གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ད་རུང་ དགེ་སློང་བགྲེསཔ་༢ འཛིན་བཟུང།



༉ ཐིམ་ཕུའི་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༥ པའི་ཚེས་༢༢ ཀྱི་ནུབ་མོ་ ཐིམ་ཕུ་ལྕང་ཇི་ཇི་ཟམ་གྱི་ ཉེ་འདབས་ལུ་ སྡེ་ཚན་འཐབ་འཛིང་ནང་ སྐྱེས་ལོ་༢༦ ལང་མི་ ཕོ་སྐྱེས་ཅིག་ལུ་ ཤི་རྐྱེན་བྱུང་མིའི་ རྐྱེན་ངན་ནང་ འབྲེལ་གཏོགས་འབད་མི་ ད་རུང་ ཧེ་ཇོ་ལས་ སྐྱེས་ལོ་༢༠ དང་༢༢ ལང་མི་ དགེ་སློང་བགྲེསཔ་༢ འཛིན་བཟུང་འབད་ཡོདཔ་ཨིན་པས།



ཁྲིམས་སྲུང་འགག་པའི་ འགོ་དཔོན་ཅིག་གིས་ སླབ་མི་དང་འཁྲིལཝ་ད་ དགེ་སློང་བགྲེསཔ་ཅིག་ དེ་ཚེ་ཕྱི་རུ་ འཐབ་འཛིང་འབད་བའི་སྐབས་ སྐྱེས་ལོ་༢༦ ལང་མི་ ཚེ་འདས་དང་ ཆ་རོགས་༢ ལུ་ གྱི་བརྫམས་རྐྱབ་མི་ཨིནམ་ད་ ཉམས་རྒུདཔ་ཕོ་སྐྱེས་ཅིག་གི་ ཨ་བུག་གུ་ གྱི་གསོབ་མི་དང་ བརླད་དོ་༢ ཆ་ར་གུ་ གྱི་བརྫམས་རྐྱབ་ཡོདཔ་མ་ཚད་ མགུ་ཏོ་དང་ གདོང་གུ་རྨ་སྐྱོན་བཏོན་མི་དེ་ཡང་  ཁོ་ཨིན་མས་ཟེར་ཨིན་པས།
ཁྲིམས་སྲུང་འགག་པའི་ སྔོན་འགྲོའི་བརྟག་ཞིབ་ སྙན་ཞུ་དང་འཁྲིལཝ་ད་ ཨ་རྟག་ར་ ལྕང་ཇི་ཇི་ཟམ་གྱི་ ཉེ་འདབས་ལུ་ཡོད་མི་ ཆང་ཁང་ནང་འོང་མི་ ཕོ་སྐྱེས་༣ གྱིས་ ཁོང་རའི་ ཆ་རོགས་༣ འབོ་སྟེ་ ཆང་འཐུང་སྡོད་པའི་སྐབས་ ཉམས་རྒུདཔ་༣ ཡང་ དེ་ཚེ་ ནུབ་མོའི་ཆུ་ཚོད་༡༠ དེ་ཅིག་ལུ་ ཆང་ཁང་དེ་ནང་ ལྷོད་ནུག་ཟེར་ཨིན་པས།
ཁོང་ཆ་ཁྱབ་ འཐབ་འཛིང་མ་འབད་བའི་ཧེ་མར་ གཅིག་གིས་གཅིག་ལུ་ ངོ་སྤྲོད་འབད་དེ་ ཆང་འཐུང་སྡོད་ནུག་ཟེར་ཨིན་པས།
ཆང་ཁང་གི་ ཇོ་བདག་གིས་འབད་བ་ཅིན་ རྐྱེན་ངན་དེ་ ནུབ་མོའི་ཆུ་ཚོད་ ཕྱེད་དང་༡༡ ལུ་ བྱུང་ཡི་ཟེར་ སླབ་ཡོད་རུང་ ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ རྐྱེན་ངན་དེ་ ནུབ་མོའི་ཆུ་ཚོད་༡༢ དང་ སྐར་མ་༢༠ ལུ་ བྱུང་ནུག་ཟེར་ཨིན་པས།
ཁྲིམས་སྲུང་འགག་པའི་ འགོ་དཔོན་ཅིག་གིས་འབད་བ་ཅིན་ འཐབ་འཛིང་འབད་དགོ་པའི་ གནད་དོན་སྦོམ་ཅིག་ ག་ནི་ཡང་ མིན་འདུག་ཟེར་ཨིནམ་ད་ འཐབ་འཛིང་དེ་ ཉམས་རྒུདཔ་ཚུ་གིས་ ཨིང་སྐད་ནང་ ལོ་རྒྱུས་ཕར་ཚུར་སླབ་ད་ ཁ་ཉེས་ཕོག་མི་ཚུ་ ཁོང་ཁྲོ་ལང་པའི་ཤུགས་ཀྱི་ འཐབ་འཛིང་བྱུང་ནུག་ཟེར་ཨིནམ་ད་ དེ་བསྒང་ ཁོང་ག་ར་ ཆང་གིས་འགྲངས་སོ་ནུག་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་ལུ་ ནུབ་མོའི་ཆུ་ཚོད་༡༢ དང་ སྐར་མ་༤༣ ལུ་ ལམ་འགྲུལ་འབད་མི་ཅིག་གིས་ སྙན་ཞུ་འབད་ཡོདཔ་ད་ དེ་བསྒང་ སྐྱེས་ལོ་༢༦ ལང་མི་ ཚེ་འདས་དེ་ ཁྲག་གིས་གང་སྟེ་ ལམ་ཁར་འགྱེལ་ཡོདཔ་ད་ སྐྱེས་ལོ་༢༩ ལང་མི་ ཁག་འབག་སློབ་དཔོན་བགྲེསཔ་དེ་ ནད་པའི་སྣུམ་འཁོར་ནང་ སྨན་ཁང་ནང་ བསྐྱལ་ཡོདཔ་བཞིན་དུ་ སྐྱེས་ལོ་༢༨ ལང་མི་ ཕོ་སྐྱེས་དེ་ ལྕང་ཇི་ཇི་ལུ་ ཁྱིམ་ཡོད་མི་ ཇོ་བདག་དེ་གིས་ སྲོག་སྐྱབས་འབད་དེ་ ཁྱིམ་ནང་བསྐྱལ་ཡོདཔ་ཨིན་པས།
ཁ་ཉེས་ཕོག་མི་ ཕོ་སྐྱེས་༢ ཀྱིས་ སྣུམ་འཁོར་བ་ཡེག་བཏང་སྟེ་ ཧེ་ཇོ་ལུ་ བྲོས་ཟུར་འབད་ཡོདཔ་ད་ གཞན་མི་༤ གིས་ ལྕང་ཇི་ཇི་ལུ་ ཁོང་རའི་ སྤུན་ཆ་ཅིག་གི་ཁྱིམ་ནང་ སྡོད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ རྐྱེན་ངན་བྱུང་སའི་ ས་ཁོངས་ནང་ལས་ གྱི་ཅུང་དང་ སུ་ཡིསི་གྱི་ཅུང་ དེ་ལས་ ཆང་བི་ཡར་གྱི་ དམ་སྦྱིས་ཚུ་ ཐོབ་ཡོདཔ་ཨིན་པས།
ཆང་ཁང་གི་ ཇོ་བདག་དེ་གིས་ བྱུང་རྐྱེན་གྱི་སྐོར་ལས་ ཁ་གསལ་སླབ་མ་བཏུབ་ནི་དེ་གིས་ ད་ལྟོ་ ཆང་ཁང་གི་ ཆོག་ཐམ་འཕྱོག་བཟུང་འབད་ཡི་ཟེར་ཨིནམ་ད་ ཆོང་ཐམ་དེ་ བསྟན་རྒྱས་ལྷན་ཁག་ལུ་ སྤྲོད་ནི་ཨིན་ཟེར་ སླབ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment