གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གསོ་བའི་ གློ་བུར་མཁོ་ཆས་ཀྱི་ གྲོགས་རམ།

གསོ་བའི་ལས་རིམ་འགོ་དཔོན་ བཀྲིས་གྲུབ་པ་དང་ ཌོག་ཊར་ མགོ་གསར་སྤེན་པ་གིས་ གསོ་བའི་གློ་བུར་མཁོ་ཆས་ཚུ་གི་ གསལ་བཤད་འབད་བའི་བསྒང་།


༉ ཁ་ཙ་ འཛམ་གླིང་གསོ་བའི་ལས་འགུལ་གྱིས་ གསོ་བའི་ལྷན་ཁག་ལུ་ དངུལ་ཀྲམ་༢,༣༩༠,༨༢༠ གནས་པའི་ གསོ་བའི་གློ་བུར་མཁོ་ཆས་ཆ་ཚང་༥༡ གྲོགས་རམ་འབད་ཡོདཔ་ཨིན་པས།
གསོ་བའི་ལྷན་ཁག་གི་ གློ་བུར་གསོ་བའི་ ཞབས་ཏོག་སྡེ་ཚན་གྱིས་ གློ་བུར་དུ་ རྐྱེན་ངན་འབྱུང་བའི་སྐབས་ གསོ་བའི་ཉེན་སྲུང་དང་ གློ་བུར་གྲ་སྒྲིག་ཐོག་ལས་ ཆ་རོགས་དང་ སྲོག་སྐྱབས་འབད་ཚུགས་ནིའི་དོན་ལུ་ ལས་རིམ་འགོ་འདྲེན་འཐབ་ཡོདཔ་ད་ ལས་རིམ་དེ་ སྤྱི་ལོ་༢༠༡༡ ལུ་བཟོ་སྟེ་ འཛམ་གླིང་གསོ་བའི་ལས་འགུལ་ལུ་ ཕུལ་ཡོདཔ་ཨིན་པས།



ཐིམ་ཕུ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ལས་ ཌོག་ཊར་ མགོ་གསར་སྤེན་པ་གིས་ སླབ་མི་དང་འཁྲིལཝ་ད་ འཛམ་གླིང་གསོ་བའི་ལས་འགུལ་ལས་ གསོ་བའི་གློ་བུར་མཁོ་ཆས་ཆ་ཚང་ ཐོབ་མི་དེ་ རྒྱལ་ཁབ་ནང་ འགོ་དང་པ་ཨིན་ཟེར་ཨིནམ་ད་ ཕད་ཅུང་ནང་ཡོད་པའི་ ཅ་ཆས་མ་འདྲཝ་ཚུ་ ད་ལྟོ་ཚུན་ གསོ་བའི་ལྷན་ཁག་ནང་ མཁོ་སྒྲུབ་འབད་འབདཝ་མེད་ཟེར་ཨིན་པས།
གློ་བུར་གསོ་བའི་ཞབས་ཏོག་གི་ ལག་ཆས་ཆ་ཚང་ཚུ་ འཕྲལ་མགྱོགས་ར་ རྫོང་ཁག་ཚུ་ནང་ བགོ་བཀྲམ་འབད་ནི་ཨིནམ་ད་ དེ་ཡང་ རྫོང་ཁག་དང་ ས་གནས་ག་ཏེ་འབད་རུང་ གློ་བུར་གྱི་རྐྱེན་ངན་ དཔེ་འབད་བ་ཅིན་ སྣུམ་འཁོར་ཐུག་རྐྱེན་འབྱུང་བའི་སྐབས་ ནདཔ་ཚབས་ཆེན་ཐོན་མི་ཚུ་ སྲོག་སྐྱབས་འབད་ནིའི་དོན་ལུ་ ས་གོ་ནང་ར་ གསོ་བའི་འགོ་དཔོན་དང་ ཌོག་ཊར་ཚུ་གིས་ ཕད་ཅུང་ནང་ཡོད་པའི་ ཅ་ཆས་ཚུ་ ལག་ལེན་འཐབ་ཚུགས་ཟེར་ སླབ་ཨིན་པས།
གསོ་བའི་ལས་རིམ་འགོ་དཔོན་ བཀྲིས་གྲུབ་པ་གིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ ད་ལྟོ་ཚུན་ གློ་བུར་དུ་ སྣུམ་འཁོར་ཐུག་རྐྱེན་འབྱུང་བའི་སྐབས་ ནདཔ་ཚབས་ཆེན་ཚུ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དང་ རྫོང་ཁག་གི་ སྨན་ཁང་ཚུ་ནང་ བསྐྱལ་བར་འགྱོ་བའི་ལམ་ཁར་ ནདཔ་ལ་ལུ་ཅིག་ ཤི་རྐྱེན་བྱུང་དོ་ཡོདཔ་ལས་ སྲོག་སྐྱབས་འབད་ཚུགས་ནི་ལུ་ ལཱ་ཁག་རྐྱབ་མས་ཟེར་ཨིན་པས།
གལ་སྲིད་ སྣུམ་འཁོར་ཐུག་རྐྱེན་བྱུང་སའི་ ས་གོ་ཚུ་ནང་ ནདཔ་ཚབས་ཆེན་ཚུ་ཡོད་པ་ཅིན་ གསོ་བའི་གློ་བུར་མཁོ་ཆས་ཆ་ཚང་དེ་ དུས་ཡུན་གངམ་མ་འགོར་བར་ དེ་འཕྲོ་ལས་ ས་གོ་ནང་འབག་སོང་སྟེ་ ལག་ལེན་འཐབ་ཆོག་ཆོ་ཡོདཔ་ལས་ ཕན་ཐོགས་ཚུགས་པའི་ རེ་བ་ཡོད་ཟེར་བཤད་ཅི།
འཛམ་གླིང་གསོ་བའི་ལས་འགུལ་གྱིས་ འགོ་འདྲེན་ཐོག་ལས་ འཛམ་གླིང་རང་བཞིན་གནས་སྟངས་མཐུན་རྐྱེན་གྱིས་ ལོ་༣ གྱི་དོན་ལུ་ མ་དངུལ་ཡུ་ཨེསི་ཌོ་ལར་༤༦༡,༣༣༢ བྱིན་ཡོད་མི་ལས་ ད་ལྟོ་ ཡུ་ཨེསི་ཌོ་ལར་༤༣,༦༨༥.༨ གནས་པའི་མཁོ་ཆས་ཚུ་ མཁོ་བསྒྲུབས་འབད་ཡོད་པའི་ཁར་ མཁོ་ཆས་ཆ་ཚང་རེ་ལུ་ གོང་ཚད་ཡུ་ཨེསི་ཌོ་ལར་༨༦༥.༥༨༣ དང་ ཡང་ཅིན་ དངུལ་ཀྲམ་༤༦,༨༧༨.༧ གནས་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment