གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕོ་སྐྱེས་ཅིག་གིས་ ཁྲིམས་སྲུང་འགག་པ་ལུ་ རྡོ་རྐྱབ་ཡོདཔ།

༢༤/༥/༢༠༡༢

༉ བུམ་ཐང་ལུ་ སྐྱེས་ལོ་༣༨ ལང་མི་ ཕོ་སྐྱེས་ཅིག་གིས་ སྒྲིག་གཡོག་ནང་ཡོད་མི་ ཁྲིམས་སྲུང་འགག་པ་ཅིག་ལུ་ རྡོ་རྐྱབ་པའི་ ཉེས་འཛུགས་ལུ་བརྟེན་ འཕྲལ་ཁམས་ཅིག་ཁར་ རྩོད་བཤེར་དེ་ རྫོང་ཁག་ཁྲིམས་འདུན་ལུ་ བཏང་ཡོདཔ་ཨིན་པས།



ཁྲིམས་སྲུང་འགག་པ་གིས་ གནས་ཚུལ་བཤད་དོ་བཟུམ་འབད་བ་ཅིན་ རྐྱེན་ངན་དེ་ཡང་ ཟླཝ་འདི་གི་སྔ་ཆ་ལུ་ བྱམས་པ་ལྷ་ཁང་ལས་ཨིན་མི་ ཉེས་འཛུགས་ཕོག་མི་ ཕོ་སྐྱེས་དེ་གིས་ ཁོ་རའི་ ཊེག་ཊར་དེ་ འཁོར་ལམ་ཁར་བཞག་སྟེ་ སྣུམ་འཁོར་གཞན་ཚུ་ ལམ་བཏང་མ་བཏུབ་མི་ལུ་བརྟེན་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་བའི་ཤུལ་ལས་ བྱུང་ཡོདཔ་ཨིན་པས།
གནས་ཚུལ་བཤད་མི་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྙན་ཞུ་ལྷོད་ཞིནམ་ལས་ ཁྲིམས་སྲུང་འགག་པ་གཉིས་ ས་ཁོངས་ནང་ ལྷོད་པའི་སྐབས་ ཕོ་སྐྱེས་དེ་ ཆང་གིས་འགྲངས་ཏེ་ཡོདཔ་ལས་ ཊེག་ཊར་བཏང་ཆོག་པའི་ ཡིག་ཆ་ཚུ་འབག་ཤོག་ཟེར་སླབ་ད་ ཉན་མ་བཏུབ་པའི་ཁར་ རྡོ་རྐྱབ་བྱིནམ་ལས་ ཁྲིམས་སྲུང་འགག་པ་ཅིག་ལུ་ ཕོག་ཡོདཔ་ཨིན་པས།
ཨིན་རུང་ ཁྲིམས་སྲུང་འགག་པ་དེ་ མགུ་ཏོ་གུ་ ཞྭམོ་བཙུགས་ཡོད་ནི་དེ་གིས་ རྨ་སྐྱོན་སྦོམ་མ་བཏོན་རུང་ རྡོ་གིས་ཕོག་པའི་སྐབས་སུ་ ས་ཁར་འགྱེལ་ཡོདཔ་ད་ བྱ་ངན་འབད་མི་ ཕོ་སྐྱེས་དེ་ ད་ལྟོ་ དོ་དམ་འོག་ལུ་བཞག་ཡོད་པའི་ཁར་ རྩོད་བཤེར་དེ་ རྫོང་ཁག་ཁྲིམས་འདུན་ལུ་ བཏང་ཡོདཔ་ཨིན་པས།
ཕོ་སྐྱེས་དེ་ལུ་ ཆང་འཐུང་སྟེ་ སྣུམ་འཁོར་བཏང་མི་དང་ སྒྲིག་གཡོག་ནང་སྡོད་མི་ལུ་ ལགཔ་བཀལ་མི་ དེ་ལས་ བརྡུང་རྫོབ་འབད་བའི་ཉེས་འཛུགས་ཚུ་ ཕོག་ནི་ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment