བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་དང་ གཞུང་ཚབ་ཚུ། |
ད་ལྟོ་ སྡེ་ཚན་དང་པ་ལྷོད་མི་ གཞུང་ཚབ་ཚུ་ རྒྱ་གར་དང་ བང་ལ་དེཤ་ལུ་ གཞི་བཙུགས་འབད་མི་ ཅི་ལི་དང་ ཀི་རི་གིས་ཏཱན་ མ་ལེ་ཤི་ཡ་ པེ་རུ་ རོ་མ་ནི་ཡ་ ལེ་བི་ནཱོན་ པེ་ལེསི་ཊ་ཡན་ པ་ཀིས་ཏཱན་ ཨཱཕ་ག་ནིས་ཏཱན་ ཀུ་ཝེཊ་ སའུ་དི་ཨ་ར་བི་ཡ་ དེ་ལས་ ཨོ་མཱན་རྒྱལ་ཁབ་ཀྱི་ གཞུང་ཚབ་ལས་ཁང་ཚུ་ལས་ཨིནམ་ད་ དེ་ཡང་ འབྲུག་གིས་ འཕྲལ་ཁམས་ཅིག་ཁར་ འགོ་བཙུགས་མི་ འབྲུག་རྒྱལ་གཞུང་གི་ ལྟ་སྐོར་ལས་རིམ་གྱི་ ཆ་ཤས་བཟུམ་ཅིག་ཨིན་པས།
ཁ་ཙ་ཉིན་མ་ གཞུང་ཚབ་ཚུ་གིས་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གི་ ཡིག་ཚང་ནང་ བཅར་བའི་སྐབས་ ཆ་མཉམ་གྱིས་ འདི་བཟུམ་མའི་ ལྟ་སྐོར་ལས་རིམ་ འགོ་བཙུགས་མི་དེ་ལུ་ རྒྱབ་སྐྱོར་དང་ གདོང་ལེན་སྦོམ་ཡོད་ཟེར་ ཞུ་ཡོདཔ་བཞིན་དུ་ བློན་ཆེན་གྱིས་འབད་བ་ཅིན་ གཞུང་ཚབ་ཚུ་གིས་ འབྲུག་ལུ་ ལཱ་ཁག་རྐྱབ་སྟེ་ འོང་མི་དེ་ལུ་ དགའ་ཚོར་ཡོདཔ་མ་ཚད་ སེམས་དགའ་ཡི་ཟེར་གསུངས་ཡི།
བློན་ཆེན་དང་ གཞུང་ཚབ་ཚུ་གིས་ གནད་དོན་སྣ་ཚོགས་ཀྱི་ནང་ལས་ གཙོ་བོ་ འབྲུག་གིས་ གཞུང་འབྲེལ་ཐོག་ དོན་གཅོད་མཐུན་ལམ་ བཟོ་དགོཔ་ཡོད་མི་ རྒྱལ་ཁབ་ཚུ་གི་དོན་ལུ་ མཐུན་ལམ་རྩ་བརྟན་བཟོ་ནིའི་སྐོར་ལས་ གསུང་གྲོས་གནང་ཡོདཔ་ཨིན་པས།
དབུ་ཁྲིདཔ་ཚུ་གིས་ འབྲུག་གིས་ སྤྱི་ཟླ་༤ པའི་ཚེས་༢ ལུ་ ནིའུ་ཡོག་ལུ་སྦེ་ དགའ་སྐྱིད་ཀྱི་ ཞལ་འཛོམས་འགོ་འདྲེན་འཐབ་མི་དང་ ཤུལ་ལས་འཚོག་ནི་ཨིན་མི་ རིའོ་ཞལ་འཛོམས་ དེ་ལས་ འབྲུག་གི་གོང་འཕེལ་གྱི་གཞི་རྩ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་སྐོར་ལས་ གསུང་གྲོས་ཚུ་ གནང་ཡོད་པའི་གནས་ཚུལ།
No comments:
Post a Comment