གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྫོང་ཁ་ཉག་རྐྱང་གི་ གསར་ཤོག་༥ །

ཟླ་༣ པའི་ཚེས་༢༩།
༡༩/༥/༢༠༡༢

༉ རྫོང་ཁའི་གནས་ཚུལ་གསར་ཤོག་ ལྷག་མི་ཚུ་གི་དོན་ལུ་ ད་རུང་ཡང་ གསར་ཤོག་གདམ་ཁ་རྐྱབ་ནིའི་ གོ་སྐབས་བཟང་པོ་ འཐོབ་ཚུགས་ནི་ཨིན་པས།


དེ་ཡང་ ཧཱ་རྫོང་ཁག་ལས་ སྐྱེས་ལོ་༤༢ ལང་མི་ བདེ་སྐྱིད་དཔལ་སྒྲོན་གྱིས་ ཐིམ་ཕུ་ལྕང་ཟམ་ཏོག་ལུ་ འབྲུག་མེ་ལོང་ཟེར་མི་ རྫོང་ཁ་ཉག་རྐྱང་གི་ བདུན་རིམ་གསར་ཤོག་ཅིག་ ཁ་ཙ་ལས་ འགོ་བཙུགས་ཡོདཔ་ཨིན་པས།
བདེ་སྐྱིད་དཔལ་སྒྲོན་གྱིས་ སླབ་མི་དང་འཁྲིལཝ་ད་ འབྲུག་མེ་ལོང་ཟེར་མི་ གསར་ཤོག་གསརཔ་ གསར་བཏོན་འབད་མི་དེ་ གཙོ་བོ་ར་ མི་མང་གི་མཐའ་དོན་ལུ་ ལས་སྣ་སྒྲུབ་མི་ཚུ་ དྭངས་གསལ་ཅན་ཐོག་ལས་ གྲུབ་འབྲས་གསལ་སྟོན་འབད་ནིའི་དོན་ལུ་ཨིནམ་ལས་ གསར་ཤོག་དེ་གི་མིང་ཡང་ འབྲུག་མེ་ལོང་ཟེར་ བཏགས་ཅི་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ གསར་ཤོག་གསརཔ་ གཞི་བཙུགས་འབད་དགོ་པའི་དམིགས་ཡུལ་དེ་ ད་ལྟོ་ཡོད་མི་ གསར་ཤོག་ཚུ་གིས་ ཁྱབ་མ་ཚུགས་མི་ ས་གནས་ཚུ་ནང་ ཁྱབ་སྤེལ་འབད་ནི་ཨིནམ་ད་ གསར་ཤོག་ནང་ རྒྱལ་ཁབ་ཀྱི་སྲིད་བྱུས་ཚུ་ ད་རེས་ནངས་པའི་གནས་སྟངས་དང་འཁྲིལ་ ལེགས་བཅོས་དང་ བསྒྱུར་བ་ དེ་ལས་ སྲིད་བྱུས་དང་འཁྲིལ་བའི་ བྱ་སྒོའི་ལམ་ལུགས་ཚུ་ མི་མང་ལུ་གོ་བ་བརྡ་སྤྲོད་འབད་ནི་ཟེར་ཨིན་པས།
དེ་དང་འབྲེལ་ རྫོང་ཁའི་སྐད་ཡིག་དེ་ མི་ཉམས་གོང་འཕེལ་གཏང་ནི་དང་ ཉམས་པ་སོར་ཆུད་འབད་ནིའི་དོན་ལུ་ཨིན་པའི་ཁར་ རྫོང་ཁའི་སྐད་ཡིག་དེ་ ཨིང་སྐད་དར་ཁྱབ་འགྱོ་དོ་བཟུམ་སྦེ་ ཡར་རྒྱས་གཏང་ནི་ཨིན་མི་གིས་མ་ཚད་ གྲོང་གསེབ་དང་ དགོན་སྡེ་ སྒོམ་སྡེ་ གྲྭ་ཚང་ དེ་ལས་ གཞི་རྟེན་ཤེས་ཡོན་སྦྱོང་བརྡར་འབད་མི་ རྫོང་ཁའི་འབྲི་སླབ་ཤེས་མི་དང་ ན་གཞོན་ཚུ་གི་དོན་ལུ་ ཨིན་ཟེར་ བཤདཔ་ཨིན་པས།
འབྲུག་མེ་ལོང་གསར་ཤོག་གི་ རྩོམ་སྒྲིག་འགོ་དཔོན་དམ་ཆོས་ལྷུན་གྲུབ་ཀྱིས་ སླབ་མི་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ ཨིང་སྐད་དང་ རྫོང་ཁའི་གསར་ཤོག་བསྡོམས་༡༢ ཡོདཔ་ད་ དེ་ཡང་ ཀུན་གསལ་དང་ འབྲུག་གི་དུས་ཚོད་ འབྲུག་གནས་ལུགས་ འབྲུག་ད་རིས་ འབྲུག་ཚོང་འབྲེལ་ ད་བུཌ་ནིསི་ འབྲུག་གནས་ཚུལ་ འབྲུག་འོད་ཟེར་ རྒྱལ་སྤྱི་གསར་ཤོག་ རྒྱལ་ཡོངས་གསར་ཤོག་ དེ་ལས་ འབྲུག་དུས་དེབ་ཚུ་ ཨིན་ཟེར་ཨིན་པས།
མི་མང་ལུ་བརྡ་སྤྲོད་འབད་མི་ འབྲུག་རྒྱང་བསྒྲགས་ལས་འཛིན་དང་ སྐུ་གཟུགས་རེ་ཌི་ཨོ་ཚུ་ལེ་ཤ་ཅིག་ར་ཡོད་རུང་ འབྲུག་མེ་ལོང་གསར་ཤོག་གིས་ ལས་འགུལ་དང་ ལས་རིམ་ཚུ་ ཞིབ་དཔྱད་འབད་ཐོག་ལས་ གསལ་སྟོན་འབད་ནི་དང་ རྒྱལ་ཁབ་ནང་ ཁྲིམས་འགལ་གྱི་བྱ་རིམ་ གྲོང་གསེབ་ནང་ བྱ་སྟབས་མ་བདེ་བའི་དཀའ་ངལ་ཚུ་ལུ་ ཐབས་བྱུས་ཚུ་ག་དེ་སྦེ་ར་ཡོདཔ་ཨིན་ན་ཚུ་ མི་མང་ལུ་ གསལ་སྟོན་འབད་དོན་ལུ་དམིགས་ཏེ་ ཨིན་ཟེར་ཨིན་པས།
ད་རེས་ནངས་པ་ གསར་ཤོག་ཚུ་ལུ་བརྟེན་ གཞུང་དང་མི་སེར་གྱི་བར་ན་ བརྡ་སྤེལ་ལེགས་ལྡན་བྱུང་བཞིན་དུ་ཡོདཔ་ལས་ ད་རིས་གསར་སྟོན་འབད་མི་ འབྲུག་མེ་ལོང་བདུན་རིམ་གསར་ཤོག་འདི་གིས་ཡང་ ལྷན་ཐབས་བྱུང་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
འབྲུག་བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་གིས་ རྩ་ཁྲིམས་ཆེན་མོའི་དགོངས་དོན་བཞིན་ རྒྱལ་ཡོངས་སྐད་ཡིག་ཡར་དྲག་དང་ མི་ཉམས་གོང་འཕེལ་གཏང་ནིའི་དོན་ལུ་དམིགས་ཏེ་ བདུན་རིམ་རྫོང་ཁའི་གསར་ཤོག་བཏོན་ཆོག་པའི་གནང་བ་གནང་མི་གིས་ གཞུང་ཁའི་སྐད་ཡིག་ཡར་རྒྱས་གཏང་ནི་ལུ་ ཕན་ཐོགས་སྦོམ་ར་ཡོད་ཟེར་ཨིན་པས།
ཁ་ཙ་འགོ་འབྱེད་འབད་མིའི་ འབྲུག་མེ་ལོང་གསར་ཤོག་བརྩིཝ་ད་ རྒྱལ་ཁབ་ནང་ རྫོང་ཁའི་གསར་ཤོག་༥ ཡོད་མི་ཚུ་ འབྲུག་གནས་ཚུལ་དང་ འབྲུག་རྒྱལ་སྤྱི་ འབྲུག་རྒྱལ་ཡོངས་ དེ་ལས་ འབྲུག་འོད་ཟེར་ཚུ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment