གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ངང་ལམ་གྱི་ སློབ་ཕྲུག་ཚུ་ན་མིའི་ ནད་གཞི་ག་ཅི་ཨིན་ན་ གཏན་འཁེལ་མེདཔ།

ཟླ་༣ པའི་ཚེས་༢༩།
༡༩/༥/༢༠༡༢

༉ སྤྱི་ཟླ་༥ པའི་ཚེས་༡༣ ལུ་ པདྨ་དགའ་ཚལ་རྫོང་ཁག་ ངང་ལམ་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་ཕྲུག་༡༢ དེ་ཅིག་ན་སྟེ་ སྨན་ཁང་འབྲིང་མའི་ནང་ བསྐྱལ་ཡོདཔ་ལས་ ནད་གཞིའི་རྒྱུ་རྐྱེན་ག་ཅི་ཨིན་ན་ གཏན་འཁེལ་སྦེ་ ངོས་འཛིན་འབད་མ་ཚུགས་རུང་ ཐིམ་ཕུ་ལས་སོང་མི་ མི་མང་གསོ་བའི་ལས་ཁུངས་ཀྱི་ སྡེ་ཚན་གྱིས་འབད་བ་ཅིན་ ནད་གཞི་དེ་ ཆུ་དང་ ཡང་ཅིན་ བཞེས་སྒོ་ལས་ ཐོབ་ཐོབ་འོང་ནི་མས་ཟེར་ཨིན་པས།


སློབ་ཕྲུག་༡༢ ཀྱིས་ དྲོད་འབར་ཤུགས་སྦེ་རྐྱབ་མ་ཚད་ ཁ་ལས་སྐྱུག་ ཆབ་གསང་བཤལ་ཏེ་ ན་བའི་སྐོར་ སློབ་གྲྭའི་དབང་འཛིན་ལུ་ ཉོགས་བཤད་བཀོད་པའི་ཤུལ་ལུ་ སྨན་ཁང་ནང་ བསྐྱལ་ཡོད་མི་ལས་༥ སྤྱི་ཟླ་༥ པའི་ཚེས་༡༦ ཚུན་ སྨན་བཅོས་འབད་དེ་ དེ་གི་ནངས་པར་ ལོག་བཏང་ཡོདཔ་ད་ སྨན་ཁང་འབྲིང་མའི་ ཐོ་བཀོད་དང་འཁྲིལཝ་ད་ འདས་པའི་ཉིནམ་༣ གྱི་ནང་ ཅོག་འཐདཔ་སྦེ་ན་མི་ སློབ་ཕྲུག་༤ སྨན་ཁང་ནང་ ལྷོད་ཡོདཔ་ཨིན་པས།
ནད་གཞི་ཐོབ་པའི་ཤུལ་ལུ་ ཐིམ་ཕུ་ལས་ དཔྱད་འབད་བར་སོང་མི་ སྡེ་ཚན་གྱིས་ སླབ་མིའི་ནང་ ཁོང་གིས་ སློབ་གྲྭའི་བཟའ་སྤྱོད་ཁང་དང་ སློབ་ཕྲུག་ཚུ་གིས་སྤྱོད་མི་ འཐུང་ཆུའི་རྐ་འགོ་དེ་ བཙོག་པ་ཤུགས་སྦེ་ར་ ཞུགས་ཡོད་པའི་ ངོས་འཛིན་བྱུངམ་ལས་ ཆུ་ལས་བརྟེན་པའི་ ནད་གཞི་ཐོབ་ཡོདཔ་ འོང་ནི་མས་ཟེར་ཨིན་པས།
སྨན་བཅོས་འཕྲུལ་རིག་མཁས་མཆོག་ ཚེ་བརྟན་གྱིས་ སླབ་མིའི་ནང་ སློབ་ཕྲུག་ཚུ་གིས་འཐུང་མི་ ཆུའི་དཔེ་ཚད་བསྡུ་རེན་འབད་དེ་ བརྟག་དཔྱད་འབདཝ་ད་ ཆུ་ནང་ཕྲ་འབུབ་ཡོད་པའི་ གསལ་སྟོན་འབད་ཡོད་རུང་ ཕྲ་འབུབ་ག་ཅི་བཟུམ་ཨིན་ན་ ངོས་འཛིན་འབད་མ་ཚུགས་ཟེར་ཨིན་པས།
ད་རུང་ སློབ་ཕྲུག་ནདཔ་ཚུ་ལས་ ཨ་བའི་དཔེ་ཚད་ལེན་ཏེ་ བརྟག་དཔྱད་འབདཝ་ད་ཡང་ ཕྲ་འབུབ་ཅིག་ཡོདཔ་ མཐོང་གསལ་བྱུངམ་ལས་ བཞེས་སྒོའི་ནང་ལས་ ནད་ཐོབ་ཡོད་པའི་ དོགས་པ་ཡོད་རུང་ ཕྲ་འབུབ་ག་ཅི་ཨིན་ན་ གཏན་འཁེལ་སྦེ་ སླབ་མི་ཤེས་པས་ཟེར་ ཚེ་བརྟན་གྱིས་ སླབ་ཨིན་པས།
ཨིན་རུང་ ང་བཅས་ཀྱིས་ དཔེ་ཚད་ཚུ་ ཐིམ་ཕུ་ལུ་ འབག་ཞིནམ་ལས་ བརྟག་དཔྱད་འབད་འོང་ཟེར་ ཚེ་བརྟན་གྱིས་ བཤདཔ་མ་ཚད་ ཆུ་ལས་བརྟེན་པའི་ ནད་གཞི་ཨིན་པ་ཅིན་ ཆུ་དང་ ཨ་བའི་ནང་ ཕྲ་འབུབ་མཐོང་གསལ་བྱུང་མི་དང་ ཆ་མཐུན་འོང་ཟེར་ སླབ་ཨིན་པས།
སྡེ་ཚན་དེ་གིས་ གསོ་བའི་ལྷན་ཁག་ལུ་ སྙན་ཞུ་ཕུལ་ནིའི་དོན་ལས་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པས།
སློབ་གྲྭའི་དབུ་འཛིན་ ལྷ་ཕྲུག་གིས་ སླབ་མིའི་ནང་ སློབ་གྲྭའི་ལྟག་ལུ་ མི་ཊར་དག་པ་ཅིག་གི་ས་ཁར་ཡོད་མི་ ཆུ་རྐ་དེ་ ཆར་ཆུའི་དུས་ཚོད་སྐབས་ ཟླཝ་༡ ནང་ ལན་ཐེངས་༣ རེ་དང་ གནམ་དགུན་གྱི་སྐབས་ ཚར་རེ་འཕྱག་དོ་ཟེར་ཨིནམ་ད་ སློབ་གྲྭ་གིས་ ཉིན་བསྟར་བཞིན་དུ་ ཆུ་བསྐོལ་བསྐོལཝ་རྫམ་གང་བཀལ་བཞག་སྟེ་ སློབ་ཕྲུག་ཚུ་ལུ་ འཐུང་ཆུ་སྦེ་ ལག་ལེན་འཐབ་དགོཔ་སྦེ་ སླབ་དོ་ཡོདཔ་ཨིན་རུང་ སློབ་ཕྲུག་ལ་ལུ་གིས་ ཆུ་ཏོག་ལས་ ཐད་ཀར་དུ་ འཐུང་དོ་ཡོདཔ་འོང་ནི་མས་ཟེར་ དབུ་འཛིན་འོག་མ་གིས་ བཤདཔ་ཨིན་པས།
སློབ་གྲྭ་དེ་ནང་ སློབ་ཕྲུག་ཡོངས་བསྡོམས་༤༨༢ ཡོད་མི་ལས་ ནང་སྡོད་སློབ་ཕྲུག་བུཚ་༡༨༡ དང་ བུམོ་༡༡༠ དེ་ལས་ ཐབ་ཚངཔ་༥ ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment