གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཡེ་སྦིས་ལབ་རྩ་ལུ་ ནགས་མེ་བསད་མ་ཚུགས་པར་ཡོདཔ།

༢༢/༥/༢༠༡༢

༉ སྤྱི་ཟླ་༥ པའི་ཚེས་༢༡ གི་ ནུབ་ཕྱེད་དེ་ཅིག་ཁར་ གཞལམ་སྒང་ཡེ་སྦིས་ལབ་རྩ་ལུ་ ནགས་མེ་ཤོར་མི་དེ་གིས་ རྒྱལ་ཡོངས་མ་ནཱསི་གླིང་ཁ་ནང་ཚུད་མི་ ནགས་ཚལ་ཨེ་ཀར་ལེ་ཤ་འཚིགས་ཡོདཔ་མ་ཚད་ མེ་དེ་ ད་ལྟོའི་བར་ན་ཡང་ བསད་མ་ཚུགས་པར་ཡོདཔ་ཨིན་པས།



རྒྱལ་ཡོངས་མ་ནཱསི་གླིང་ཁའི་ ནགས་ཚལ་ལས་རོགསཔ་ སངས་རྒྱས་ཆོས་གྲགས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ནགས་མེ་ཤོར་མིའི་སྐོར་ལས་ ཀྲོང་རྒཔོ་ལས་ སྙན་ཞུ་ལྷོདཔ་ཅིག་ དེ་ཚེ་ ནུབ་མོ་ར་ ས་ཁོངས་ནང་སོང་སྟེ་ ས་ཁོངས་དག་པ་ཅིག་ནང་ མེ་བསད་ཚུགས་ཡོད་རུང་ བྱག་ལེ་ཤ་ཡོད་ནི་དེ་གིས་ ཁ་ཙ་ལས་ ད་རུང་ མེ་འབར་ནི་ ལོག་འགོ་བཙུགས་ནུག་ཟེར་ཨིན་པས།
ཁོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ མེ་རྐྱེན་དེ་ སྒོམ་ཕུག་དང་ པཱན་སྦང་འགྱོ་སའི་ འཁོར་ལམ་གྱི་འོག་ལས་ བྱུང་ཡོད་མི་དེ་ཡང་ ས་ཁོངས་དེ་ནང་ལས་ ལམ་འགྲུལ་འབད་མི་ ན་གཞོན་བུཚ་དང་ བུམོ་ཚུ་གིས་ ཏམ་ཁུའི་འཚིགས་རོ་ཚུ་ བཀོག་བཞག་མི་ལས་ མེ་ཟུན་ཡོད་པའི་ དོགས་པ་ཡོད་ཟེར་ཨིན་པས།
སངས་རྒྱས་ཆོས་གྲགས་ཀྱིས་འབད་བ་ཅིན་ ནགས་མེ་དེ་ རྡོ་རྦོབ་རིལ་འགྱོཝ་ད་ བྱུང་ཡོད་པ་ཅིན་ བྱག་གི་མཇུག་ལས་ འབར་དགོཔ་ཨིན་རུང་ བྱུང་རྐྱེན་སྐབས་ མེ་དེ་ ལམ་གྱི་འོག་ལས་ འབར་ས་མཐོང་ཡོདཔ་ལས་ ཏམ་ཁུ་ལས་བརྟེན་ ནགས་མེ་ཟུན་ཡོད་པའི་ དོགས་པ་ཆགས་ཅི་ཟེར་ཨིན་པས།
ནགས་མེ་གིས་ གནོད་སྐྱོན་རྐྱབ་པའི་ ས་ཆ་དེ་ གླིང་ཁ་ནང་ཚུདཔ་མ་ཚད་ སྟོང་ཕུ་ཤིང་ཙང་ཙ་ཡོད་པའི་ཁར་ བྱག་དང་རླུང་མ་འཕུ་མི་ལུ་བརྟེན་ བསད་མ་ཚུགས་པར་ཡོདཔ་ད་ ནགས་མེ་བསད་ནི་གི་དོན་ལུ་ ཡེ་སྦིས་ལབ་རྩའི་ སློབ་གྲྭ་ཁག་དང་ ཁྲིམས་སྲུང་འགག་པ་ ཉེ་འདབས་ཀྱི་ མི་སེར་༧༠༠ ལྷགཔ་ཅིག་གིས་བསད་རུང་ བསད་མ་ཚུགསཔ་ཨིན་པས།
ནགས་མེ་དེ་གིས་ ཡེ་སྦིས་ལབ་རྩ་སྨན་ཁང་གི་ ཆུ་འཁྱུ་ཁང་གི་ཅ་ཆས་ཅིག་ འཚིགས་ཡོདཔ་ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment