གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བུམོ་ཅུང་ཅིག་ སྦུལ་གྱིས་སོ་བཏབ་ཡོདཔ།



ཟླ་༣ པའི་ཚེས་༢༨།

༡༨/༥/༢༠༡༢

མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་ སྨན་བཅོས་འབད་བའི་བསྒང་ཡོད་མི་བུམོ་ཅུང་།
༉ མོང་སྒར་ལུ་ སྐྱེས་ལོ་ཕྱེད་དང་༣ ལང་མི་ བུམོ་ཅུང་ཅིག་ སྦུལ་གྱིས་ སོ་བཏབ་མི་ལུ་བརྟེན་ ད་རེས་ནངས་པ་ མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་ སྨན་བཅོས་འབད་བའི་བསྒང་ཡོདཔ་ད་ བྱུང་རྐྱེན་དེ་ སྤྱི་ཟླ་༥ པའི་ཚེས་༡༥ འི་དྲོ་པ་ ཆུ་ཚོད་༧ དེ་ཅིག་ལུ་ བར་སྤང་གཡུས་ཚན་ནང་ བྱུང་ཡོདཔ་ཨིན་པས།


དེ་བསྒང་ བུམོ་ཅུང་གི་ཨའི་དེ་ ཁོང་རའི་ཞིང་ནང་ གེ་ཟའི་གཡུར་མ་རྐྱབ་སར་ ལས་མི་དང་གཅིག་ཁར་ སོང་ཡོདཔ་ད་ སྦུལ་གྱིས་ སོ་བཏབ་པའི་སྐོར་ལས་ མོ་རའི་ ཨ་རྒས་ཀྱིས་ བརྡ་ལན་འབད་ཡོདཔ་ལས་ དེ་འཕྲོ་ལས་ སྨན་ཁང་ནང་བསྐྱལ་ཡོདཔ་ཨིན་པས།
བུམོ་ཅུང་གི་ཨའི་ ཀུན་དགའ་དབང་མོ་གིས་ སླབ་མིའི་ནང་ ཨ་རྟག་འབད་བ་ཅིན་ མོ་གི་ བུམོ་དང་འདྲན་འདྲ་འབད་མི་ ཁྱིམ་ཚང་གི་ ཨ་ལུ་ཚུ་ཡོདཔ་ལས་ ཁྱིམ་གྱི་མཐའ་འཁོར་ལུ་ རྩེདམོ་རྩེད་སྡོདཔ་ཨིན་ཟེར་ཨིནམ་ད་ ད་ལྟོ་ཚུན་ ཁྱིམ་གྱི་མཐའ་འཁོར་ལུ་ རྩ་ལས་ར་ སྦུལ་མཐོང་མ་མྱོང་ཟེར་ཨིན་པས།
བྱུང་རྐྱེན་གྱི་སྐབས་ལུ་ བུམོ་ཅུང་གི་ཨ་རྒས་དེ་ ཁྱིམ་གྱི་ ཉེ་འདབས་ལུ་ ནོར་ཚུ་ལུ་ ཆག་བྱིན་ནི་སྦེ་ སྡོད་ཅི་ཟེར་ཨིནམ་ད་ དེ་བསྒང་ བུམོ་ཅུང་དེ་གིས་ ཆབ་གསང་གཏང་པར་ འགྱོ་ནི་ཟེར་སླབ་སྟེ་ སོང་བའི་ཤུལ་ལུ་ སྐད་ཤུགས་སྦེ་རྐྱབ་སྟེ་ སྔུ་སར་མཐོང་ཡོདཔ་ལས་ དེ་འཕྲོ་ལས་ བལྟ་བར་འགྱོཝ་ད་ སྦུལ་མཐོང་ཡོདཔ་མ་ཚད་ བུམོ་ཅུང་གི་ལགཔ་ གཡས་པའི་མཐེ་བོངམ་གུ་ ཁྲག་དུམ་གྲ་ཅིག་ཐོན་ནུག་ཟེར་ ཨ་རྒས་ཡོང་བ་གིས་ ཀུན་གསལ་ལུ་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ བུམོ་ཅུང་དེ་གིས་ སྦུལ་མཐོང་པའི་སྐབས་ལུ་ མོ་ར་ འདྲོག་མ་ཤེསཔ་ལས་ ལགཔ་གིས་ དཀྲོགས་དཀྲོགསཔ་འོང་ནི་མས་ཟེར་ཨིནམ་ད་ མ་གཞི་ སྦུལ་གྱིས་ སོ་བཏབ་པའི་སྐབས་ལུ་ སོ་བཏབ་སའི་ རྨ་གི་མཐའ་མར་ ཐགཔ་གིས་བསྡམས་ཏེ་ དུག་འཇིབ་དགོཔ་ཨིན་ཟེར་ སླབ་སར་གོ་ཡོདཔ་ཨིན་རུང་ དེ་ཚེ་ ག་ལུ་ཡང་ དེ་བཟུམ་གྱི་ ཉམས་མྱོང་མེདཔ་ལས་  གཟུགས་རྩ་བདའ་སྟེ་ དུག་ཁྱབ་སྤེལ་མི་འགྱོ་ནིའི་དོན་ལུ་ རྨ་གི་མཐའམ་དེ་ ཐགཔ་གིས་བསྡམས་བཞག་ཅི་ཟེར་ཨིན་པས།
མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་གི་ ཨ་ལུའི་ཌོག་ཊར་ པུ་རུ་ བཱན་ད་རི་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ ཨ་ལུའི་ཁྲག་ བརྟག་དཔྱད་འབདཝ་ད་ གནས་སྟངས་ལེགས་ཤོམ་སྦེ་ར་ འདུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སྦུལ་གྱིས་སོ་བཏབ་པའི་ཤུལ་ལུ་ དུག་ཅན་ཨིན་ན་མེན་ན་ སྦུལ་དེ་ བརྟག་དཔྱད་འབདཝ་ད་རྐྱངམ་གཅིག་ ཤེས་ཚུགས་ནི་དང་ ཁྲག་གི་བརྟག་དཔྱད་འབད་ཞིནམ་ལས་ཡང་ ཤེས་ཚུགས་ཟེར་ཨིནམ་ད་ བུམོ་ཅུང་དེ་ ལེགས་ཤོམ་སྦེ་ དྲག་ཚུགས་ནི་མས་ཟེར་ཨིན་པས།
བར་སྤང་གཡུས་ཚན་ལས་ སྐྱེས་ལོ་༧༣ ལང་མི་ ཨ་རྒས་སངས་རྒྱས་ཀྱིས་ སླབ་མིའི་ནང་ སྦུལ་གྱིས་ སོ་བཏབ་པའི་སྐབས་ལུ་ རབ་འབྱུང་པ་ཅིན་ སྦུལ་དེ་ར་ གསད་ཞིནམ་ལས་ ཁོ་རའི་ཀླདཔ་དེ་ རྨ་ཁར་དབུར་བ་ཅིན་ དྲག་ཚུགས་ཟེར་ སླབ་པའི་ལོ་རྒྱུས་ གོ་ཡི་ཟེར་ཨིན་པས།
མོང་སྒར་ལུ་ སྦུལ་གྱིས་སོ་བཏབ་མི་ ལོ་རྒྱུས་དེ་ དུས་ཅིའི་ལོ་ནང་ འགོ་དང་པ་ཨིན་ཟེར་ ཨིན་པའི་གནས་ཚུལ།

བདེ་ཆེན་ཚེ་རིང་།

No comments:

Post a Comment