ཟླ་༣ པའི་ཚེས་༢༨།
༡༨/༥/༢༠༡༢
གོ་བསྡུར་ཞལ་འཛོམས་ནང་ བཅའ་མར་གཏོགས་མི་ཚུ། |
སྤྱི་ཟླ་༥ པའི་ཚེས་༡༤ ལས་ འགོ་བཙུགས་མི་ཞལ་འཛོམས་དེ་ནང་ རང་བཞིན་ཐོན་སྐྱེད་མཐོ་རིམ་སློབ་གྲྭ་དང་ ཟ་སྤྱོད་དང་སོ་ནམ་ལས་སྡེ་ སོ་ནམ་དང་ནགས་ཚལ་ལྷན་ཁག་འོག་གི་ འཆར་གཞི་དང་ སྲིད་བྱུས་སྡེ་ཚན་ ནགས་ཚལ་དང་ གླིང་ཁ་ཞབས་ཏོག་ལས་ཁུངས་ སོ་ནམ་ཚོང་འབྲེལ་དང་ མཉམ་འབྲེལ་ལས་ཁུངས་ འབྲུག་རང་བཞིན་སླར་འབྱུང་ཐོན་སྐྱེད་ཞིབ་འཚོལ་ཚོགས་སྡེ་ རྒྱལ་ཡོངས་སྐྱེ་ལྡན་རིགས་སྣ་ལྟེ་བ་དང་ སྒོ་ནོར་ལས་ཁུངས་ནང་ལས་ འགོ་དཔོན་༢༧ གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
གོ་བསྡུར་ཞལ་འཛོམས་ནང་ འགོ་དཔོན་ཚུ་གིས་ སྒོ་ནོར་དང་འབྲེལ་བའི་ ཟ་སྤྱོད་དང་ ཟས་བཅུད་ཉེན་སྲུང་ དབུལ་ཕོངས་མར་ཕབ་ རང་བཞིན་ཐོན་སྐྱེད་ཚུ་ ཡུན་བརྟན་གནས་ཐབས་ལུ་ལག་ལེན་ ཕོ་མོ་ གནམ་གཤིས་འགྱུར་བགྲོད་དང་ རང་བཞིན་ཐོན་སྐྱེད་ཁྱད་ཆོས་ཚུ་ལུ་དམིགས་གཏད་ཅན་གྱི་ སྲིད་བྱུས་ཚུ་གི་སྐོར་ལས་ གྲོས་བསྡུར་ཚུ་འབདཝ་ཨིན་པས།
སྒོ་ནོར་ལས་ཁུངས་ འགོ་དཔོན་ཚུ་གིས་འབད་བ་ཅིན་ སྲིད་བྱུས་ཚུ་ཡང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་ལུ་ ཟ་སྤྱོད་དང་ ཟས་བཅུད་ཡུན་བརྟན་ མི་སྡེ་དཔལ་འབྱོར་ ལམ་སྲོལ་གོང་འཕེལ་ཚུ་ལུ་ གཞི་བཞག་ཐོག་ལས་ཨིན་ཟེར་ཨིན་པས།
སྒོ་ནོར་ལས་ཁུངས་ཀྱི་ སྒོ་ནོར་འགོ་དཔོན་ ཀརྨ་བསྟན་འཛིན་གྱིས་ སླབ་མིའི་ནང་ ད་ཚུན་ལུ་ རྒྱལ་ཁབ་ནང་ སྒོ་ནོར་དང་འབྲེལ་བའི་ སྲིད་བྱུས་གཏན་འཁེལ་ཅིག་མེད་ཟེར་ཨིན་པས།
ད་ལས་ཕར་ རྫོང་ཁག་དང་ རྒེད་འོག་ཚུ་ནང་ལས་ཕར་ འབྲེལ་ཡོད་འགོ་དཔོན་ཚུ་དང་གཅིག་ཁར་ རིམ་པ་བཞིན་དུ་ གྲོས་བསྟུན་ཚུ་འབད་ཞིནམ་ལས་ རྒྱལ་ཡོངས་ཀྱི་གཙོ་རིམ་ཅན་གྱི་སྲིད་བྱུས་ལུ་ གཞི་བསྒྱུར་འབད་ནི་ཨིན་ཟེར་ བཤདཔ་ཨིན་པའི་གནས་ཚུལ།
ཚེ་རིང་རྣམ་རྒྱལ།
No comments:
Post a Comment