སློབ་གྲྭའི་སློབ་དཔོན་ཚུ་ མི་སྡེའི་བརྡ་བརྒྱུད་དང་ ཡོངས་འབྲེལ་ཤེས་ཡོན་གྱི་ སྦྱོང་བརྡར་འབད་བའི་བསྒང་། |
དེ་ཡང་ སྤ་རོ་ལུ་སྦེ་ སྤྱི་ཟླ་༥ པའི་ཚེས་༢༥ ལས་འགོ་བཙུགས་མི་ མི་སྡེའི་བརྡ་བརྒྱུད་དང་ ཡོངས་འབྲེལ་ཤེས་ཡོན་སྦྱོང་བརྡར་གྱི་སྐབས་ལུ་ བཅའ་མར་གཏོགས་མི་ སློབ་གྲྭའི་སློབ་དཔོན་ཚུ་གི་བར་ན་ གྲོས་བསྡུར་བྱུང་ཡི།
འཆར་སྒོ་དེ་གིས་ མི་མང་གི་དོན་ལུ་ ལྷབ་སྦྱང་དང་འབྲེལ་བའི་ རང་གི་ཆ་རོགས་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་ནི་ དེ་ལས་ ཆ་རོགས་ཚུ་ ག་ཅི་འབད་དོ་ཡོདཔ་ཨིན་ནའི་སྐོར་ལས་ ཤེས་རྟོགས་བྱུང་ཚུགསཔ་ལས་ ཕན་ཁྱད་སྦོམ་འདུག་ཟེར་ཨིན་པས།
སློབ་དཔོན་ལ་ལུ་ཅིག་གིས་འབད་བ་ཅིན་ ཡོངས་འབྲེལ་ཞབས་ཏོག་དེ་ སྤྱོད་པའི་སྐབས་ལུ་ ན་གཞོན་མང་ཤོས་ཅིག་གིས་ ངོ་ཤེས་ འདྲིས་ཤེས་མེད་མི་ཚུ་དང་གཅིག་ཁར་ ཆ་རོགས་བཟོ་དོ་ཡོདཔ་ལས་ སྒེར་གྱི་བརྡ་དོན་ཚུ་ ཉེན་སྲུང་མེདཔ་འགྱོ་མི་དེ་ གནད་དོན་དེ་ལུ་བརྟེན་ཏེ་ ཨིན་པས་ཟེར་ཨིན་པས།
ཁ་ཙ་མཇུག་བསྡུ་མི་ ཉིན་གྲངས་༣ གྱི་ སྦྱོང་བརྡར་ལས་རིམ་དེ་ནང་ ཡོངས་འབྲེལ་དང་ མི་སྡེའི་བརྡ་བརྒྱུད་ཀྱི་ མོ་བཏབ་སློབ་གྲྭ་ཚུ་ནང་གི་ དབུ་འཛིན་དང་ སློབ་དཔོན་༢༠ དེ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
ཡོང་འབྲེལ་ཨིན་ཊར་ནེཊ་ཚུ་ནང་ལས་ བརྡ་དོན་འཚོལ་ཞིབ་དང་ ལག་ལེན་འཐབ་ཐངས་ དེ་ལས་ བརྡ་དོན་འཕྲུལ་རིག་ཚུ་ལུ་བརྟེན་པའི་ འཛམ་གླིང་གི་གནས་སྟངས་ ག་དེ་སྦེ་ གྱུར་བ་འགྱོ་དོ་ཡོདཔ་ཨིན་ན་ཚུ་གི་སྐོར་ལས་སློབ་སྦྱོང་འབད་ཡོདཔ་ཨིན་པས།
སྦྱོང་བརྡར་འགོ་འདྲེན་འཐབ་མི་གིས་འབད་བ་ཅིན་ སྦྱོང་བརྡར་ལས་རིམ་དེ་ལུ་བརྟེན་ འཛམ་གླིང་ནང་ སྤྱིར་བཏང་ བརྡ་དོན་དང་ བརྒྱུད་འབྲེལ་གྱི་འགྱུར་བ་ཚུ་ ངོས་འཛིན་འབད་ཚུགས་མི་གིས་མ་ཚད་ བརྡ་བརྒྱུད་ རེ་ཌིའོ་དང་ རྒྱང་མཐོང་ཊེ་ལི་བི་ཤཱན་ དེ་ལས་ གནས་ཚུལ་གསར་ཤོག་དང་ གནས་ཚུལ་གསར་བཏོན་པ་ཚུ་གི་སྐོར་ལས་ ཧ་གོ་ཚུགས་ཟེར་ཨིན་པས།
སྦྱོང་བརྡར་བྱིན་མི་ དགེ་བཤེས་ མའི་ཀཱལ་ ཀ་ར་པི་ཏ་གིས་འབད་བ་ཅིན་ འབྲུག་ལུ་ ཡོངས་འབྲེལ་ཞབས་ཏོག་ ལག་ལེན་འཐབ་ནི་དེ་ ད་ལྟོ་ གོང་འཕེལ་འགྱོ་བའི་བསྒང་ར་ཡོདཔ་ལས་ ཤུལ་ལས་ཕན་ཐོགས་འབྱུང་ཚུགས་ནི་ཨིན་རུང་ ཞབས་ཏོག་ཚུ་ ཉེན་སྲུང་ཐོག་ལུ་ ལག་ལེན་འཐབ་ཐངས་ཚུ་ཡང་ ཤེས་དགོཔ་གལ་ཆེ་ཟེར་ཨིན་པས།
སྦྱོང་བརྡར་ལས་རིམ་དེ་ནང་ བཅའ་མར་གཏོགས་མི་ དགའཝ་སྤེལ་འབྲིང་རིམ་སློབ་གྲྭ་བར་མའི་སློབ་དཔོན་ བི་ནོཌ་ རའི་ཀ་གིས་འབད་བ་ཅིན་ དེ་བཟུམ་མའི་ དམིགས་བསལ་ མི་སྡེའི་ཡོངས་འབྲེལ་ཞབས་ཏོག་ ལག་ལེན་འཐབ་ནི་དེ་ སློབ་ཕྲུག་ཚུ་ལུ་ སྟོན་མི་དགོ་རུང་ ཉེན་སྲུང་ཐོག་ལུ་ ལག་ལེན་འཐབ་དགོ་པའི་སྐོར་ལས་ སླབ་དགོཔ་དེ་ གལ་ཆེ་བས་ཟེར་ཨིན་པས།
དེ་ལུ་བརྟེན་ན་གཞོན་ཚུ་གིས་ ཞབས་ཏོག་ཚུ་ ལོག་སྤྱོད་འབད་ནི་ལས་ བཀག་ཚུགས་མི་གིས་མ་ཚད་ དཔེ་འབད་བ་ཅིན་ ཕེསི་བུག་ བཟུམ་ཅིག་འབད་བ་ཅིན་ འཆར་སྒོ་ནང་ལས་ བརྡ་དོན་དང་ སློབ་སྟོན་ཚུ་ཡང་ ལེ་ཤ་ཅིག་ར་ ཐོབ་ཚུགསཔ་ལས་ མ་འོངས་པ་ལུ་ སློབ་སྟོན་གྱི་ ལག་ཆས་བཟུམ་ཅིག་སྦེ་ཡང་ ལག་ལེན་འཐབ་བཏུབ་ནི་མས་ཟེར་ ཨིན་པས།
བརྡ་དོན་ལས་ཁུངས་ཀྱི་ འགོ་དཔོན་ ཚེ་རིང་དོན་གྲུབ་ཀྱིས་སླབ་མིའི་ནང་ སྦྱོང་བརྡར་དེ་ འཆར་གཞི་༡༠ པའི་ནང་ སློབ་གྲྭ་དག་པ་ཅིག་ནང་ འགོ་འདྲེན་འཐབ་ཡོད་པའི་ བརྡ་དོན་དང་ བརྡ་བརྒྱུད་ཤེས་ཡོན་ལས་རིམ་གྱི་ ཆ་ཤས་ཅིག་ ཨིན་ཟེར་ཨིན་པའི་གནས་ཚུལ།
ཉི་མ་དབང་འདུས།
No comments:
Post a Comment