གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྷུན་རྩེ་ལུ་ བཟའ་ཁང་གཅིག་ལས་མེད་མི་ ཤང་རི་ལ་བཟའ་ཁང་།

ཟླ་༣ པའི་ཚེས་༢༥།
༡༥/༥/༢༠༡༢

ལྷུན་རྩེ་ཁྲོམ་ཁར་ཡོད་པའི་ ཤང་རི་ལ་ཟ་ཁང།
༉ ལྷུན་རྩེ་རྫོང་ཁག་ནང་ལུ་ འགྲོ་འགྲུལ་འབད་མི་ཚུ་གིས་ རྫོང་ཁག་དེ་ནང་ རང་གི་སྤུན་ཆ་དང་ ཆ་རོགས་ཚུ་ཡོད་ན་མ་གཏོགས་ དེ་མེན་ དེ་འཕྲལ་ལས་ར་ ཤང་རི་ལ་ཟ་ཁང་དེ་ལུ་ར་ མནོ་བསམ་བཏང་དགོཔ་བྱུངམ་ཨིན་པས།


སྦ་སྒོར་ཁྱིམ་ཚུ་གི་སྦུག་ལུ་ སྦ་ལེབ་ཀྱིས་སྐྱོར་ཏེ་ འོག་ཐོག་ལོགས་གཅིག་ཁར་ ཟ་ཁང་དང་ ཆང་ཁང་ ལོགས་ཅིག་ནང་ ཉལ་ཁང་ཚུ་བཟོ་ཡོད་མིའི་ ཟ་ཁང་ནང་འགྱོ་དགོཔ་ད་ ལྷུན་རྩེ་ཁྲོམ་ཁར་ ལྟོ་ཐོབ་ཟ་ཁང་༤ དེ་ཅིག་ཡོད་རུང་ ཉལ་ཁང་ཡོད་མིའི་ཟ་ཁང་དེ་ ཤང་རི་ལ་རྐྱངམ་གཅིག་ཨིན་པས།
ཟ་ཁང་དེ་ནང་ ཁང་ཚན་༤ སྦེ་ཡོད་པའི་ཁར་ ཁང་མིག་རེ་ནང་ ཉལ་ཁྲི་རྐྱང་པ་༢ རེ་བཙུགས་ཐོག་ལས་ མི་༨ ཀྱིས་ ཁང་གླར་སྡོད་ཚུགསཔ་ཨིན་རུང་ འཕྲལ་འཕྲལ་ར་ ཁང་མིག་ལང་མ་ཚུགས་པའི་དཀའ་ངལ་ཡང་ ཐོན་དོ་ཡོདཔ་ཨིན་པས།
ཟ་ཁང་དེ་དང་སྦྲེལ་མཐུད་སྦེ་ ཨིསི་ནུ་ཀར་གྱི་ རྩེད་ཁང་ཅིག་ཡང་བཙུགས་ཡོདཔ་ད་ ཟ་ཁང་གི་ཇོ་བདག་ སྐྱེས་ལོ་༤༠ ཞེ་གྲངས་ནང་འབད་མི་ ཨམ་ཀརྨ་ཆོས་སྒྲོན་མོ་ར་གིས་ ཟ་ཁང་བདག་འཛིན་འཐབ་དོ་ཡོདཔ་ད་ མོ་གི་ཨ་ལུ་ཚུ་གིས་ ཨིསི་ནུ་ཀར་ རྩེད་ཁང་འཛིན་སྐྱོང་འཐབ་དོ་ཡོདཔ་ཨིན་པས།
ཟ་ཁང་དེ་ནང་སྡོད་མི་ཚུ་ གསང་སྤྱོད་ཕྱི་ཁར་འགྱོ་དགོཔ་ལས་ གནམ་བྱཱར་ཆརཔ་རྒྱུན་ཆད་མེད་པར་རྐྱབ་པའི་སྐབས་ལུ་ ཁང་གླ་ཁར་སྡོད་མི་ཚུ་ལུ་ དཀའ་ངལ་སྦོམ་ར་ཐོན་དོ་ཡོདཔ་ཨིན་པས།
ཀརྨ་ཆོས་སྒྲོན་གྱིས་ སླབ་མིའི་ནང་ འཕྲལ་འཕྲལ་སྐབས་ ཟ་ཁང་ནང་སྡོད་མི་མང་སུ་འོང་དོ་ཡོདཔ་ལས་ ཁང་མིག་ལང་མ་ཚུགས་ནི་དེ་གིས་ བྱ་ཐབས་མེད་པར་ ལོག་བཏང་དགོ་པས་ཟེར་ཨིན་པས།
ཟ་ཁང་ནང་འོང་མི་ཚུ་ཡང་ མང་ཤོས་ རྒྱལ་ས་ལྟེ་བ་དང་ གཞན་ཁྲོམ་ཚུ་ནང་ལས་ ལྟ་སྐོར་ལུ་འོང་མི་ཚུ་ཨིནམ་ད་ མོ་གིས་བཤད་དོ་བཟུམ་འབད་བ་ཅིན་ ཟ་ཁང་ནང་ ཆང་གི་རིགས་ཚུ་ ཧ་ལམ་ ག་ར་ཐོབ་ཚུགསཔ་སྦེ་ མཁོ་སྒྲུབ་འབད་དེ་ཡོད་ཟེར་ཨིན་པས།
ཟ་ཁང་གི་ཇོ་བདག་གིས་ འཕྲལ་ཁམས་ཅིག་ཁར་ ཕག་གླིང་ཁྲོམ་གསར་པའི་ནང་ བཟོ་སྐྲུན་གྱི་ལཱ་འགོ་བཙུགས་ཡོདཔ་ད་ ཨམ་ཀརྨ་ཆོས་སྒྲོན་གྱིས་ སླབ་མིའི་ནང་ འོག་ཐོག་དང་ སྟེང་ཐོག་བརྩིས་ཏེ་ ཐོག་༣ འབད་མི་ སྒྲིང་ཁྱིམ་གྱི་བར་ཐོག་དང་ སྟེང་ཐོག་༢ ཟ་ཁང་གི་དོན་ལུ་ར་ བཟོ་བཀོད་འབད་ཡོདཔ་ལས་ བཟོ་སྐྲུན་གྱི་ལཱ་མཇུག་བསྡུ་བའི་བསྒང་ལས་ སྤུས་ཚད་དང་ལྡན་པའི་ ཟ་ཁང་ཐོབ་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
སྒྲིང་ཁྱིམ་དེ་ སྒྲུབ་ཞིནམ་ལས་ གཙང་སྦྲ་དང་ སྤུས་ཚད་ལྡན་པའི་ ཞབས་ཏོག་བྱིན་ཚུགས་ཟེར་ ཀརྨ་ཆོས་སྒྲོན་གྱིས་ བཤདཔ་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

No comments:

Post a Comment