ལས་གཡོག་བློན་པོ་ རྡོ་རྗེ་དབང་ཕྱུག་གིས་ ལཱ་གཡོག་བརྡ་དོན་འཕྲུལ་ཆས་ འགོ་འབྱེད་འབད་བའི་བསྒང་། |
ལཱ་གཡོག་ལས་ཁུངས་དང་གཅིག་ཁར་ ཐོ་བཀོད་འབད་དེ་ཡོད་མི་ ལཱ་གཡོག་འཚོལ་མི་ཚུ་གིས་ རང་སོའི་ འགྲུལ་འཕྲིན་མོ་བཱ་ཡེལ་ཐོག་ལས་ བརྒྱུད་འཕྲིན་ཨང་༡༢༨ ཨེབ་སྟེ་ ལཱ་གཡོག་ཐོབ་མ་ཐོབ་ཀྱི་ དྲི་བཀོད་འབད་ཚུགས་ནི་ཨིན་པས།
ཨེསི་ཨེམ་ཨེསི་འཕྲིན་དོན་ཞབས་ཏོག་དེ་ ལཱ་གཡོག་འཚོལ་མི་ཚུ་གིས་ རང་སོའི་ འགྲུལ་འཕྲིན་ཐོག་ལས་ ལཱ་གཡོག་དང་འབྲེལ་བའི་ དོགས་སེལ་འབད་ནིའི་དོན་ལུ་ དྲི་བཀོད་ཚུ་ བརྒྱུད་འཕྲིན་ཨང་གྲངས་༢༢༤༤ གི་ཐོག་ལུ་ འཕྲིན་དོན་བསྐྱལ་བཏངམ་ད་ དེ་འཕྲོ་ལས་ འཕྲིན་དོན་འཐོབ་ཚུགས་ནི་ཨིན་པས།
དེ་ལས་ ཨེམ་པོ་ལོའི་མེན་ ཀིའོ་སིཀི་གི་ཞབས་ཏོག་བཙུགས་མིའི་ཐོག་ལས་ ལཱ་གཡོག་འཚོལ་མི་ཚུ་གིས་ ལཱ་གཡོག་གི་ས་སྟོང་དང་ དྲི་བ་དྲིས་ལན་གྱི་གྲུབ་འབྲས་ སྦྱོང་བརྡར་གྱི་གསལ་བསྒྲགས་ ལཱ་གཡོག་གི་གོ་སྐབས་ དེ་ལས་ ཞབས་ཏོག་གཞན་ཡང་ འཐོབ་ཚུགས་ནི་ཨིན་པས།
མོ་བཏབ་ཀྱི་དོན་ལུ་ ད་ལྟོ་ འཕྲུལ་ཆས་༥ གཞི་བཙུགས་འབད་མི་ཚུ་ཡང་ ཇི་ཊུ་ སི་གི་ མ་དངུལ་གྲོགས་རམ་ཐོག་ལས་ ཉོ་བསྒྲུབས་འབད་ཡོདཔ་ད་ ལཱ་གཡོག་གི་ འགོ་དཔོན་ཚུ་དང་འཁྲིལཝ་ད་ རྒྱལ་ས་ལྟེ་བ་ལུ་ ཉེན་སྲུང་དང་ལྡན་པའི་ས་ཁོངས་ཚུ་ནང་ འཕྲུལ་ཆས་༣ གཞི་བཙུགས་འབད་ནི་ཨིན་པའི་ཁར་ འཕྲུལ་ཆས་༢ ལུང་ཕྱོགས་ཡིག་ཚང་ཚུ་ནང་ གཞི་བཙུགས་འབད་ནི་ཟེར་ཨིན་པས།
ལཱ་གཡོག་སྡེ་ཚན་ནང་ལས་ བརྡ་དོན་འཕྲུལ་རིག་གི་འགོ་འཛིན་ སེངྒེ་རྡོ་རྗེ་གིས་ སླབ་མིའི་ནང་ ཞབས་ཏོག་དེ་གིས་ ན་གཞོན་ལཱ་གཡོག་འཚོལ་མི་ཚུ་ རྐང་བཙུགས་འབད་ ལྷན་ཁག་ནང་འོང་མ་དགོ་པར་ རང་སྡོད་ས་ལས་ ལཱ་གཡོག་དང་འབྲེལ་བའི་ཞབས་ཏོག་ཚུ་ ཐད་ཀར་དུ་ བྱིན་ནིའི་དོན་ལུ་ཨིན་ཟེར་བའི་གནས་ཚུལ།
ཚེ་རིང་རྣམ་རྒྱལ།
No comments:
Post a Comment