ཞལ་འཛོམས་ནང་ ལུང་ཕྱོགས་ངོ་ཚབ་ཚུ་གིས་ ལུང་ཕྱོགས་ནང་ལས་ངོས་འཛིན་བྱུང་མི་ སྔོ་སྨན་སྣ་བདུན་ཚུ་ རྒྱལ་སྤྱིའི་ཚོང་འབྲེལ་གྱི་དོན་ལུ་ ཁྲིམས་ལྡན་དང་ ཡུན་བརྟན་ དེ་ལས་ ཐོབ་ཚུགསཔ་བཟོ་ནིའི་ཐབས་ལམ་ཚུ་འཚོལ་ནི་ལུ་ གྲོས་བསྡུར་འབད་བའི་ཤུལ་ལུ་ རྒྱབ་གནོན་འབད་ཡོདཔ་ཨིན་པས།
གོ་བསྡུར་ཞལ་འཛོམས་ནང་ འཐུས་མི་ཚུ་གིས་ སྔོ་སྨན་དེ་ཚུ་གི་སྐོར་ལས་ གཅིག་མཐུན་ཐོག་ལས་ ནགས་ཚལ་ནང་སྐྱེས་མི་དང་ འཛུགས་སྐྱོང་འབད་མི་ སྔོ་སྨན་གྱི་རིགས་ཚུ་ ཞིབ་འཚོལ་དང་ དེའི་ཚོང་འབྲེལ་སྐོར་ལས་ བརྡ་དོན་སྤེལ་ནི་ ཉམས་ཉེན་ཅན་གྱི་ སྐྱེ་ལྡན་རིགས་སྣ་ དེ་ལས་ རྒྱལ་སྤྱིའི་ལྷན་འཛོམས་སའི་ཊིསི་ཡིག་ཚང་གི་ ཐོ་ནང་ཚུད་མི་ སྔོ་སྨན་རིགས་སྣའི་གྱངས་ཁ་དང་ བགོ་བཀྲམ་གྱི་སྐོར་ལས་ སྔོ་སྨན་ལོག་སྐྱེ་ནི་ལུ་ མ་གནོད་པའི་ བསྡུ་ཐངས་ཀྱི་ རིག་རྩལ་གྱི་སྐོར་ལས་ བསམ་འཆར་བརྗེ་སོར་འབད་ནི་སྦེ་ ཆ་འཇོག་གྲུབ་ཡོདཔ་ཨིན་པས།
འབྲུག་གི་ ནགས་ཚལ་འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ ཞལ་འཛོམས་ནང་ གླིང་ཁའི་འཛིན་སྐྱོང་ཡོད་པའི་རྒྱལ་ཁབ་ཚུ་གིས་ རྒྱབ་གནོན་ཚུ་ ཁ་གསལ་སྦེ་ཚུད་ཐབས་ལུ་ ལམ་སྟོན་བཟོ་དགོ་པའི་ཁར་ རྒྱལ་ཁབ་གཞན་དང་གཅིག་ཁར་ བརྗེ་སོར་འབད་དགོཔ་སྦེ་ གྲོས་ཆོད་བྱུང་ཡོདཔ་ཨིན་པས།
དེ་ཡང་ རྒྱལ་ཁབ་ཚུ་གིས་ ལམ་སྟོན་ནང་ འཐོན་སྐྱེད་ཡོད་པའི་ས་ཁོངས་ཚུ་ མཐུན་སྒྲིག་འབད་ནིའི་ ས་ཁྲ་བཟོ་ནི་དང་ སྔོ་སྨན་བསྡུ་མིའི་ སྦྱོང་བརྡར་ཅ་ཆས་ ཡུན་བརྟན་ཅན་གྱི་ སྦྱོང་བརྡར་ལས་རིམ་ཚུ་འགོ་འདྲེན་འཐབ་ནི་ དེ་ལས་ སྔོ་སྨན་རིགས་ཐོབ་ཚུགས་པའི་ གཞི་མཛོད་ཀྱིས་མ་ཚད་ ས་གནས་ཀྱི་བསྡུ་བསྒྱོམ་འབད་མིའི་ཁ་སྐད་ནང་ དཔེ་སྐྲུན་འབད་དེ་ ཁྱབ་བསྒྲགས་འབད་དགོ་པའི་ གྲོས་ཆོད་བྱུང་ཡོདཔ་ཨིན་པས།
སྔོ་སྨན་རིགས་ སྣ་བདུན་གྱི་ཚོང་འབྲེལ་ ཁྲིམས་ལྡན་དང་ ཐོབ་ཚུགསཔ་བཟོ་ནི་ ལུང་ཕྱོགས་རྒྱལ་ཁབ་ཚུ་གིས་ ནང་འདྲེན་དང་ ཕྱིར་ཚོང་འཐབ་ནིའི་དོན་ལུ་ ཟུང་ཕྱོགས་དང་ ཡང་ཅིན་ རྒྱལ་ཁབ་ལེ་ཤ་གི་བར་ན་ བརྡ་དོན་སྤེལ་ནིའི་ ཐབས་རིག་བཏོན་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
དེ་མ་ཚད་ སྔོ་སྨན་སྲུང་སྐྱོབ་དང་ ཡུན་བརྟན་གྱི་དོན་ལུ་ བསྡུ་བསྒྱོམ་འབད་ཐངས་ཀྱི་ དཔེ་རིགས་ ནང་འཁོད་དང་ ཕྱིར་ཚོང་མ་དངུལ་གྱི་དོན་ལུ་ རྒྱལ་ཡོངས་སྐྱེ་ལྡན་རིགས་སྣའི་ འཆར་གཞི་དང་མཐུན་པའི་ དར་ཁྱབ་དང་འཛིན་སྐྱོང་གྱི་ལམ་ལུགས་ཚུ་ འབྲེལ་མཐུན་བཟོ་ནི་ཨིན་ཟེར་ཨིན་པས།
རྒྱལ་ཁབ་ཆ་མཉམ་གྱིས་ འབོར་ཚད་རྒྱ་ཆེཝ་སྦེ་ ཚོང་འབྲེལ་འཐབ་མི་ སྔོ་སྨན་གྱི་རིགས་ཚུ་ ཅ་དམ་གྱི་ ཁྲིམས་ལྡན་བཟོ་དགོ་པའི་ གནད་དོན་སྐོར་ལས་ གྲོས་ཐག་ཆོད་ཡོདཔ་ད་ སྤྱི་ལོ་༢༠༡༣ སྤྱི་ཟླ་༣ པའི་ནང་ ཐའི་ལེནཌི་རྒྱལ་ས་བེང་ཀོག་ལུ་ འཚོག་ནི་ཨིན་མི་ རྒྱལ་སྤྱི་གནམ་གཤིས་འགྱུར་བགྲོད་ཀྱི་ གྲོས་འཛོམས་ ཐེངས་༡༦ པའི་ནང་ སྙན་ཞུ་འབད་ནི་ཨིན་པའི་གནས་ཚུལ།
ཚེ་རིང་རྣམ་རྒྱལ།
No comments:
Post a Comment