༉ སྤྱི་ཟླ་༥ པའི་ཚེས་༢༨ ལུ་ ཆེ་མཐོ་ཁྲིམས་འདུན་གྱིས་ ཡིག་ཆ་རྫུས་བཟོ་འབད་བའི་ རྩོད་དོན་ཐོག་ལུ་ འཁྲུན་ཆོད་ཅིག་བཏོན་མིའི་ནང་ བསམ་འཕེལ་བཟོ་སྐྲུན་ལས་སྡེའི་ཇོ་བདག་ ཕན་ཅུང་ལུ་ བཙོན་ཁྲིམས་ལོ་༣ དང་ ཁོ་གི་བུ་ ང་རྒྱལ་དབང་འདུས་ལུ་ བཙོན་ཁྲིམས་ལོ་༡ དང་ ཟླཝ་༦ བཀལ་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ལོ་༢༠༡༡ གི་ ཟླཝ་༡༠ པའི་ནང་ བཀྲིས་གཡང་རྩེ་ རྫོང་ཁག་ཁྲིམས་འདུན་གྱིས་ རྩོད་བཤེར་འབད་བའི་སྐབས་ལུ་ ཕན་ཅུང་དང་ ང་རྒྱལ་དབང་འདུས་ལུ་ བཙོན་ཁྲིམས་ལོ་༣ རེ་ བཀལ་ཡོདཔ་ཨིན་པས།
འཁྲུན་ཆོད་དང་འཁྲིལཝ་ད་ མི་སྡེ་སློབ་གྲྭ་ནང་ ཁང་ཚན་༣ འབད་མི་ སློབ་ཁང་༡ དང་ འབུམ་སྡེ་གླིང་ལུ་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཡིག་ཚང་༡ འབདཝ་ད་ ལཱ་ཁག་༢ འཐོབ་ནིའི་དོན་ལུ་ ཕན་ཅུང་གིས་ ཤེས་བཞིན་མཐོང་བཞིན་དུ་ གཡོ་སྒྱུ་དང་ མགུ་སྐོར་རྐྱབ་ཐོག་ལས་ བཀྲིས་གཡང་རྩེ་རྫོང་ཁག་བདག་སྐྱོང་ནང་ ལཱ་འབད་ཡོད་པའི་ ལག་ཁྱེར་རྫུས་མ་བཟོ་སྟེ་ བཙུགས་ནུག་ཟེར་ཨིན་པས།
ཕན་ཅུང་གི་ ཉེས་འཛུགས་ཐད་ཁར་ ཐོག་མའི་ཁྲིམས་འདུན་ལས་ འཁྲུན་ཆོད་བཏོན་གནང་མི་དང་ ཁྱད་པར་མེད་རུང་ ང་རྒྱལ་དབང་འདུས་ཀྱི་ཐད་ཁར་ ཁྲིམས་འགལ་ཨིནམ་ཤེས་བཞིན་དུ་ ཡིག་ཆ་རྫུས་མ་བཟོ་སྟེ་ ཕན་ཅུང་ལུ་ སྡོང་ཟླ་འབད་མི་དེ་ ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༡༣༤ པའི་ ཁ་པ་ལྟར་དུ་ དབྱེ་རིམ་༣ པའམ་༤ པའི་ ཉེས་ཆེན་ནམ་ ཉེས་པ་ཡང་ཕྲའི་ གནོད་འགེལ་འཁྲི་བ་ཅིན་ ཉེས་ལས་དངོས་སུ་འཐབ་མི་དེ་ལས་ འཁྲི་བའི་ཉེས་བྱ་དེ་གི་ ཕྱེད་ཀ་ཕོག་ཟེར་ བཀོད་མི་དང་འཁྲིལ་ཏེ་ བཀལ་ཡོདཔ་ཨིན་པས།
རྫོང་ཁག་ཁྲིམས་འདུན་གྱིས་ ཁག་འབགཔ་གིས་ དུས་ཚོད་ཁར་ ལཱ་མཇུག་བསྡུ་མ་ཚུགས་པའི་ཐད་ཁར་ ཉེས་བྱ་དངུལ་ཀྲམ་ས་ཡ་༡.༩ བཀལ་མི་དེ་ ཕན་ཅུང་གིས་ འཁྲུན་ཆོད་བཏོན་པའི་ ཉིནམ་ལས་འགོ་བཟུང་སྟེ་ ཟླ་ངོ་༦ གི་ནང་འཁོད་ལུ་ བཏབ་དགོཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།
No comments:
Post a Comment