གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚུལ་མཐུན་ལག་ལེན་མེད་པའི་ དངུལ་འབོར་ཚུ་ ངེས་བདེན་མེན་པའི་མངོན་གསལ།


སྣུམ་འཁོར་༡,༢༡༢ དེ་ཅིག་གི་ ཡིག་ཆ་ཚུ་ ལོ་ངོ་༥ ལས་༢༠ ཚུན་ བསྐྱར་གསོ་མ་འབད་བར་ ལུས་མི་ལུ་བརྟེན་ དངུལ་ཀྲམ་ས་ཡ་༥༡.༦ ལྷགཔ་ཅིག་ ཆད་ཐོན་ཡོདཔ་ཨིན་པས།


༉ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ སྤྱི་ལོ་༢༠༡༡ ལོའི་ རྩིས་ཞིབ་སྙན་ཞུའི་ནང་ གཞུང་གི་ལྷན་ཁག་ཚུ་གི་གྲས་ལས་ ཚུལ་མཐུན་ལག་ལེན་མ་འཐབ་པའི་ དངུལ་འབོར་མཐོ་ཤོས་ བརྡ་དོན་དང་ བརྒྱུད་འབྲེལ་ལྷན་ཁག་ཨིནམ་སྦེ་ གསལ་བཀོད་འབད་མི་དེ་ ཚུལ་ལྡན་མེན་པས་ཟེར་ ལྷན་ཁག་གི་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
འག་དཔོན་ཚུ་གིས་འབད་བ་ཅིན་ དངུལ་འབོར་གྱི་ གྱངས་ཁ་ཚུ་ ཐབས་ལམ་མགུ་རྙོགས་དྲགས་སྦེ་ གསལ་བཀོད་འབད་ནི་དེ་གིས་ ཚུལ་མིན་ལག་ལེན་རྒྱ་ཆེར་དང་ དངུལ་གྱི་འབོར་ཚད་ཡང་ མཐོ་སུ་སྦེ་ གསལ་སྟོན་འབདཝ་ལས་ སྤྱིར་བཏང་གི་ སྣང་བ་ལུ་ དཀའ་ངལ་སྦོམ་སྦེ་ མཐོངམ་མས་ཟེར་ཨིན་པས།



ལྷན་ཁག་གིས་ གཞུང་འབྲེལ་ཐོག་ལས་ དོགས་སེལ་འབད་མི་དེ་ཡང་ རྩིས་ཞིབ་སྙན་ཞུའི་ནང་ བརྡ་དོན་དང་ བརྒྱུད་འབྲེལ་ལྷན་ཁག་གི་འོག་ལུ་ ཚུལ་མིན་ལག་ལེན་གྱི་ རྩིས་སྒྲིག་མ་འབད་བར་ དངུལ་ཀྲམ་ས་ཡ་༢༣༤.༦ ལུས་མི་དེ་ ལྷན་ཁག་༡༠ གྱི་གྲས་ལས་ དངུལ་འབོར་མཐོ་ཤོས་ཅིག་ཨིནམ་སྦེ་ གསལ་བཀོད་འབད་ནི་དེ་གིས་ཨིན་པས།
འོང་འབབ་ཚུལ་མིན་འཛིན་སྐྱོང་ནང་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱི་འོག་ལུ་ དངུལ་ཀྲམ་ས་ཡ་༡༤༦.༦ རྩིས་སྒྲིག་མ་འབད་བར་ཡོད་མི་དང་ ཞི་བའི་མཁའ་འགྲུལ་ལས་ཁུངས་ཀྱིས་ དངུལ་ཀྲམ་ས་ཡ་༥༧.༧ ལག་ལེན་མ་འཐབ་པར་ཡོད་མི་དེ་ མཐོ་ཤོས་ཅིག་ཨིནམ་སྦེ་ རྩིས་ཞི་ནང་ གསལ་བཀོད་འབད་ནུག།
བརྡ་དོན་དང་ བརྒྱུད་འབྲེལ་ལྷན་ཁག་གི་དྲུང་ཆེན་ དྲགོས་ཀུན་ལེགས་རྡེ་རྗེ་གིས་ སླབ་མིའི་ནང་ གོང་གསལ་དངུལ་གྱི་གྱངས་ཁ་གཉིས་ཆ་ར་ངེས་བདེན་མིན་མི་དེ་ཡང་ དཔེ་འབད་བ་ཅིན་ ཞི་བའི་མཁའ་འགྲུལ་ལས་ཁུངས་ཀྱི་འོག་ལུ་ མཁོ་སྒྲུབ་དང་ རྒྱུན་སྐྱོང་གི་ ལས་སྣ་ཚུ་ནང་ དངུལ་ཀྲམ་ས་ཡ་༥༧.༧ ལག་ལེན་མ་འཐབ་པར་ཡོདཔ་སྦེ་ སྙན་ཞུའི་ནང་ གསལ་བཀོད་འབད་ཡོད་རུང་ གནད་དོན་ངོ་བ་འབད་བ་ཅིན་ ལས་ཁུངས་དེ་གིས་ རྒྱ་གར་གྱི་གཞུང་ལས་ ད་ལྟོའི་བར་ན་ཡང་ མ་དངུལ་མ་ཐོབ་པས་ཟེར་ཨིན་པས།
ཞི་བའི་མཁའ་འགྲུལ་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ ཕ་ལ་རྡོ་རྗེ་གིས་འབད་བ་ཅིན་ རྒྱ་གར་གཞུང་གི་ མ་དངུལ་ཐོག་ལས་ སྤ་རོ་རྒྱལ་སྤྱི་གནམ་ཐང་ནང་ མཁའ་འགྲུལཔ་ཐོན་འཛུལ་ཁང་ རྒྱ་བསྐྱེད་འབད་ནི་དང་ མེ་བསད་སྡེ་ཚན་གྱི་ཡིག་ཚང་ དེ་ལས་ སྲུང་སྐྱོབ་སྡོད་གནས་ཁང་ཚུ་ བཟོ་སྐྲུན་འབད་ནིའི་ ལས་འགུལ་ཨིན་རུང་ མ་དངུལ་མ་ཐོབ་པར་ཡོདཔ་ལས་ མ་དངུལ་དེ་ རྩིས་ཞིབ་སྙན་ཞུའི་ནང་ གསལ་བཀོད་འབད་དགོཔ་མིན་འདུག་ཟེར་ཨིན་པས།
དྲགོས་ཀུན་ལེགས་རྡོ་རྗེ་གིས་ སླབ་མིའི་ནང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ རྩིས་ཞིབ་འབད་ཐངས་དང་ བརྡ་བརྒྱུད་ཀྱིས་ རྩིས་ཞིབ་སྙན་ཞུའི་སྐོར་ གོ་དོན་སྤྲོད་མི་དེ་གིས་ མི་མང་ལུ་ གོ་བ་བརྡ་ལོག་སྤྲོདཔ་མས་ཟེར་ཨིན་པས།
དེ་ལས་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱིས་ སྣུམ་འཁོར་ཚུ་གི་ ལོ་བསྟར་ཡིག་ཆ་བསྐྱར་གསོའི་ འཐུས་བསྡུ་ལེན་མ་འབད་བར་ལུས་མི་ དངུལ་ཀྲམ་ས་ཡ་༡༤༦.༦ ཡོདཔ་སྦེ་ རྩིས་ཞིབ་སྙན་ཞུའི་ནང་ གསལ་བཀོད་འབད་མི་ལུ་ ཐིམ་ཕུའི་ལུང་ཕྱོགས་སྐྱེལ་འདྲེན་འགོ་དཔོན་ རྡོ་ཕུག་འབྲུག་པ་གིས་འབད་བ་ཅིན་ རྩིས་སྒྲིག་མ་འབད་བར་ལུས་མི་ ལེ་ཤ་ཅིག་ར་ བདེ་སྒྲིག་བཟོ་ཡོད་རུང་ དངུལ་ཀྲམ་ས་ཡ་༥༡.༦ ལྷགཔ་ཅིག་ རྩིག་སྒྲིག་མ་འབད་བར་ ལུས་མི་དེ་ ལུང་ཕྱོགས་ཡིག་ཚང་དང་ ཐོ་བཀོད་འབད་མི་ སྣུམ་འཁོར་༡,༢༡༢ དེ་ཅིག་གི་ ཡིག་ཆ་ཚུ་ ལོ་ངོ་༥ ལས་༢༠ ཚུན་ བསྐྱར་གསོ་མ་འབད་བར་ ལུས་མི་དེ་ཡང་ སྣུམ་འཁོར་ཚུ་ ག་ཏེ་ཡོདཔ་ཨིན་ན་ འཚོལ་མ་ཐོབ་ནི་དེ་གིས་ཨིན་ཟེར་ཨིན་པས།
སྣུམ་འཁོར་དེ་ཚུ་ འཚོལ་མ་ཐོབ་པའི་ཁར་ ཇོ་བདག་ཚུ་གི་ ཁ་བྱང་ཁ་གསལ་མེད་ནི་དེ་གིས་ ལོ་བསྟར་གྱི་ བསྐྱར་གསོའི་འཐུས་ བསྡུ་ཐབས་མེད་མི་ལུ་བརྟེན་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱིས་ དངུལ་རྩིས་ལྷན་ཁག་ལུ་ དངུལ་ཀྲམ་ས་ཡ་༥༡.༦ ལྷགཔ་ཅིག་ རྩིས་སྒྲིག་མ་འབད་བར་ ལུས་མི་དེ་ ཆ་མེད་གཏང་དགོ་པའི་ གྲོས་འཆར་བཙུགས་ཡོདཔ་ད་ གལ་སྲིད་ གནང་བ་གྲུབ་པ་ཅིན་ དངུལ་ཀྲམ་ས་ཡ་༧.༧ དེ་ཅིག་རྐྱངམ་གཅིག་ རྩིས་སྒྲིག་མ་འབད་བར་ ལུས་འོང་ཟེར་ རྡོ་ཕུག་འབྲུག་པ་གིས་ སླབ་ཨིན་པས།
ཀུན་གསལ་གྱིས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ ཕྱི་རྒྱལ་ལས་ ནང་འདྲེན་འབད་མི་ སྣུམ་འཁོར་ཊོ་ཡོ་ཊ་དང་ ལེནཌ་ཀུ་རུ་ཛར་ལེ་ཤ་ཅིག་ རྒྱ་གར་གྱི་ བྱང་ཤར་མངའ་སྡེ་ཚུ་ནང་ བཙོང་ནུག་ཟེར་ཨིན་པས།
རྩིས་ཞིབ་སྙན་ཞུའི་ནང་ ཐིམ་ཕུ་ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱིས་ རིན་བསྡུར་གོང་ཚད་མ་ལེན་པར་ ཐིམ་ཕུ་ཡུ་ཨེསི་ཌི་ཛོང་ལས་ཁང་ལས་ གནས་གོང་དངུལ་ཀྲམ་ས་ཡ་༣.༡༨ དེ་ཅིག་གི་ ཡིག་ཚང་མཁོ་ཆས་ཚུ་ མཁོ་སྒྲུབ་འབད་ནུག་ཟེར་བཀོད་ནུག།
ད་རུང་ བརྡ་དོན་དང་ བརྒྱུད་འབྲེལ་ལྷན་ཁག་གི་ དྲུང་ཆེན་ཡིག་ཚང་གིས་ ནང་སྲིད་དང་ སྲོལ་འཛིན་ལྷན་ཁག་གིས་ རིན་བསྡུར་གོང་ཚད་ལེན་མི་ལུ་ གཞི་བཞག་སྟེ་ དངུལ་ཀྲམ་ས་ཡ་༢.༤ ལྷགཔ་ཅིག་གི་ ཐོ་བཀོད་ལག་ཁྱེར་གྱི་ པར་སྐྲུན་འཕྲུལ་ཆས་དང་ ཡན་ལག་འཕྲུལ་ཆས་ཚུ་ མཁོ་སྒྲུབ་འབད་ཡོད་རུང་ གོང་ཚད་ཚུ་ བདེན་དཔྱད་འབད་ནི་དང་ འོས་མཐུན་ཡོད་མི་ བལྟ་ནིའི་དོན་ལུ་ རྒྱབ་སྣོན་ཡིག་ཆ་ག་ནི་ཡང་མེད་པའི་ ངོས་འཛིན་བྱུང་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment