གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བྱང་ཆུབ་མཆོད་རྟེན་ གསར་བསྒྲུབས་ཀྱི་བཀྲིས་རབ་གནས།

ཆུ་༣ དང་ ས་གྲུ་༣ འཛོམས་པའི་སྦུག་ལུ་ གསར་བཞེངས་འབད་མི་ མཁོ་མ་དུར་ཁྲོད།
༢༥/༠༧/༢༠༡༢། ༉ རང་ཟླ་༦ པའི་ཚེས་༤ ལུ་ སྟོན་པ་སངས་རྒྱས་ཀྱིས་ ཆོས་འཁོར་བསྐོར་བའི་དུས་ཆེན་ཁྱད་པར་ཅན་གྱི་ ཉིནམ་དང་འབྲེལ་ ཀུར་སྟོད་སེང་གེ་རྫོང་དང་ མོང་སྒར་ ཨ་བརྒྱ་གནས་ དེ་ལས་ བལ་ཡུལ་མཁན་པ་ལྗོངས་ཀྱི་ ཆུ་༣ དང་ ས་གྲུ་༣ འཛོམས་པའི་ ཡོངས་གྲགས་ཅན་གྱི་ མཁོ་མ་དུར་ཁྲོད་ཀྱི་ ཉེ་འདབས་ལུ་ སྤྱིར་འཛམ་གླིང་དང་ ལྷག་པར་དུ་ འབྲུག་རྒྱལ་ཁབ་ཀྱི་ བདེ་སྲུང་ལུ་དམིགས་ཏེ་ བྱང་ཆུབ་མཆོད་རྟེན་ཅིག་ གསར་བསྒྲུབས་འབད་མིའི་ བཀྲིས་རབ་གནས་ གནང་ཡོདཔ་ཨིན་པས།
དེ་ཡང་ ཕིཊ་གྲུ་བཞི་༤༤ དང་ རིང་ཚད་ཕིཊ་༩༢ འབད་མི་ བྱང་ཆུབ་མཆོད་རྟེན་དེ་ བླམ་རྣམ་གྲོལ་བཟང་པོ་དང་ ལྷུན་རྩེ་རབ་སྡེའི་ མི་ཤི་བླམ་ འགྱུར་མེད་མཐུ་སྟོབས་༢ ཀྱིས་ འགོ་འདྲེན་ཐོག་ སྤྱི་ལོ་༢༠༡༠ ལས་ གསར་བཞེངས་འབད་མིའི་ བཀྲིས་རབ་གནས་དེ་ ལྷུན་རྩེ་རབ་སྡེའི་ མི་ཤི་བླམ་དང་ དགེ་སློང་ཞལ་གྲངས་༥༠ དེ་ཅིག་གིས་ གནང་ཡོདཔ་ཨིན་པས།
མཁོ་མ་དུར་ཁྲོད་ཀྱི་ ཉེ་འདབས་ལུ་ དེ་བཟུམ་གྱི་ བྱང་ཆུབ་མཆོད་རྟེན་ཅིག་ བཞེངས་ཚུགས་པ་ཅིན་ སྤྱིར་འཛམ་གླིང་དང་ ལྷག་པར་དུ་ འབྲུག་རྒྱལ་ཁབ་ནང་ ནད་མུག་འཁྲུག་རྩོད་ཚུ་ཞི་སྟེ་ རྒྱལ་ཁབ་ནང་ ཆར་ཆུ་དུས་སུ་འབབ་ ལོ་ཕྱུགས་རྟག་ཏུ་ལེགས་ནིའི་རྟེན་འབྲེལ་ལུ་ བཞེངས་གནང་ཡི་ཟེར་ འགོ་འདྲེན་པ་ འགྱུར་མེད་མཐུ་སྟོབས་ཀྱིས་ སླབ་ཨིན་པས།
དེ་མ་ཚད་ མཁོ་མ་དུར་ཁྲོད་དེ་ རྒྱལ་ཁབ་ནང་ ཡོངས་གྲགས་ཅན་དང་ བྱིན་ཅན་ཅིག་ཨིནམ་ལས་བརྟེན་ ཤར་ཕྱོགས་རྫོང་ཁག་གི་ མི་སེར་ཚུ་མ་ཚད་ ནུབ་ཕྱོགས་དང་ དབུས་ཕྱོགས་རྫོང་ཁག་ཚུ་གི་ མི་སེར་ཚུ་གིས་ཡང་ རང་སོའི་ དད་མོས་དང་འཁྲིལ་ཏེ་ མེ་སྦྱང་འབད་བར་ དུར་ཁྲོད་དེ་ནང་ འོང་དོ་ཡོདཔ་ད་ མཆོད་རྟེན་དེ་ མཇལ་བ་ཙམ་དང་ ཐོས་པ་ཙམ་གྱིས་ཡང་ ངན་སོང་གསུམ་ལས་འགྲོལ་ཚུགས་པའི་ ནུས་པ་ཡོད་ཟེར་ཨིན་པས།
ལྷུན་རྩེ་རྫོང་ཁག་ སྟག་མོ་ཆུ་དང་ རྒྱ་རེ་ སྨིན་རྒྱས་ སྒང་ཟུར་ དེ་ལས་ མཁོ་མ་རྒེད་འོག་གི་ མི་སེར་གྱི་ཚུ་གིས་ཡང་ རང་སོའི་ ཚོགས་བསགས་སྒྲིབ་སྦྱང་གི་དོན་ལུ་ཨིན་ཟེར་ མནོ་བསམ་བཏང་སྟེ་ ཞབས་ཏོག་ཞུ་བར་ འོང་ཡོདཔ་མ་ཚད་ རྫོང་ཁག་གི་ ཞི་གཡོགཔ་ཚུ་གིས་ཡང་ གཞུང་གི་ངལ་གསོའི་སྐབས་ལུ་ ཞབས་ཏོག་ཞུ་བར་ འོང་ཡོདཔ་ལས་ འཆར་གཞི་དང་འཁྲིལ་ཏེ་ དུས་ཅི་ མཇུག་བསྡུ་ཚུགསཕ་ལས་ འཛམ་གླིང་ནང་ དུས་ཆེན་ཁྱད་པར་ཅན་གྱི་ ཉིནམ་དང་འབྲེལ་ཏེ་ བཀྲིས་རབ་གནས་ གནང་ཚུགས་མི་ལུ་བརྟེན་ བསམ་པ་རྫོགས་ཡོདཔ་ཨིན་པས།
འགོ་འདྲེན་པ་ མི་ཤི་བླམ་ འགྱུར་མེད་མཐུ་སྟོབས་ཀྱིས་ སླབ་མིའི་ནང་ བྱང་ཆུབ་མཆོད་རྟེན་བཞེངས་ནིའི་དོན་ལུ་ མི་སྟོབས་མ་ལང་པའི་ དཀའ་ངལ་མེད་རུང་ བཞེངས་པའི་སྐབས་ལུ་ མཁོ་མ་ལུ་འགྱོ་སའི་ ཟམ་དེ་ རྙིངམ་ཐལ་མི་ལུ་བརྟེན་ ཟམ་དེ་ཁར་ལས་ འགྲོ་འགྲུལ་བཀག་ཆ་ འབད་ཡོདཔ་ལས་ རྡོ་ལེབ་ཚུ་ ཀུ་རི་ཆུ་ཕར་ཁ་ལུ་ གི་ལིང་འཕྲུལ་ཆས་ཀྱི་ཐོག་ལས་ སྐྱེལ་འདྲེན་འབད་དགོ་པས་ཟེར་ཨིན་པས།
གནད་དོན་དེ་ལུ་བརྟེན་ བྱ་སྟབས་མ་བདེཝ་ དུམ་གྲ་རེ་ཐོན་ཡོད་རུང་ ཇི་སྲིད་བསྐལ་པ་མ་སྟོང་གི་བར་དུ་ ད་རེས་བཞེངས་ཡོད་པའི་ མཆོད་རྟེན་དེ་གིས་ སེམས་ཅན་ཐམས་ཅད་ ངན་སོང་གསུམ་གྱི་ སྡུག་བསྔལ་ལས་འགྲོལ་ཏེ་ ཐར་པ་སངས་རྒྱས་ཀྱི་གོ་འཕང་ འཐོབ་ཚུགས་པའི་རེ་སྨོན་ཡོད་ཟེར་ཨིན་པས།
མཆོད་རྟེན་གྱི་ནང་རྟེན་དེ་ཡང་ ཕུར་པ་འབུམ་དང་ གཞན་ཡང་ གུ་རུ་དང་ ཕྱག་རྡོར་ རིགས་གསུམ་མགོན་པོ་ རྒྱལ་བའི་གསུང་རབ་ བཀའ་འགྱུར་ལ་སོགས་པ་ མང་རབས་ཅིག་ བཞུགས་སུ་གསོལ་ཡོདཔ་མ་ཚད་ མཆོད་རྟེན་གྱི་མཐའ་བསྐོར་ཏེ་ བདེ་བཤེགས་མཆོད་རྟེན་༨ ལ་སོགས་པའི་ མཆོད་རྟེན་ཚུ་རྩིས་ཏེ་ བསྡོམས་ཀྱིས་ ས་གནས་དེ་ཁར་ མཆོད་རྟེན་༡༢༠ དེ་ཅིག་ ཕྱི་ནང་མེད་པར་ བཞེངས་ཚར་ཡོདཔ་ལས་ མ་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༣ ལྷགཔ་ཅིག་ ཟད་འགྲོ་གནས་ཡོད་པའི་གནས་ཚུལ།

བདེ་ཆེན་ཚེ་རིང་།



No comments:

Post a Comment