ཟླ་༣ པའི་ཚེས་༢༨།
༡༨/༥/༢༠༡༢
༉ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ ཧཱ་གི་ ནུབ་ཕྱོགས་ཁ་ཐུག་ལུ་ གཟིགས་སྐོར་གནང་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ མཐའ་ཟུར་གཡུས་ཚན་ཚུ་ནང་ སྡོད་མི་ཚུ་གི་དཀའ་ངལ་ ག་དེ་སྦེ་ཡོད་ག་ བལྟ་ཞིནམ་ལས་ འཆར་གཞི་ནང་ བཙུག་ནིའི་དོན་ལུ་ཨིན་ཟེར་ གསུངསམ་ཨིན་པས།
ལོ་ལྔའི་འཆར་གཞི་བཅུ་པའི་དམིགས་དོན་གཙོ་བོ་ར་ དབུལ་ཕོངས་ཀྱི་དཀའ་ངལ་ བསལ་ནི་དེ་ཨིན་རུང་ དབུལ་ཕོངས་ཀྱི་ དཀའ་ངལ་མང་ཤོས་ར་ གཡུས་ཚན་ཚུ་ནང་ཨིནམ་ད་ རྒེད་འོག་གཞན་ཚུ་ནང་ གཟིགས་སྐོར་གནང་ཚརཝ་ལས་ ད་རེས་ ཧཱ་རྫོང་ཁག་གི་ ནུབ་ཕྱོགས་ཁ་ཐུག་ལུ་ གསང་སྦས་དང་ དགའ་སྐྱིད་གླིང་གཡུས་ཚན་ནང་ སོང་ཡི་ཟེར་ཨིན་པས།
བློན་ཆེན་མཆོག་གིས་ གསུངས་དོ་བཟུམ་འབད་བ་ཅིན་ ད་རེས་ཀྱི་གཟིགས་སྐོར་ནང་ དངུལ་ཕོངས་ཀྱི་དཀའ་ངལ་ཚུ་ ག་དེ་སྦེ་ མར་ཕབ་སོང་ནུག་ག་དང་ ལོ་ལྔའི་འཆར་གཞི་བཅུ་པའི་ནང་ མཇུག་བསྡུ་ཚུགས་ནི་ཨིན་ན་མེན་ན་ཚུ་ བརྟག་ཞིབ་འབད་ཡི་ཟེར་ཨིན་པས།
ཧཱ་གི་ ནུབ་ཕྱོགས་ཁ་ཐུག་ལུ་ གློག་མེ་བཀྲམ་སྤེལ་འབད་ནི་དང་ སྣུམ་འཁོར་ལམ་བསལ་ནི་དེ་ འཆར་གཞི་བཅུ་པའི་ནང་ མཇུག་བསྡུ་དགོཔ་ཨིན་རུང་ མཐར་འཁྱོལ་བྱུང་མ་ཚུགསཔ་ལས་ འཆར་གཞི་བཅུ་གཅིག་པའི་ནང་ ངེས་པར་དུ་ མཇུག་བསྡུ་ཚུགསཔ་འབད་ནི་ཨིན་ཟེར་ བློན་ཆེན་གྱིས་ གསུངས་ཡོད་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།
No comments:
Post a Comment