གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་མི་དེད་གཡོགཔ་༡ གི་ཕུངམ་ ནུབ་བེང་གཱལ་ལས་ཐོབ་ཡོདཔ།

དེད་གཡོགཔ་གིས་ རྒྱ་གར་གྱི་མི་ ཁ་བསྡོམས་ཐོག་ལས་ སྣུམ་འཁོར་ཊཱག་ རྒྱ་གར་དང་ ནེ་པཱལ་གྱི་ ས་མཚམས་ཁར་ བཙོང་ནི་གི་ དཔའ་བཅམ་ཡོད་པའི་དོགས་པ།

༉ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་ཅིག་ གར་སོང་མེད་པར་བྱང་སྟེ་ ཉིནམ་༤ གི་ཤུལ་ལུ་ ཁོ་གི་ཕུངམ་དེ་ རྒྱ་གར་ནུབ་བེང་གཱལ་གྱི་ཁྲོམ་སྡེ་ སི་ལི་གུ་རི་ལུ་འགྱོ་སའི་ས་གནས་ མཱལ་བ་ཛར་ལས་ ཐོཔ་ཡོདཔ་ཨིན་པས།
བསམ་རྩེ་བསྟན་འབྲུ་ལས་ཨིན་མི་ ཚེ་འདས་དེ་ ཕུག་ཚོགས་གླིང་ལུ་ དགའ་རབ་བཟོ་སྐྲུན་ལས་སྡེའི་ དེད་གཡོགཔ་ཅིག་ཨིན་པས།



ཕུན་ཚོགས་གླིང་གི་ ཁྲིམས་སྲུང་འགག་པ་གིས་ སླབ་མི་དང་འཁྲིལཝ་ད་ དེད་གཡོགཔ་དེ་ སྤྱི་ཟླ་༧ པའི་ཚེས་༡༤ ལུ་ གར་སོང་མེད་པར་ བྱང་དཔ་ལས་ སྤྱི་ཟླ་༧ པའི་ཚེས་༡༧ ལུ་ བཟོ་སྐྲུན་ལས་སྡེའི་ ཇོ་བདག་གིས་ ལས་གཡོགཔ་བྱང་སྟོར་ཤོར་ཡོད་པའི་ སྙན་ཞུ་འབད་ཡི་ཟེར་ཨིན་པས།
དེད་གཡོགཔ་དེ་ བྱང་སྟོར་མ་ཤོར་བའི་ཧེ་མར་ ཁོ་གི་ ཁག་འབགཔ་གིས་ ཨ་མོ་ཆུ་ཟེར་སླབ་མི་ ཏུར་ས་གཙང་ཆུ་ལས་ བྱེམ་ལེན་པར་ བཏང་ཡོདཔ་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༡༥ ལུ་  མཱལ་བ་ཛར་གྱི་ ཁྲིམས་སྲུང་འགག་པ་གིས་ སི་ལི་གུ་རི་ཁ་ཐུག་ལུ་འགྱོ་སའི་ གཞུང་ལམ་གྱི་ སྦོ་ལོགས་ཁར་ སྐེ་བསྡམས་ཏེ་ བསད་ཡོད་པའི་ཤུལ་ཚུ་ཡོད་མི་ ཕུངམ་ཅིག་མཐོང་མི་དེ་ འབྲུག་མི་ཨིན་པའི་ ངོས་འཛིན་བྱུང་བའི་ཤུལ་ལུ་ ཇའི་སྒང་གི་ ཁྲིམས་སྲུང་འགག་པ་བརྒྱུད་དེ་ དེ་ཚེ་ར་ འབྲུག་གི་ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
སྣུམ་འཁོར་ཊཱག་གི་ དེད་གཡོགཔ་ལས་རོགས་ཀྱིས་ ཁྲིམས་སྲུང་འགག་པ་ལུ་ སླབ་མི་དང་འཁྲིལཝ་ད་ སྤྱི་ཟླ་༧ པའི་ཚེས་༡༤ ལུ་ དེད་གཡོགཔ་དེ་ རྒྱ་གར་གྱི་ མི་ཅིག་དང་གཅིག་ཁར་ རྩི་སའི་པག་ཅུང་ལེན་པར་ ཨ་ལི་པུར་ལུ་ སོང་ཡོདཔ་ད་ དེ་བསྒང་ སྣུམ་འཁོར་ཊཱག་ནང་འགྱོ་མི་ ལམ་འགྲུལཔ་གཞན་ཚུ་ཡོདཔ་ལས་ དེད་གཡོགཔ་ལས་རོགས་དེ་ ཁོང་དང་གཅིག་ཁར་ འགྱོ་མ་དགོཔ་སྦེ་ སླབ་ནི་དེ་གིས་ ཕུན་ཚོགས་གླིང་ལུ་ སྡོད་ཅི་ཟེར་ཨིན་པས།
དེད་གཡོགཔ་དང་གཅིག་ཁར་སོང་མི་ རྒྱ་གར་གྱི་མི་དེ་ དར་རྗེ་གླིང་རྫོང་ཁག་འོག་ལུ་ཚུད་མི་ ཁོ་ལ་བ་རི་ཁྲིམས་སྲུང་འགག་སྡེའི་ནང་ འཛིན་བཟུང་འབད་དེ་ བཞག་ནུག་ཟེར་ ཕུན་ཚོགས་གླིང་གི་ ཁྲིམས་སྲུང་འགག་པ་གིས་ བཤད་ཡོདཔ་ད་ སྣུམ་འཁོར་ཊཱག་དེ་ཡང་ དེ་ཁར་ འཕྱོག་བཟུང་འབད་བཞག་ཡོདཔ་ལས་ ཁྲིམས་མཐུན་གྱི་ བྱ་རིམ་ཚུ་ མཇུག་བསྡུ་ཞིནམ་ལས་ ལོག་གཏང་ནི་གི་ རེ་བ་ཡོད་ཟེར་ སླབ་ཨིན་པས།
དེད་གཡོགཔ་དང་ རྒྱ་གར་གྱི་ མི་དེ་གིས་ སྣུམ་འཁོར་ཊཱག་ལོག་ཐོབ་སའི་ས་གནས་ རྒྱ་གར་དང་ ནེ་པཱལ་གྱི་ས་མཚམས་ཁར་ ཊཱག་བཙོང་ནི་གི་དོན་ལུ་ བདའ་སོང་བའི་ དོགས་པ་ཡོདཔ་ཨིན་པས།
ཚེ་འདས་ཀྱི་ཕུངམ་དེ་  རྒྱ་གར་གྱི་ ཁྲིམས་སྲུང་འགག་པ་དང་གཅིག་ཁར་ བྱ་སྒོའི་ལམ་ལུགས་ཚུ་ ཧིང་སངས་ས་བཟོ་བའི་ཤུལ་ལས་ སྤྱི་ཟླ་༧ པའི་ཚེས་༡༩ ལུ་ ཁོ་རའི་བཟའ་ཚང་ནང་མི་ཚུ་ལུ་ རྩིས་སྤྲོད་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment