གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྲོམ་སྡེའི་འཆར་གཞི་ཚུ་ བཟོ་ཚར་ཞིནམ་ལས་ གཞུང་ས་གླ་ཁར་གཏང་ནི།


མ་གཞི་ བཟོ་གྲྭའི་དོན་ལུ་ གཞུང་ས་ཨེ་ཀར་༢༠༠ གླ་ཁར་གཏང་ནིའི་དོན་ལུ་ བཞག་ཡོདཔ་ཨིན་རུང་ བསྟན་རྒྱས་ལྷན་ཁག་གིས་ ས་ཆ་མང་ཤོས་ར་ གླ་ཁར་ བྱིན་ཚར་ནུག་ཟེར་ཨིན་པས།


༉ དགེ་ལེགས་ཕུག་ལུ་ ཚོང་པ་༤༠ གིས་ གཞུང་ས་ཆ་གླ་ཁར་དགོ་ནིའི་དོན་ལུ་ ཞུ་ཡིག་བཙུགས་མིའི་གྲས་ལས་ དགེ་ལེགས་ཕུག་ཁྲོམ་སྡེ་གིས་ ཚོང་དཔོན་༣ རྐྱངམ་གཅིག་ལུ་ བྱིན་ཡོདཔ་ལས་ ཞུ་ཡིག་བཙུགས་མི་གཞན་གྱིས་ ཁྲོམ་སྡེ་ལུ་ ཉེས་བཙུགས་འབད་ཡོདཔ་ཨིན་པས།


ཚོང་པ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་གིས་ བཟོ་གྲྭའི་ས་ཁོངས་ གླ་ཁར་ལེན་ནིའི་དོན་ལུ་ ལོ་བརྒྱད་ཀྱི་ཧེ་མ་ལས་ ཞུ་ཡིག་བཙུགས་ཡོདཔ་ཨིན་རུང་ ད་ལྟོའི་བར་ན་ཡང་ སྒུག་སྡོད་ཟེར་ སླབ་སྟེ་ར་ ཡོད་ཟེར་ཨིན་པས།
ད་རུང་ ཚོང་པ་གཞན་ཅིག་གིས་འབད་བ་ཅིན་ ཞུ་ཡིག་བཙུགས་ཏེ་ ལོ་༡༠ དེ་ཅིག་ སོང་ཡོདཔ་ཨིན་རུང་ ས་ཆ་མ་ཐོབ་པར་ དེ་སྦེ་ར་ སྒུག་སྟེ་ཡོད་ཟེར་ཨིནམ་ད་ ཁྲོམ་སྡེ་གིས་ མི་གདམ་འཐུ་འབད་དེ་ ས་ཆ་གླ་ཁར་ བྱིན་མི་དེ་ལུ་ལྟཝ་ད་ སེམས་མ་དགའ་ཟེར་ཨིན་པས།
མ་གཞི་ ཞུ་ཡིག་ཧེ་མ་བཙུགས་མི་ཚུ་ལུ་ གོ་སྐབས་དང་པ་ བྱིན་དགོཔ་ཅིག་ཨིན་ཟེར་ཨིནམ་ད་ ཁྲོམ་དཔོན་ལུ་ དྲི་བའི་སྐབས་ ལས་འགུལ་གྱིས་ སྙན་ཞུ་ཚུ་ བསྡུ་སྒྲིག་འབད་བའི་བསྒང་ཡོད་ཟེར་ སླབ་མས་ཟེར་ཨིན་པས།
ཁྲོམ་དཔོན་གྱི་ ཡིག་ཚང་ནང་ ནམ་ར་འགྱོ་རུང་ འཆར་གཞི་ཚུ་ བཟོ་བའི་བསྒང་ཡོད་ཟེར་ སླབ་མས་ཟེར་ སྐྱེས་ལོ་༤༣ ལང་མི་ ཚོང་པ་ཅིག་གིས་ བཤདཔ་ཨིན་པས།
ག་དེམ་ཅིག་སྦེ་ གཞུང་ས་ཚུ་ བགོ་བཤའ་རྐྱབ་སྟེ་ བྱིན་པ་ཅིན་ ཞུ་ཡིག་བཙུགས་མི་ ཚོང་པ་ག་ར་ ས་ཁོངས་དེ་ནང་ ཤོང་ནི་མས་ཟེར་ཨིན་པས།
ད་ལྟོ་ མར་ཁུ་བཀྲམ་སྤེལ་ཁང་རྐྱངམ་གཅིག་ བཟོ་སྐྲུན་འབད་ནིའི་དོན་ལུ་ ཁྲོམ་སྡེ་གིས་ ས་ཆ་ཨེ་ཀར་༡ བྱིན་ནུག་ཟེར་ཨིན་པས། དེ་ལས་ སྤོས་བཟོ་གྲྭ་ཁང་ བཟོ་ནིའི་དོན་ལུ་ ཨེ་ཀར་༡ དང་ སྣུམ་འཁོར་བཅོ་ཁང་གི་དོན་ལུ་ ཌིས་༧༧ བྱིན་ནུག་ཟེར་ ཚོང་པ་ཅིག་གིས་ སླབ་ཨིན་པས།
དེ་ཚུ་ བཟོ་སྐྲུན་འབད་ནིའི་དོན་ལུ་ ས་ཆ་ཌིས་༤༠ གིས་ ལང་ཚུགས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཚོང་པ་ཅིག་གིས་ ཞབས་ཏོག་ལྟེ་བ་ཚུ་ གོང་འཕེལ་གཏང་ནིའི་དོན་ལུ་ མི་རེ་ལུ་ ས་ཆ་ཨེ་ཀར་རེ་ བྱིན་ནི་མི་འོང་ཟེར་ཨིནམ་ད་ དེ་སྦེ་ཨིན་པ་ཅིན་ ཚོང་ཕྱམ་ཕྱེམ་རྐྱབ་མི་ཚུ་ ནམ་ཡང་ ཡར་སྐྱེད་བཏག་མི་ཚུགས་ནི་མས་ཟེར་ཨིན་པས།
དགེ་ལེགས་ཕུག་ཁྲོམ་སྡེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ དགེ་ལེགས་ཕུག་ཁྲོམ་སྡེ་དེ་ ཁྲོམ་སྡེ་ཀ་པ་མ་བཟོ་བའི་ཧེ་མར་ བཟོ་གྲྭ་ཚུ་གི་དོན་ལུ་ ས་ཆ་གླ་ཁར་གཏང་ནི་དེ་ བསྟན་རྒྱས་ལྷན་ཁག་གི་ བདག་དབང་ནང་ ཡོད་ཟེར་ཨིན་པས།
མ་གཞི་ བཟོ་གྲྭའི་དོན་ལུ་ གཞུང་ས་ཨེ་ཀར་༢༠༠ གླ་ཁར་གཏང་ནིའི་དོན་ལུ་ བཞག་ཡོདཔ་ཨིན་རུང་ བསྟན་རྒྱས་ལྷན་ཁག་གིས་ ས་ཆ་མང་ཤོས་ར་ གླ་ཁར་ བྱིན་ཚར་ནུག་ཟེར་ཨིན་པས།
ཁྲོམ་སྡེ་ཀ་པ་ནང་ཚུད་པའི་ཤུལ་ལུ་ བསྟན་རྒྱས་ལྷན་ཁག་གིས་ ས་ཆ་ལོག་སྤྲོད་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༡ གི་ ཟླཝ་༢ པའི་ནང་ ས་ཆ་ཨེ་ཀར་༢.༣༠ ཚོང་པ་གསུམ་ལུ་ གླ་ཁར་བྱིན་ཡི་ཟེར་ ཁྲོམ་དཔོན་གྱིས་ བཤདཔ་ཨིན་པས།
ས་ཆ་ཅིག་ འབྲུག་ས་སྣུམ་བཀྲམ་སྤེལ་ལས་ཁང་ལུ་བྱིན་ཡོདཔ་ད་ ཁོ་ལུ་ བྱིན་དགོ་མི་དེ་ ཧེ་མ་ ཁོ་གིས་ ས་སྣུམ་བཀྲམ་སྤེལ་ཁང་བཟོ་ནི་ཟེར་མི་དེ་ བཟོ་གྲྭའི་ས་ཁོངས་ནང་ ཚུད་ཡོདཔ་ལས་ ཚབ་མ་སྦེ་ བྱིན་བྱིནམ་ཨིན་ཟེར་ ཁྲོམ་དཔོན་གྱིས་སླབ་ཨིན་པས།
དེ་ལས་ གཅིག་ སྤོས་བཟོ་ཁང་གི་ ཇོ་བདག་ཅིག་ལུ་བྱིན་ཡོདཔ་ད་ དེ་ཡང་ ས་གནས་ཀྱི་ འཆར་གཞི་བཟོ་བའི་སྐབས་ བཟོ་གྲྭ་ཁང་ཡོད་ས་ནང་ སྣུམ་འཁོར་ལམ་ ཕོག་ཡོདཔ་བཞིན་དུ་ ཁོ་ སྤོ་བཤུད་འབད་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
དེ་ཅིག་བར་ན་ ཁོ་གི་ བཟོ་གྲྭ་ཁང་དེ་ མེ་གིས་ འཚིགས་སོཔ་ལས་བརྟེན་ ས་ཆ་གླ་ཁར་ ལེན་བཅུག་ཡི་ཟེར་ཨིན་པས།
དེ་ལས་ ཚོང་པ་༣ པམ་དེ་ སྣུམ་འཁོར་ཞབས་ཏོག་ལྟེ་བ་ བཟོ་སྐྲུན་འབད་ནི་ཟེར་ སླབ་པའི་ཤུལ་ལུ་ བྱིན་ཡི་ཟེར་ཨིན་པས།
ཁྲོམ་དཔོན་གྱིས་འབད་བ་ཅིན་ གཞུང་ས་ཆ་གླ་ཁར་ ལེན་ནིའི་དོན་ལུ་ ཞུ་ཡིག་བཙུགས་མི་ ལེ་ཤ་འདུག་ཟེར་ཨིནམ་ད་ ཨིན་རུང་ འཆར་གཞི་ཚུ་ ལེགས་ཤོམ་སྦེ་ བཟོ་དགོཔ་ཡོདཔ་ལས་བརྟེན་ ད་ལྟོ་ ག་ལུ་ཡང་ བྱིན་མ་ཚུགས་ཟེར་ཨིན་པས།
འཆར་གཞི་ཚུ་ ལེགས་ཤོམ་སྦེ་ བཟོ་ཚར་ཞིནམ་ལས་ ཞུ་ཡིག་བཙུགས་མི་ཚུ་ལུ་ ས་ཆ་བགོ་བཀྲམ་འབད་ནི་དང་ ཡང་ཅིན་ རང་སོའི་ ཁ་རྗེ་དང་བསྟུན་ གདམ་འཐུ་འབད་བཅུག་ནི་ཟེར་ སླབ་ཨིན་པའི་གནས་ཚུལ།
རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment