གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གསོ་བའི་གཞི་རྟེན་སྦྱོང་བརྡར།

མོང་སྒར་གླིང་མེད་ཐང་ལུ་ གྲོང་གཡུས་སྨན་པ་གསརཔ་ཚུ་ལུ་ 
གསོ་བའི་གཞི་རྟེན་སྦྱོར་བརྡར་ འགོ་འདྲེན་འཐབ་པའི་བསྒང་། 
༉ མོང་སྒར་གླིང་མེད་ཐང་ལུ་ བདུན་ཕྲག་༡ གི་རིང་ གྲོང་གཡུས་སྨན་པ་གསརཔ་ཚུ་ལུ་ གསོ་བའི་གཞི་རྟེན་སྦྱོར་བརྡར་ འགོ་འདྲེན་འཐབ་མི་དེ་ ཁ་ཙ་ མཇུག་བསྡུ་ཡི།
སྦྱོང་བརྡར་ནང་ བཅའ་མར་གཏོགས་མི་ འཇིགས་མེད་རྡོ་རྗེ་གིས་ སླབ་མིའི་ནང་ གཡུས་སྒོའི་མི་ཚུ་ ན་ཚ་རེ་བྱུངམ་ད་ སྨན་ཁང་ཐག་རིང་ནི་དེ་གིས་ དུས་ཡུན་ཆུ་ཚོད་༢ དེ་ཅིག་ ལམ་འགྱོ་དགོཔ་ལས་ དཀའ་ངལ་སྦོམ་ཡོད་ཟེར་ཨིན་པས།



ད་ལས་ཕར་ ཁོ་གིས་ གཡུས་ཚན་ནང་ར་ སྨན་གྱི་མཐུན་རྐྱེན་ཚུ་ བྱིན་ཚུགས་ནི་ཨིནམ་ལས་ མི་སེར་ཚུ་ལུ་ ཕན་ཐོགས་འབྱུང་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
མོང་སྒར་སྐྱིད་བདེ་མཁར་བཤད་གྲྭ་ལས་ སྐྱེས་ལོ་༡༦ ལང་མི་ ཨྱོན་ཚེ་རིང་གིས་ སླབ་མིའི་ནང་ བཤད་གྲྭ་དང་ གྲྭ་ཚང་ནང་ དེ་བཟུམ་གྱི་ གསོ་བའི་སྦྱོང་བརྡར་ཚུ་ བྱིན་དགོཔ་འདུག་ཟེར་ཨིནམ་ད་ དེ་ཡང་ ཐ་ན་ མགུ་ཏོ་ཅིག་ན་རུང་ སྨན་ཁང་ནང་ འགྱོ་དགོཔ་ལས་བརྟེན་ དུས་ཚོད་ཐོབ་མ་ཚུགས་པའི་ དཀའ་ངལ་བྱུངམ་མས་ཟེར་ཨིན་པས།
འབྲས་སྤུངས་ལས་ བསོད་ནམས་ཆོས་སྒྲོན་གྱིས་ སླབ་མིའི་ནང་ ད་ལས་ཕར་ གྲོང་གསེབ་ཚུ་ནང་ འཕྲོད་བསྟེན་ཡར་དྲག་ གཏང་ནིའི་དོན་ལས་ མི་སེར་ཚུ་ལུ་ གོ་བ་བརྡ་སྤྲོད་འབད་ནི་ཨིནམ་མ་ཚད་ ནད་གཞི་ཚུ་གི་སྐོར་ལས་ཡང་ གསལ་བཤད་འབད་ནིའི་ རེ་བ་ཡོད་ཟེར་ཨིན་པས།
སྦྱོང་བརྡར་འགོ་འདྲེན་པ་ རྫོང་ཁག་གསོ་བའི་འགོ་དཔོན་འོག་མ་ བདེ་སྐྱིད་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ དེ་བཟུམ་གྱི་ སྦྱོང་བརྡར་འགོ་འདྲེན་འཐབ་དགོ་པའི་ དམིགས་དོན་དེ་ཡང་ གྲོང་གསེབ་ཚུ་ནང་ གསོ་བའི་ཞབས་ཏོག་ཚུ་ ལེགས་ཤོམ་སྦེ་ སྤྲོད་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
རྫོང་ཁག་གསོ་བའི་ལས་ཚན་གྱིས་ འགོ་འདྲེན་འཐབ་མི་ སྦྱོང་བརྡར་ནང་ གྲོང་གཡུས་སྨན་པ་༢༣ གྱིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ མོང་སྒར་རྫོང་ཁག་ནང་ གྲོང་གཡུས་སྨན་པ་བསྡོམས་༡༢༦ དེ་ཅིག་ ཡོདཔ་ཨིན་པའི་གནས་ཚུལ།

བདེ་ཆེན་ཚེ་རིང་།

No comments:

Post a Comment