གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སཱག་ལུང་ཕྱོགས་མཐུན་འབྲེལ་ཚོགས་པ་གིས་ འགན་ཚད་བཟོ་ནི་ལུ་ ཤུགས་བཏོན་ནི།

ཞལ་འཛོམས་ནང་ བཅའ་མར་གཏོགས་མི་ སཱག་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ རྒྱལ་ཁབ་ཚུ་གི་ ཆེ་རིམ་འགོ་དཔོན་ཚུ།
༢༤/༥/༢༠༡༢

༉ སཱག་ལུང་ཕྱོགས་མཐུན་འབྲེལ་ཚོགས་པ་དེ་ ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་ནང་ མཐུན་ཚོགས་སྦོམ་ཤོས་ཅིག་ཨིན་རུང་ ད་ལྟོའི་བར་ན་ཡང་ འགན་ཚད་གསལ་ཏོག་ཏོ་ཅིག་མེདཔ་ལས་ དེ་བཟོ་ནིའི་དོན་ལུ་ སཱག་གི་འཐུས་མི་རྒྱལ་ཁབ་༨ ཀྱི་ ཆེ་རིམ་འགོ་དཔོན་ཚུ་གི་བར་ན་ ཁ་ཙ་ལས་ སྤ་རོ་ལུ་སྦེ་ ཞལ་འཛོམས་ཅིག་ འགོ་བཙུགས་ཡི།



དེ་ཡང་ བཙག་འཐུ་ལས་གྲུབ་མི་ འབྲུག་ལུ་ སཱག་དྲུང་ཆེན་ཡིག་ཚང་གི་ ཁྲི་འཛིན་བསོད་ནམས་ཚེ་དབང་གིས་ སླབ་མིའི་ནང་ སཱག་ཚོགས་པ་ གཞི་བཙུགས་འབད་དེ་ ལོ་ངོ་༢༥ དེ་ཅིག་ལང་རུང་ འགན་ཚད་ཅིག་ ལེགས་ཤོམ་མེད་པ་ལུ་བརྟེན་ ད་ལྟོ་ཚུན་ ཚོགས་པའི་ལམ་ལུགས་སྒྲིང་སྒྲིང་ཅིག་ བཟོ་མ་ཚུགསཔ་ལས་ འཐུས་མི་རྒྱལ་ཁབ་ཚུ་གིས་ རྒྱབ་སྐྱོར་འབད་དགོཔ་འདུག་ཟེར་ཨིན་པས།
ཁྲི་འཛིན་གྱིས་འབད་བ་ཅིན་ འགན་ཚད་དེ་ ཞལ་འཛོམས་འདི་ནང་ར་ བཟོ་ཚུགསཔ་འབད་དགོ་མི་དེ་ཡང་ ཧེ་མ་ ཞལ་འཛོམས་ ག་དེམ་ཅིག་འཚོགས་རུང་ བཅུད་ལེགས་ཤོམ་ཅིག་ བཏོན་མ་ཚུགསཔ་ལས་ ད་རེས་ཀྱི་ ཞལ་འཛོམས་ནང་ཡང་ བཅུད་བཏོན་མ་ཚུགས་པ་ཅིན་ ཁུངས་མིན་འདུག་ཟེར་ཨིན་པས།
བསོད་ནམས་ཚེ་རིང་གིས་ སླབ་མིའི་ནང་ ཞལ་འཛོམས་འདི་ནང་ གྲོས་འབུལ་གལ་ཆེ་ཤོས་ཅིག་ ལོ་བསྟར་སཱག་མཐུན་འབྲེལ་ཚོགས་པའི་ ཞལ་འཛོམས་ཀྱི་དུས་ཡུན་དེ་ མར་ཕབ་འབད་དེ་ ཐུང་སུ་བཟོ་ནི་ལུ་ གཙོ་བོར་བཏོན་ནི་ཟེར་ཨིནམ་ད་ དེ་ཡང་ ཞལ་འཛོམས་ཉུང་ཤོས་ ཉིནམ་༨ དང་༩ གི་བར་ན་ འཚོགས་པའི་སྐབས་ བཅའ་མར་གཏོགས་མི་ཚུ་ལུ་ བྱ་སྟབས་མ་བདེཝ་ཐོནམ་མ་ཚད་ ལ་ལུ་ དབངཔོ་ངལ་ནི་དེ་གིས་ ཞལ་འཛོམས་ནང་ཡང་ ལེགས་ཤོམ་སྦེ་གཏོགས་ བཅའ་མར་གཏོགས་མ་ཚུགས་པའི་ དཀའ་ངལ་འདུག་ཟེར་ཨིན་པས།
དུས་ཡུན་ཐུང་སུ་བཟོ་བ་ཅིན་ ཟད་འགྲོ་ཡང་ ལེ་ཤ་གིས་ མར་ཕབ་རྐྱབ་ཚུགས་པའི་ གོ་སྐབས་ཡོདཔ་ད་ ཁྲི་འཛིན་གྱིས་འབད་བ་ཅིན་ ལོ་བསྟར་སཱག་ཚོགས་པའི་ ཞལ་འཛོམས་དང་ འཐུས་མི་རྒྱལ་ཁབ་ཚུ་ནང་ཡོད་པའི་ སཱག་དྲུང་ཆེན་ཡིག་ཚང་ཚུ་ནང་ ཞལ་འཛོམས་འཚོགས་པའི་སྐབས་ ཟད་འགྲོ་སྦོམ་གནསཔ་མ་ཚད་ རྒྱལ་ཁབ་༨ ནང་ སཱག་གི་ལྟེ་བ་༡༡ ཡོད་མི་ཚུ་ནང་ཡང་ དོན་མེད་ཀྱི་ ཟད་འགྲོ་སྦོམ་གཏང་དགོཔ་ ཐོནམ་མས་ཟེར་ཨིན་པས།
སཱག་འཐུས་མི་རྒྱལ་ཁབ་ཚུ་གི་ དྲུང་ཆེན་ཡིག་ཚང་ཚུ་ལུ་ ལོ་བསྟར་གྱི་ཟད་འགྲོ་མ་དངུལ་དེ་ རྒྱལ་ཁབ་ཆེ་ཆུང་དང་འཁྲིལ་ བགོ་བཀྲམ་འབད་དོ་ཡོདཔ་བཞིན་དུ་ འབྲུག་གི་དོན་ལུ་ ལོ་༡ གི་མ་དངུལ་དེ་ དངུལ་ཀྲམ་ས་ཡ་༢ བཞག་ཡོདཔ་ཨིན་རུང་ རྒྱལ་ཁབ་སྦོམ་ཤོས་ རྒྱ་གར་བཟུམ་ཅིག་ལུ་འབད་བ་ཅིན་ རུ་པི་དུང་ཕྱུར་བརྒྱ་ལས་བཅད་དེ་ བཞག་དོ་ཡོདཔ་ལས་ མ་དངུལ་བགོ་བཀྲམ་གྱི་ ཐད་ལུ་ཡང་ ལེགས་ཤོམ་སྦེ་ དབྱེ་ཞིབ་འབད་ཐོག་ བསྒྱུར་བཅོས་འབད་ནི་ལུ་ དམིགས་གཏད་བསྐྱེད་ནི་ཨིན་པས།
གལ་སྲིད་ ཚོགས་པའི་འགན་ཚད་དེ་ བཟོ་ཚུགས་པ་ཅིན་ ཚོགས་པ་ནང་འཁོད་ཀྱི་ ལམ་ལུགས་ལུ་ ཕན་ཁྱད་བྱུང་སྟེ་ སཱག་གི་འཛིན་སྐྱོང་དང་ དངུལ་འབྲེལ་གྱི་ ལམ་ལུགས་བསྒྱུར་བཅོས་འབད་ཚུགས་པའི་ གོ་སྐབས་ཡོད་ཟེར་ བསོད་ནམས་ཚེ་དབང་གིས་སླབ་ཨིན་པས།
ཞལ་འཛོམས་ནང་ སཱག་ལུང་ཕྱོགས་ཀྱི་ རྒྱལ་ཁབ་ཚུ་ལས་ འཐུས་མི་༡༢ དེ་ཅིག་གིས་ བཅའ་མར་གཏོགས་པའི་བསྒང་ཡོདཔ་ད་ ཉིན་གྲངས་༢ འབད་མི་ ཞལ་འཛོམས་དེ་ ད་རིས་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

སྤ་རོ་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment