས་དགོཔ་ཨིན་རུང་ དགེ་ལེགས་ཕུག་ལུ་ ཁ་ཙ་ལས་མ་གཏོགས་ འགོ་བཙུགས་མ་ཚུགས་མི་དེ་ཡང་ རྐང་འགྲུལ་པའི་ ཉིནམ་བརྩི་སྲུང་གི་ གསལ་བསྒྲགས་དེ་ ཕྱིས་སུ་སྦེ་ ཐོབ་ཡོདཔ་མ་ཚད་ དེ་བསྒང་ ཁྲིམས་ཡིག་བསྟར་སྤྱོད་འབད་མི་ འགོ་དཔོན་ཚུ་ གཞུང་འབྲེལ་ལཱ་གི་དོན་ལུ་ ཁྲོམ་གྱི་ཕྱི་ཁར་ སོང་ཡོད་ནི་དེ་གིས་ཨིན་ཟེར་ དགེ་ལེགས་ཕུག་ ལུང་ཕྱོགས་སྐྱེལ་འདྲེན་འགོ་དཔོན་ཚུ་གིས་ སླབ་ཨིན་པས།
ད་ལས་ཕར་ ཁྲོམ་སྡེའི་ནང་ རྒྱལ་ཁབ་ཀྱི་ ས་གནས་གཞན་ཚུ་ནང་བཟུམ་སྦེ་ རེས་གཟའ་ལྷག་པ་ལུ་ ཨ་རྟག་ར་ རྐང་འགྲུལ་འབད་ནི་ཨིནམ་བཞིན་དུ་ ལམ་ལུགས་དེ་ དགེ་ལེགས་ཕུག་ཁྲོམ་སྡེ་དང་ དྲུང་ཁག་གི་ ཁྲིམས་སྲུང་འགག་སྡེ་ དེལས་ ལུང་ཕྱོགས་ལམ་འགྲུལ་དང་སྐྱེལ་འདྲེན་དབང་འཛིན་གྱིས་ མཉམ་འབྲེལ་ཐོག་ལས་ ཐག་བཅད་ཡོདཔ་ཨིན་པས།
ཁྲོམ་ནང་འཁོད་དང་ སྣུམ་འཁོར་ཊཱག་བཞག་སའི་ས་ཁོངས་ དེ་ལས་ ཁྲིམས་སྲུང་འགག་སྡེའི་ ཡིག་ཚང་གི་ལྟག་ལས་ གཞུང་འཁོར་དང་ སྒེར་འཁོར་ཚུ་ འགྲུལ་སྐྱོད་འབད་ནི་ལས་ བཀག་དམ་འབད་དེ་ ཁྲོམ་གྱི་ཕྱི་ཁར་འགྱོ་མི་རྐྱངམ་གཅིག་ བཏང་ཡོདཔ་ཨིན་པས།
སྐྱེལ་འདྲེན་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དགེ་ལེགས་ཕུག་ཁྲོམ་ཁར་ གཞལམ་སྒང་དང་ རྩི་རང་གི་ གཞུང་ལམ་༢ ལས་འོང་མི་ སྣུམ་འཁོར་ཚུ་ ས་མཚམས་སྒོ་ར་བརྒྱུད་དེ་ ནང་ན་འོང་ནི་དང་ ཕྱི་ཁར་འགྱོ་བཅུག་ཡོད་རུང་ ཁྲོམ་ནང་ན་ འཛུལ་མ་བཅུག་ཟེར་ཨིན་པས།
རྐང་འགྲུལ་པའི་ཉིནམ་ལུ་ སྤྱིར་བཏང་གིས་ ངོས་ལེན་ལེགས་ཤོམ་འབད་ཡོདཔ་ཨིན་རུང་ དགེ་ལེགས་ཕུག་ལུ་སྡོད་མི་ ལ་ལུ་ཅིག་གིས་འབད་བ་ཅིན་ དགེ་ལེགས་ཕུག་བཟུམ་མའི་ ས་གནས་ནང་ གནམ་འབྱ་ལུ་ ཚ་དྲོད་ཆེ་བའི་ཁར་ ཆརཔ་ཤུགས་སྦེ་ རྐྱབ་ནི་དེ་གིས་ སློབ་གྲྭ་ནང་འགྱོ་མི་ སློབ་ཕྲུག་ཚུ་ལུ་ དཀའ་ངལ་སྦོམ་འབྱུང་ཉེན་ཡོདཔ་ལས་ སྣུམ་འཁོར་འགྲོ་འགྲུལ་མེད་པའི་ ཁྲིམས་ལུགས་དེ་ ག་དེ་སྦེ་ བསྟར་སྤྱོད་འབད་ཚུགས་འོང་ག་ཟེར་བའི་ དོགས་པ་ཡོད་ཟེར་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment