གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྡོ་རྗེ་སློབ་དཔོན་གྱིས་ དགེ་སློང་༢༠༠ ལུ་ དགེ་ཚུལ་གྱི་ སྡོམ་པ་གནང་ཡོདཔ།

༢༠/༢༠༡༢   ༉ ཁ་ཙ་ ཐིམ་ཕུ་བདེ་ཆེན་ཕོ་བྲང་ལྷ་ཁང་ནང་སྦེ་ གཞུང་གྲྭ་ཚང་ཁག་གི་ རྡོ་རྗེ་སློབ་དཔོན་ཀུན་ལེགས་མཆོག་གིས་དགེ་སློང་ཞལ་གྲངས་༢༠༠ དེ་ཅིག་ལུ་ དགེ་ཚུལ་གྱི་སྡོམ་པ་གནང་ཡོདཔ་ཨིན་པས།
དེ་ཡང་ ཐིམ་ཕུ་ རྟ་མགོ་མཐོ་རིམ་བཤད་གྲྭ་དང་ མདོ་སྡེ་བྲག་བཤད་གྲྭ་ བདེ་ཆེན་ཕོ་བྲང་སློབ་གྲྭ་ སྤང་རི་ཟམ་པའི་བཤད་གྲྭ་ སེམས་རྟོགས་ཁ་གྲྭ་ཚང་དང་ སྤུ་ན་ཁ་ ན་ལནྜ་བཤད་གྲྭ་ དེ་ལས་ སྤ་རོ་གསང་ཆོས་འཁོར་བཤད་གྲྭའི་ དགེ་སློང་ཚུ་ཡོདཔ་ཨིན་པས།

རྡོ་རྗེ་སློབ་དཔོན་ཀུན་ལེགས་མཆོག་གིས་ སྡོམ་པ་གནང་པའི་བསྒང་།


དགེ་ཚུལ་གྱི་སྡོམ་པ་ཟེར་མི་འདི་ ཐར་པའི་ལམ་བསྒྲུབ་པའི་སྐབས་ བྱ་བ་ག་ཅི་འབད་རུང་ མི་དགེ་བའི་ལཱ་ཚུ་ཕར་སྤང་ནི་ དགེ་བའི་ལཱ་ ཚུལ་མཐུན་གཙང་མའི་ སྒོ་ལས་སྲུང་མི་ལུ་ སླབ་ཨིན་པས།
སྤྱིར་བཏང་ སྡོམ་པ་ལུ་ དབྱེ་བ་གསུམ་ཡོད་མི་དེ་ཡང་ ཕྱི་སོ་སོར་ཐར་པའི་སྡོམ་པ་དང་ ནང་བྱང་ཆུབ་སེམས་ཀྱི་སྡོམ་པ་ དེ་ལས་ གསང་བ་སྔགས་ཀྱི་སྡོམ་པ་ཟེར་༣ ཡོད་མི་ལས་ དགེ་ཚུལ་གྱི་སྡོམ་པ་དེ་ ཕྱི་སོ་ཐར་གྱི་ ནང་གསེས་ཅིག་ཨིན་པས།
ཕྱི་སོ་སོར་ཐར་པའི་སྡོམ་པ་དེ་ཡང་ དགེ་བསྙེན་ དགེ་ཚུལ་ དགེ་སློང་གསུམ་གྱི་གྲས་ལས་ བར་མ་ དགེ་ཚུལ་གྱི་སྡོམ་པ་བླངས་མི་དེ་ལུ་སླབ་ཨིན་པས།
དགེ་ཚུལ་སྡོམ་པའི་སྲུང་བྱ་དེ་ རག་པ་༡༠ ལེགས་ཤོམ་སྦེ་ སྲུང་དགོ་མི་དེ་ཡང་ སྲོག་གཅོད་པ་ མ་བྱིན་པ་ལེན་པ་ མི་ཚངས་སྤྱོད་པ་ རྫུན་སྨྲ་བ་ ཆང་འཐུང་བ་ དུས་མིན་ཟས་ཟ་བ་ མལ་གདན་ཆེ་མཐོ་ སེར་དངུལ་ལེན་པ་ ཁྲི་གདན་མཐོན་པོ་ དེ་ལས་ གར་སོགས་༣ དང་ འཕྲེང་སོགས་༣ ཚུ་ ཚེ་ཐེངས་གཅིག་ནང་ ཉམས་པ་མེད་པར་ སྲུང་དགོཔ་ཨིན་པས།
མདོ་སྡེ་བྲག་ལས་ སློབ་དཔོན་ཅིག་གིས་ ལོ་བསྟར་བཞིན་དུ་ གཞུང་གྲྭ་ཚང་དང་ བཤད་གྲྭ་ཁག་ཚུ་ནང་ལས་ དགེ་སློང་ཚུ་གིས་ དགེ་ཚུལ་གྱི་སྡོམ་པ་དེ་ རང་གི་འདོད་པ་དང་འཁྲིལ་ ཞུ་དོ་ཡོདཔ་བཞིན་དུ་ རང་ཟླ་༥ པའི་ཚེས་༣༠ ལུ་ དུས་བཟང་ཁྱད་པར་ཅན་གྱི་ ཉིནམ་དང་འབྲེལ་ དུས་ཅི་ དགེ་ཚུལ་གྱི་སྡོམ་པའི་དོན་ལུ་ དགེ་སློང་ཞལ་གྲངས་༢༠༠ དེ་ཅིག་ཡོད་མི་ལས་ ཁ་ཙ་ དགེ་སློང་ཞལ་གྲངས་༨༠ གིས་ རྡོ་རྗེ་སློབ་དཔོན་མཆོག་ལས་ དགེ་བསྙེན་གྱི་སྡོམ་པ་དང་ དགེ་ཚུལ་གྱི་སྡོམ་པ་ཚུ་ ཞུ་ཡོདཔ་ཨིན་པས།
དགེ་ཚུལ་གྱི་སྡོམ་པ་ཞུ་མི་ དགེ་སློང་ཚུ་གིས་ རག་པ་༡༠ དེ་ ལེགས་ཤོམ་སྦེ་སྲུང་ཚུགས་པ་ཅིན་ ཚེ་འདི་ཕྱི་གཉིས་ཀ་སངས་རྒྱས་པའི་ལམ་ བཟང་ཚུགས་ནི་ཨིན་རུང་ གལ་སྲིད་ དགེ་ཚུལ་གྱི་སྡོམ་པ་དེ་ ཉམས་སོང་པ་ཅིན་ ངན་སོང་༣ གྱི་སྡུག་བསྔལ་མྱོང་དགོ་ནི་ཨིན་པས།
རྟ་མགོ་མཐོ་རིམ་བཤད་གྲྭའི་ འཛིན་གྲྭ་༩ པའི་སློབ་ཕྲུག་ ཀུན་དགའ་དཔལ་འབྱོར་གྱིས་ སླབ་མི་དང་འཁྲིལཝ་ད་ དལ་འབྱོར་གྱི་མི་ལུས་རིན་ཆེན་ཐོབ་ཚར་བའི་ཤུལ་ལུ་ དགེ་ཚུལ་གྱི་སྡོམ་པ་ཞུ་ཐོག་ལས་ སངས་རྒྱས་ནིའི་ལམ་ཚུ་ རང་གིས་ ལེགས་ཤོམ་སྦེ་ སྲུང་ཚུགསཔ་འདྲཝ་ཅིག་ འབད་བ་ཅིན་ ལུས་ངག་ཡིད་༣ གྱི་ ལས་ངན་སྡིག་སྒྲིབ་དག་སྟེ་ ཐར་པ་སངས་རྒྱས་ཀྱི་གོ་འཕང་འཐོབ་ཚུགས་པའི་ ལམ་བཟང་པོ་ཅིག་ཨིནམ་ལས་བརྟེན་ ཨིན་ཟེར་ཨིན་པས།
དགེ་སློང་ཚུ་གི་རྒྱུད་ལུ་ སྡོམ་པ་ཡོད་མི་དང་ མེད་མི་གཉིས་ཀྱི་བར་ན་ ཁྱད་པར་སྦོམ་ཡོད་མི་དེ་ཡང་ རང་རྒྱུད་ལུ་སྡོམ་པ་མེད་མི་གིས་ དགེ་བ་བརྒྱ་གཅིག་སྒྲུབ་མི་དང་ སྡོམ་པ་ཡོད་མི་གིས་ དགེ་བ་གཅིག་སྒྲུབ་མི་གཉིས་ལུ་ ཁྱད་པར་མེདཔ་བཟུམ་ཅིག་ ཨིན་ཟེར་ཨིན་པས།
དགེ་ཚུལ་གྱི་སྡོམ་པ་ ཞུ་ཚར་བའི་རྗེས་སུ་ རག་པ་༡༠ སྲུང་དགོཔ་ཨིན་རུང་ སྡོམ་པ་ཤོར་སོང་པ་ཅིན་ གཞུང་གྲྭ་ཚང་ལས་ ཉེས་ཁྲིམས་བཀལ་ནིའི་སྲོལ་ཡོདཔ་མ་ཚད་ ཚེ་ཕྱི་མ་ངན་སོང་༣ གྱི་ སྡུག་བསྔལ་མྱོང་དགོཔ་ཡོདཔ་ལས་ དེ་ལུ་ དོགས་ཟོན་དང་ ཡིད་ཆས་སྦོམ་སྐྱེད་དགོ་ཟེར་ཨིན་པས།
ད་རེས་སྡོམ་པ་ཞུ་མིའི་ལྷག་ལུས་ དགེ་སློང་༡༢༠ དེ་ཅིག་ཡོད་མི་ཚུ་ལུ་ ཤུལ་ལས་སྡོམ་པ་གནང་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment