གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནས་ཚུལ་གྱི་ སྤུས་ཚད་ལེགས་བསྒྱུར་བཟོ་ཚུགས་པའི་རེ་བ།

༢༣/༧/༢༠༡༢   ༉ འབྲུག་རྒྱལ་ཁབ་འདི་ དམངས་གཙོའི་རིང་ལུགས་ཀྱི་ ལམ་ཕྱོགས་ལུ་ཞུགས་ཏེ་ ལོ་ངོ་༤ ལྷགཔ་ཅིག་སོང་བའི་ དུས་ཡུན་ཐུང་ཀུ་ཅིག་གི་ནང་ར་ བརྡ་བརྒྱུད་ལས་ཁང་ཚུ་ རྣམ་རྟོག་ལང་སི་སི་སྦེ་ ཡར་འཕར་སོང་ཡོད་རུང་ བརྡ་བརྒྱུད་ཀྱི་ ལཱ་འབད་མི་ མང་ཤོས་ཅིག་ར་ སྦྱོང་བརྡར་དང་ ཉམས་མྱོང་མེདཔ་ལས་ གནས་ཚུལ་ཚུ་གི་ སྤུས་ཚད་ལུ་ ཐོ་ཕོག་ཉེན་ཡོདཔ་ཨིན་པས།


དེ་ཡང་ བརྡ་བརྒྱུད་ཀྱི་ནང་ལས་ དམིགས་བསལ་དུ་ གསར་ཤོག་ལ་ལུ་ཅིག་གིས་ གནས་ཚུལ་མང་ཤོས་ར་ ཕྱོགས་གཅིག་སྦེ་ གསལ་བཀོད་འབདཝ་མ་ཚད་ གསར་ཤོག་ལ་ལུ་ཅིག་ནང་ གནས་ཚུལ་ཚུ་ བསམ་འཆར་དང་ དབྱེ་བ་མེདཔ་སྦེ་ བྲིས་མི་ལུ་ལྟཝ་ད་ བརྡ་བརྒྱུདཔ་དང་ གནས་ཚུལ་ལས་བྱེདཔ་ཚུ་ལུ་ གནས་ཚུལ་འབྲི་ཐངས་དང་ བསྡུ་ལེན་འབད་ཐངས་ཀྱི་ གཞི་རྟེན་སྦྱོང་བརྡར་ངེས་པར་དུ་ བྱིན་དགོཔ་འདུག་ཟེར་ བརྡ་བརྒྱུད་ཀྱི་ མཁས་མཆོག་ཚུ་གིས་ བཤདཔ་ཨིན་པས།
ཨིན་རུང་ གནས་ཚུལ་གྱི་ སྤུས་ཚད་ཚུ་ ལེགས་བསྒྱུར་འགྱོ་ནི་གི་ རེ་བ་ཡོད་མི་དེ་ཡང་ ནངས་པ་ལས་འགོ་བཙུགས་ གསར་ཤོག་དང་ རྒྱང་བསྒྲགས་ཚུ་ནང་ ལཱ་འབད་མི་ རྩོམ་སྒྲིག་འགོ་དཔོན་དང་ གནས་ཚུལ་ལས་བྱེདཔ་ དེ་ལས་ ཚོང་བསྒྲགས་ནང་ ལཱ་འབད་མི་ཚུ་གི་དོན་ལུ་ སྦྱོང་བརྡར་ཁག་༥ དེ་ཅིག་ འགོ་འདྲེན་འཐབ་ནི་ཨིན་པས།
འབྲུག་བརྡ་བརྒྱུད་གཞི་ཚོགས་ཀྱིས་ རྒྱལ་ཁབ་ནང་ བརྡ་བརྒྱུད་ཚུལ་ལྡན་སྦེ་ གོང་འཕེལ་གཏང་ནི་ལུ་ རྒྱབ་སྐྱོར་འབད་ནི་གི་ འགན་དབང་ཡོད་མི་དང་འཁྲིལ་ ཐིམ་ཕུ་ལུ་ སྤྱི་ཟླ་༧ པའི་ཚེས་༢༤ ལས་ སྤྱི་ཟླ་༨ པའི་ཚེས་༡༢ ཚུན་ ཨིང་ལིཤ་གསར་ཤོག་དང་ རྫོང་ཁ་གསར་ཤོག་གཉིས་ནང་ ལཱ་འབད་མི་ཚུ་གི་དོན་ལུ་ གནས་ཚུལ་རིག་པའི་ གཞི་རྟེན་སྦྱོང་བརྡར་༢ དང་ ཨིང་སྐད་དང་ རྫོང་ཁའི་རྩོམ་སྒྲིག་འགོ་དཔོན་ཚུ་གི་ རྩོམ་སྒྲིག་སློབ་སྦྱོང་༢ དེ་ལས་ གསར་ཤོག་བཀྲམ་སྤེལ་དང་ ཚོང་བསྒྲགས་འཛིན་སྐྱོང་པ་ཚུ་ལུ་ ཚོང་འབྲེས་འཛིན་སྐྱོང་གི་ སྦྱོང་བརྡར་ཚུ་ འགོ་འདྲེན་འཐབ་ནི་ཡོདཔ་ཨིན་པས།
ཨིང་ལིཤ་གསར་ཤོག་ཚུ་ནང་ ལཱ་འབད་མི་ཚུ་གི་དོན་ལུ་ སློབ་སྦྱོང་གཉིས་ཆ་ར་ ཕྱི་རྒྱལ་གྱི་ སློབ་སྟོན་པ་༧ གྱིས་ བྱིན་ནི་དང་ རྫོང་ཁའི་གསར་ཤོག་ཚུ་གི་དོན་ལུ་ གསར་ཤོག་ནང་ལཱ་འབད་བའི་ ཉམས་མྱོང་ཡོད་མི་ འབྲུག་མི་༣ གྱིས་ བྱིན་ནི་ཨིན་ཟེར་ འབྲུག་བརྡ་བརྒྱུད་གཞི་ཚོགས་ཀྱིས་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
སློབ་སྦྱོང་གི་ དོན་ཚན་དང་ སྒྲིག་གཞི་ཚུ་ཡང་ སློབ་སྟོན་པ་ཚུ་དང་ གྲོས་བསྟུན་འབད་ཐོག་ལས་ ད་རེས་ནངས་པའི་ དགོས་མཁོ་ཚུ་དང་འཁྲིལ་ བཟོ་བཀོད་འབད་ཡོདཔ་ད་ གཞི་རྟེན་གནས་ཚུལ་བསྡུ་བཀོད་འབད་ཐངས་ཀྱི་ སློབ་སྦྱོང་ཚུ་ནང་ གནས་ཚུལ་ལས་བྱེད་པའི་ལཱ་དང་འགན་ཁུར་ གནས་ཚུལ་ལྷམ་པ་མ་འདྲཝ་ཡོད་མི་དང་ གནས་ཚུལ་བསྡུ་ལེན་འབདཝ་ད་ ཁྱད་ཆོས་ཚང་དགོཔ་ གནས་ཚུལ་གྱི་ སྒྲིག་གཞི་བཀོད་ཐངས་དང་ གནས་ཚུལ་གྱི་ སྤྱི་དོན་འབྲི་ཐངས་ཀྱི་ གནད་དོན་ཚུ་ ཚུད་ཡོདཔ་ཨིན་པས།
བརྡ་བརྒྱུད་དང་འབྲེལ་བའི་ སྦྱོང་བརྡར་ཚུ་ནང་ མི་གྲངས་༡༣༥ དེ་ཅིག་གིས་ བཅའ་མར་གཏོགས་ནིའི་དོན་ལུ་ ཐོ་བཀོད་འབད་ཡོད་མིའི་གྲས་ལས་ གསར་ཤོག་དང་ རྒྱང་བསྒྲགས་ཚུ་ནང་ ལཱ་འབད་མི་༡༡༦ དེ་ཅིག་ཡོདཔ་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment