གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྦྱོང་བརྡར་ཐེངས་༢ པ་མཇུག་བསྡུ་ཡོདཔ།

གཙུག་ལག་སློབ་དཔོན་ བསམ་གཏན་རྡོ་རྗེ་དང་ སྦྱོང་བརྡར་མཇུག་བསྡུ་མི་ དགེ་འདུན་སློབ་གྲྭའི་ སློབ་དཔོན་ཚུ།
༢༤/༥/༢༠༡༢

༉  ཐིམ་ཕུ་བདེ་ཆེན་ཕོ་བྲང་ གཞི་རིམ་སློབ་གྲྭ་ལྟེ་བ་ནང་སྦེ་ སྤྱི་ཟླ་༥ པའི་ཚེས་༩ ལས་འགོ་བཙུགས་མི་ གཞུང་གྲྭ་ཚང་གི་ གཞི་རིམ་སློབ་གྲྭའི་སློབ་དཔོན་གྱི་དོན་ལུ་ སྦྱོང་བརྡར་ཐེངས་༢ པ་འགོ་འདྲེན་འཐབ་མི་དེ་ ཁ་ཙ་མཇུག་བསྡུ་ཡོདཔ་ཨིན་པས།



བདུན་ཕྲག་༢ ཀྱི་སྦྱོང་བརྡར་ནང་ སྤུང་ཐིམ་གཞུང་གྲྭ་ཚང་མ་རྩིས་བར་ རྒྱལ་ཁབ་ནང་འཁོད་ཀྱི་ རབ་སྡེ་གྲྭ་ཚང་༡༨ དང་ དགེ་འདུན་སློབ་གྲྭ་ཁག་ཚུ་ནང་ལས་ སློབ་དཔོན་ཞལ་གྲངས་༥༠ གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
སྦྱོང་བརྡར་ཐེངས་དང་པ་ ན་ཧིང་ སྤྱི་ཟླ་༤ པའི་ནང་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ དུས་ཅི་ཡང་ ན་ཧིང་གི་འཕྲོ་མཐུད་སློབ་སྦྱོང་འབད་མི་ཚུ་ཨིནམ་ད་ ལོ་ཤུལ་མམ་ལས་ སྡེ་ཚན་གསརཔ་ཚུ་ལུ་ སློབ་སྦྱོང་བྱིན་ནི་ཨིན་པས།
གྲྭ་ཚང་ལྷན་ཚོགས་ཀྱི་ རྒྱབ་སྐྱོར་མ་དངུལ་ཐོག་ལས་ གཞུང་གྲྭ་ཚང་དང་ གྲྭ་ཚང་ཆོས་རྒྱུགས་བཀོད་ཚོགས་༢ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་མི་སྦྱོང་བརྡར་ནང་ ཆོ་གའི་གདངས་དབྱངས་དང་ དུང་དང་ རྒྱ་གླིང་ དེ་ལས་ རོལ་མོ་ཚུ་དང་ ཆོས་རྒྱུགས་ཀྱི་སློབ་ཚན་ནང་ དཔེ་ཆ་སྟོན་ཐངས་ སྐུགས་ཚད་བྱིན་ཐངས་ཚུ་གི་སྐོར་ལས་ཡང་ སྦྱོང་བརྡར་བྱིན་ཡོདཔ་ཨིན་པས།
གཞུང་གྲྭ་ཚང་གི་ གཙུག་ལག་སློབ་དཔོན་ བསམ་གཏན་རྡོ་རྗེ་གིས་ གསུངས་མིའི་ནང་  ལས་རིམ་དེ་ནང་ ཆོ་ག་ཕྱག་ལེན་དང་ གདངས་དབྱངས་ཀྱི་རིམ་པ་ཚུ་ གྲྭ་ཚང་ནང་གི་ བླམ་དང་སློབ་དཔོན་ མཁས་མཆོག་རྒས་ཤོས་དག་པ་ཅིག་ལས་ དོགས་སེལ་དང་ ལེགས་བཅོས་འབད་ཐོག་ལས་ གཅིག་མཚུངས་བཟོ་ནི་དང་ དུས་མཐུན་གྱི་སྒྲིག་ལམ་ཚུ་སྟོན་ཐོག་ལས་ ལམ་སྲོལ་གོང་འཕེལ་གཏང་ནི་ལུ་ དམིགས་ཏེ་ཨིན་ཟེར་ཨིན་པས།
སྦྱོང་བརྡར་དེ་ ད་ལས་ཕར་ ལོ་བསྟར་གྱི་ལས་རིམ་བཟུམ་ཅིག་སྦེ་ འགོ་འདྲེན་འཐབ་ནིའི་འཆར་གཞི་ཡོད་ཟེར་ གཙུག་ལག་སློབ་དཔོན་མཆོག་གིས་ གསུངས་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

No comments:

Post a Comment