གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བུཚ་༦ གིས་ སློབ་གྲྭའི་སྲུང་རྒྱབ་ཅིག་ བརྡུང་རྫོབ་འབད་ཡོདཔ།

༢༤/༧/༢༠༡༢   ༉ སྤྱི་ཟླ་༧ པའི་ཚེས་༡༧ ལུ་ ཐིམ་ཕུ་ མུ་ཏིག་ཐང་འབྲིང་རིམ་སློབ་གྲྭ་གོང་མིའི་ སྲུང་རྒྱབ་དེ་ བུཚ་༦ གིས་ བརྡུང་རྫོབ་འབད་ཡོདཔ་ལས་ ད་ལྟོ་ སྨན་བཅོས་འབད་བའི་བསྒང་ ཡོདཔ་ཨིན་པས།
དབང་འདུས་ཕོ་བྲང་ལས་ཨིན་མི་ སྲུང་རྒྱབ་དེ་ ཁ་དང་མིག་ཏོ་ ལགཔ་དང་རྐངམ་ཚུ་གུ་ རྨ་སྐྱོན་ཚུ་ སྦོམ་སྦེ་ར་ བཏོན་ཡོདཔ་ཨིན་པས།



མུ་ཏིག་ཐང་འབྲིང་རིམ་སློབ་གྲྭ་གོང་མིའི་ དབུ་འཛིན་གྱིས་ ཉམས་རྒུདཔ་སྲུང་རྒྱབ་དེ་ལུ་ གལ་སྲིད་ བརྡ་བརྒྱུདཔ་ཚུ་ གནད་དོན་འདི་གི་སྐོར་ལས་ དྲི་དཔྱད་འབད་བར་ འོང་པ་ཅིན་ མ་སླབ་ཟེར་ སླབ་ཡོདཔ་ཨིན་པས།
མུ་ཏིག་ཐང་ལས་ མིང་སླབ་མ་བཏུབ་མི་ གནས་ཚུལ་བཤད་མི་ཅིག་གིས་ སླབ་མི་དང་འཁྲིལཝ་ད་ དེ་ཚེ་ཕྱི་རུ་ སློབ་གྲྭའི་ཉེ་འདབས་ལུ་ སྐད་རྐྱབ་སར་ གོ་མི་ལུ་བརྟེན་ སྲུང་རྒྱབ་དང་གཅིག་ཁར་ གཞན་མི་ལས་བྱེདཔ་༣ སོང་ཡོདཔ་བཞིན་དུ་ སྲུང་རྒྱབ་དེ་གིས་ ཤིང་༡ གི་འོག་ལུ་ འཛུལ་ཞིནམ་ལས་ སློབ་གྲྭའི་ས་ཁོངས་ནང་འོང་མི་ བུཚ་ཚུ་གིས་ སློབ་གྲྭ་ལུ་ གནོདཔ་མི་བཀལ་ག་ཟེར་ ལྟ་སྡོད་པའི་སྐབས་ བུཚ་ཚུ་གིས་ ཐད་ཀར་དུ་འོང་སྟེ་ ཁོ་ལུ་ བརྡུང་རྫོབ་འབད་ནུག་ཟེར་ཨིན་པས།
བྱུང་རྐྱེན་དེ་ དེ་ཚེ་ ནུབ་མོའི་ཆུ་ཚོད་༡༡ དེ་ཅིག་ཁར་ བྱུང་ཡོདཔ་ཨིན་པས།
བུཚ་སྡེ་ཚན་དེ་གིས་ ནུབ་མོའི་ཆུ་ཚོད་༩ དེ་ཅིག་ཁར་ སློབ་གྲྭའི་ས་ཁོངས་ནང་ འཛུལ་ནི་གི་ དཔའ་བཅམ་དེས་ཟེར་ མུ་ཏིག་ཐང་འབྲིང་རིམ་སློབ་གྲྭ་གོང་མའི་ གནས་ཚུལ་བཤད་མི་ཅིག་གིས་ བཤདཔ་ཨིན་པས།
ཉམས་རྒུདཔ་དང་ ཁོ་གི་ ཆ་རོགས་ཚུ་གིས་ བུཚ་ཚུ་ ངོ་མ་ཤེསཔ་ལས་ ཁྲིམས་སྲུང་འགག་པ་ཚུ་གིས་ འཚོལ་བའི་བསྒང་ ཡོད་ཟེར་ཨིན་པས།
སློབ་གྲྭའི་ཁ་ཐུག་ལས་ སྤྱི་ཟླ་༧ པའི་ཚེས་༢༠ ལུ་ ཁྲིམས་སྲུང་འགག་པའི་ ཡིག་ཚང་ནང་ སྙན་ཞུ་འབད་ཡོདཔ་ཨིན་རུང་ ཀུན་གསལ་གྱིས་ ཁྲིམས་སྲུང་འགག་པ་དང་གཅིག་ཁར་ འབྲེལ་བ་འཐབ་མ་ཚུགས།
དེ་བཟུམ་སྦེ་འཇིགས་མེད་རྣམ་རྒྱལ་འབྲིང་རིམ་སློབ་གྲྭ་འོག་མའི་ སློབ་ཕྲུག་བགྲེསཔ་ཅིག་གིས་ མུ་ཏིག་ཐང་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་དཔོན་༡ གི་ སྣུམ་འཁོར་གྱི་ཤེལ་ དཀྲུམས་བཏང་མི་ལུ་བརྟེན་ ཁྲིམས་སྲུང་འགག་པ་ཚུ་གིས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
དོགས་ཅན་ སློབ་ཕྲུག་དེ་གིས་ ཆང་འཐུང་ཞིནམ་ལས་ བྱ་ངན་དེ་ འབད་ནུག་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment