གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩི་རང་ལུ་ ཕོ་སྐྱེས་ཅིག་གིས་ སྐུ་རྟེན་ཚུ་ གཏོར་བཤིག་ བཏང་ཡོདཔ།

གཏོར་བཤིག་བཏང་མི་ སྒྲོལ་མའི་སྐུ་འདྲ།

༉ སྐྱེས་ལོ་༡༩ ལང་མི་ ཕོ་སྐྱེས་ཅིག་གིས་ ལྷ་ཁང་ནང་གི་ སྐུ་རྟེན་ཚུ་ གཏོར་བཤིག་བཏང་མི་ལུ་བརྟེན་ ད་ལྟོ་ རྩི་རང་རྫོང་ཁག་ཁྲིམས་ཀྱི་འདུན་སར་ ཉེས་བཤེར་འབད་བའི་བསྒང་ཡོདཔ་ཨིན་པས།
དེ་ཡང་ རང་ཐང་གླིང་རྒེད་འོག་ དར་རྒྱས་ཐང་གཡུས་ཚན་ལས་ཨིན་མི་ ཉེས་དོགས་ཅན་གྱིས་ སྤྱི་ཟླ་༤ པའི་ཚེས་༢༢ ཀྱི་ཕྱི་རུ་ དཀྱིལ་འཁོར་ཐང་རྒེད་འོག་ མ་འགྱུར་ལྷ་ཁང་ནང་འཛུལ་ཏེ་ གསར་བཞེངས་འབད་མི་ ཚེ་དཔག་མེད་ཀྱི་སྐུ་ཕིཊ་༥ འབད་མི་ཅིག་དང་ ཕིཊ་༤ དང་ཨིན་ཅི་༥ འབད་མི་ སྒྲོལ་མའི་སྐུ་ཅིག་ དེ་ལས་ ཕིཊ་༤ དང་ཨིན་ཅི་༥ འབད་མི་ རྣམ་རྒྱལ་མ་སྐུ་གསུམ་ཆ་ར་ མེདཔ་བཏང་ཡོདཔ་ཨིན་པས།




ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ དེ་ཚེ་ཉིན་མར་ གྲོང་གསེབ་ཀྱི་ མི་སེར་༢ ཁོང་རའི་གཡུས་སྒོ་ནང་ གཉེན་སྦྱོར་གྱི་ རྟེན་འབྲེལ་ཅིག་ནང་ འགྱོ་བའི་སྐབས་ མ་འགྱུར་བ་ལྷ་ཁང་གི་ ཉེ་འདབས་ལུ་ལྷོདཔ་ད་ ལྷ་ཁང་གི་ནང་ན་ལས་ གཏོར་བཤིག་འབད་པའི་ སྐད་གོ་ནུག་ཟེར་ཨིན་པས།
དེ་ལས་ ཁོང་༢ ཀྱིས་ ལྷ་ཁང་གི་ སྒོ་ཅུང་ནང་ལས་ གཡིབ་སྟེ་བལྟཝ་ད་ ཁོང་ཁྲོ་ལང་མི་ ཕོ་སྐྱེས་དེ་གིས་ སྐུ་རྟེན་ཚུ་ གཏོར་བཤིག་བཏང་སྟེ་ གློག་ཐག་ཚུ་ འཐེན་སྡོད་སར་མཐོངམ་ལས་ དེ་འཕྲོ་ལས་ མ་འགྱུར་བ་ཚོགས་པ་ལུ་ སྙན་ཞུ་འབད་དེ་ དཀྱིལ་འཁོར་ཐང་རྒཔོ་གིས་སྦེ་ ཁྲིམས་སྲུང་འགག་པ་འབོ་པའི་ཤུལ་ལུ་ ཕོ་སྐྱེས་དེ་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཉེས་དོགས་ཅན་གྱིས་ ཁྲིམས་སྲུང་འགག་པ་ལུ་ སླབ་མིའི་ནང་ སྤྱི་ཟླ་༤ པའི་ཚེས་༢༢ ཀྱི་ཕྱི་རུ་ ཁོ་གིས་ ལྷ་ཁང་ནང་ ཏི་རུ་ཡོདཔ་འོང་མནོ་སྟེ་ ལྷ་ཁང་གི་ སྒོ་ཅུང་ནང་ལས་སྦེ་ ནང་ན་འཛུལ་ཡོདཔ་ཨིན་རུང་ རྒྱུ་དངོས་ག་ཅི་ཡང་མེདཔ་ལས་ ཁོ་ར་ ཁོང་ཁྲོ་ལང་སྟེ་ ལྷ་ཁང་ནང་གི་ སྐུ་རྟེན་ཚུ་ ཆ་མཉམ་ར་ མེདཔ་བཏང་ཡོདཔ་མ་ཚད་ གློག་ཐག་ཚུ་ཡང་ འཐེན་བཏང་ཡི་ཟེར་ཨིནམ་ད་ དེ་བསྒང་ ཁོ་ར་ ཆང་འགྲངས་ཡོད་ཟེར་ ངག་བརྗོད་ནང་བཀོག་ནུག།
ཁོ་གིས་འབད་བ་ཅིན་ གློག་ཐག་ཚུ་ ཁོ་གི་ བྱ་གསོ་སྐྱོང་ཁང་ནང་ གློག་མེ་བཏེག་ནིའི་དོན་ལུ་ ལག་ལེན་འཐབ་བཏུབ་ནི་མས་མནོ་སྟེ་ འཐེན་བཏང་ཡི་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ སྐུ་རྟེན་གཏོར་བཤིག་བཏང་མི་ཚུ་ མ་དངུལ་དངུལ་ཀྲམ་༢༤༧,༠༥༠ ཐོག་ལས་ གསར་བཞེངས་འབད་ཡོདཔ་མ་ཚད་ གློག་ཐག་ཚུ་ དངུལ་ཀྲམ་༡༠༠,༠༠༠ ཟད་འགྲོ་བཏང་ཐོག་ལས་ བཙུགས་ནུག་ཟེར་ཨིནམ་ད་ ཕོ་སྐྱེས་དེ་གིས་ སྐུ་རྟེན་ཚུ་ སྐམ་ནིའི་ཕན་ཐབས་ལུ་ ནང་ན་རླུང་མ་འཛུལ་ནིའི་དོན་ལུ་ སྒོ་ཅུང་ཅིག་ ཕྱེས་བཞག་མི་ལས་ འཛུལ་ནུག་ཟེར་ ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པས།
ཕོ་སྐྱེས་དེ་ དཀྱིལ་འཁོར་ཐང་རྒེད་འོག་ཡིག་ཚང་གི་འོག་ལུ་ སྡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment