༉ གནས་ཚང་དང་ རྨགཔ་གཉིས་ཀྱིས་ ཏམ་ཁུ་ཚོང་འབྲེལ་འཐབ་མི་ལུ་བརྟེན་ གཞལམ་སྒང་ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
གཞལམ་སྒང་ལས་ གནས་ཚུལ་བསྐྱལ་མི་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཕོ་སྐྱེས་དང་ གནས་ཚང་དེ་གིས་ ཁྲོམ་ཁར་ ཏམ་ཁུ་བཙོང་དོ་ཡོད་པའི་སྐོར་ལས་ བདུན་ཕྲག་དག་པ་ཅིག་གི་ཧེ་མ་ལས་ གསང་བའི་སྙན་ཞུ་ལྷོད་ཡོད་རུང་ ངེས་བདེན་དབྱེ་དཔྱད་འབད་ནིའི་དོན་ལུ་ སྤྱི་ཟླ་༥ པའི་ཚེས་༡༨ ལུ་ ཁྲིམས་སྲུང་འགག་པ་གིས་ ཚོང་དཔོན་ཨམ་དེ་ལུ་ མགུ་འབྱིད་རྐྱབ་ནིའི་ཐབས་ལམ་སྟོན་དགོ་པའི་སྐོར་ལས་སླབ་ད་ ཉེན་མ་བཏུབ་མི་ལུ་བརྟེན་ རྫོང་ཁག་ཁྲིམས་འདུན་ལས་ འཚོལ་ཞིབ་འབད་ཆོག་པའི་ གནང་བ་ལེན་ཏེ་ དེ་ཚེ་ར་ འཚོལ་ཞིབ་འབདཝ་ད་ ཚོང་ཁང་དང་ ཁོང་ར་སྡོད་སའི་ཁྱིམ་ནང་ལས་ ཏམ་ཁུ་ བ་བ་ཤོག་སྒམ་༡༡༢ དང་ སི་ག་རེཊ་ཤོག་སྒམ་༨༣ ཐོབ་ཡོདཔ་ཨིན་པས།
གནས་ཚུལ་བཤད་མི་གིས་ སླབ་དོ་བཟུམ་འབད་བ་ཅིན་ གནས་ཚང་དང་ རྨགཔ་གིས་ དྲིས་བསྟུན་འབད་མི་ལུ་ ངོས་ལེན་འབད་མ་བཏུབ་མི་ལུ་བརྟེན་ འཚོལ་ཞིབ་འབད་དགོཔ་བྱུང་ཡོདཔ་ལས་ ཉེས་བྱ་ཚུ་ཏམ་ཁུ་གི་ཁྲིམས་ལུགས་དང་འཁྲིལ་ཏེ་ཕོག་འོང་ཟེར་ཨིན་པས།
བཟའ་ཚང་དེ་གིས་ ཏམ་ཁུ་ཚུ་ ཁོང་གི་མེན་ཟེར་སླབ་སྟེ་ ཧེ་མ་ཚར་ཅིག་ཁ་བཟེད་མ་བཏུབ་རུང་ ཏམ་ཁུའི་རིགས་ཚུ་ ཁོང་རའི་ཚོང་ཁང་དང་ སྡོད་ཁྱིམ་ནང་ལས་ཐོན་ནི་དེ་གིས་ བྱ་ཐབས་མེད་པར་ ཁ་བཟེད་དགོཔ་བྱུང་ཡོདཔ་ད་ རྫོང་ཁག་ནང་ལཱ་འབད་མི་རྨགཔ་དེ་ ཉེས་ལས་སྙན་ཞུ་མ་འབད་མི་དང་ གནས་ཚང་ལུ་ཆ་རོགས་འབད་བའི་ ཉེས་འཛུགས་ཕོག་ནི་ཨིན་པས།
ཁོང་བཟའ་ཚང་གཉིས་ མི་གཞན་ཅིག་གི་ ཆོག་ཐམ་གུ་ གཞལམ་སྒང་ཁྲོམ་ཁར་ ཆང་ཁང་དང་ སྣ་ཚོགས་ཚོང་ཁང་བཙུགས་སྡོད་མི་ཨིནམ་ད་ ད་ལྟོ་ཁོང་གཉིས་ཆ་ར་ དོ་དམ་འོག་ལུ་བཞག་ཡོདཔ་ཨིན་པས།
ཉེས་འཛུགས་ཕོག་མི་གཉིས་ལུ་ ཁྱིམ་གྱི་ཇོ་བདག་གིས་ ཧེ་མ་ལས་ བྱ་ངན་འབདཝ་ཨིནམ་ཤེས་ཏེ་ ཏམ་ཁུ་ཚུ་ མ་བཙོང་ཟེར་སླབ་རུང་ ཉེན་མ་བཏུབ་ཟེར་ཨིནམ་ད་ གནད་དོན་དེ་གི་སྐོར་ལས་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་བསྒང་ཡོད་རུང་ ཏམ་ཁུའི་བཅའ་ཁྲིམས་དང་འཁྲིལ་ ཉེས་ཁྲིམས་ཕོག་ནི་ཨིན་པའི་གནས་ཚུལ།
བཀྲ་ཤིས་བསྟན་འཛིན།
No comments:
Post a Comment