གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ད་ལས་ཕར་ སློབ་ཕྲུག་ཚུ་ སློབ་གྲྭའི་སྒྲིག་ཁྲིམས་ལུ་ དམ་དམ་གནས་དགོཔ།

 ༣༠/༠༧/༢༠༡༢། ༉ བརྡ་བརྒྱུད་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་ གྲོས་འཛོམས་ཐེངས་༢༢ པའི་ནང་ ཤེས་རིག་བློན་པོ་ ཐྲ་ཀུར་སིང་ པའུ་ཌེལ་གྱིས་ སློབ་གྲྭ་ཚུ་གི་ འགན་ཁུར་དེ་ ཁྲིམས་འགལ་གྱི་ལཱ་འབད་མི་ སློབ་ཕྲུག་ཚུ་ལུ་ རྒྱབ་འཛིན་འབད་ནི་ མེན་ཟེར་ཨིན་པས།
དེ་ཡང་ སློབ་གྲྭ་ཚུ་ནང་ སྒྲིག་ཁྲིམས་དམ་དྲགས་ཡོད་ནི་དེ་གིས་ ཁྱིམ་ནང་ ཁྲིམས་ལས་འགལ་བའི་ལཱ་འབད་མི་ སློབ་ཕྲུག་ཨ་ལུ་ མངམ་འཐོནམ་མས་ཟེར་ བརྡ་བརྒྱུདཔ་ཚུ་གིས་ དྲི་བཀོད་འབད་བའི་ལན་ལུ་ བློན་པོ་གིས་གསུངས་ཡོདཔ་ཨིན་པས།

ཁོ་གིས་ སློབ་ཕྲུག་ཚུ་ དེ་སྦེ་ སྒྲིག་ཁྲིམས་ལུ་ གནས་བཅུག་མི་ལུ་ ཁྲིམས་འགལ་ཅིག་ ག་ནི་ཡང་མེན་ཟེར་ཨིནམ་ད་ ལག་ལེན་དེ་གིས་ ཨ་ལུ་ཚུ་ལུ་ རྒྱབ་སྐྱོར་འབད་ནིའི་དོན་ལུ་ གཙུག་སྡེའི་ཐབས་ལམ་བཟུམ་ཅིག་སྦེ་ བརྩི་དོ་ཡོདཔ་ཨིན་རུང་ དེ་ནང་ གཞན་དང་མ་འདྲཝ་ཅིག་ གལ་སྲིད་ ཁྲིམས་འགལ་གྱི་ལཱ་འབད་མི་ སློབ་ཕྲུག་ཨ་ལུ་རེ་འཐོན་པ་ཅིན་ སློབ་གྲྭ་ཅིག་ནང་ལས་ བཏོན་བཏང་ཞིནམ་ལས་ སློབ་གྲྭ་གཞན་ཁར་ འཛུལ་ཞུགས་འབད་མ་བཅུག་པར་ བཞག་ནི་དེ་ཨིན་ཟེར་ཨིན་པས།
བློན་པོ་གིས་འབད་བ་ཅིན་ སྲིད་བྱུས་དེ་གི་ ཁེ་ཕན་སྦོམ་ཤོས་ཅིག་ དཔེ་ཆ་ལྷབ་འདོད་ཅན་གྱི་ སློབ་ཕྲུག་ཚུ་དང་ ཁོང་རའི་ ཕམ་དང་ སློབ་དཔོན་མང་ཤོས་ཅིག་ལུ་ སེམས་དགའ་སྟེ་ཡོད་ཟེར་ཨིན་པས།
བློན་པོ་གིས་ བཤད་མིའི་ནང་ ཁོ་གིས་ སློབ་གྲྭ་ཚུ་ནང་ལས་ཕར་ གཟིགས་སྐོར་ནང་བྱོན་པའི་སྐབས་ ད་རེས་ནངས་པའི་ སློབ་ཕྲུག་ཚུ་གིས་ སྒྲིག་ཁྲིམས་ལུ་ མ་གནས་མི་དེ་ཡང་ གཙོ་བོ་ར་ ན་གཞོན་ཚུ་གི་སེམས་ཁར་ འཇིགས་སྣང་ཟེརཝ་ རྩ་ལས་མེད་ནི་དེ་གིས་ བྱ་སྤྱོད་ངན་པའི་ ལཱ་བྱ་འཐབ་མི་ལུ་བརྟེན་ ཨིན་མས་ཟེར་ཨིན་པས།
ཁོང་གིས་ བྱ་ངན་ག་ཅི་འབད་རུང་ དེ་གིས་ མ་འོངས་པ་ལུ་ གནོད་སྐྱོན་བྱུང་མི་ཚུགས་ཟེར་མནོ་སྟེ་ ལཱ་ངན་འབད་དོ་ཡོདཔ་ལས་ སློབ་དཔོན་ཚུ་གིས་ མཐའ་སྐྱོང་འབད་ནི་ལུ་ ལཱ་ཁག་རྐྱབ་མས་ཟེར་ཨིནམ་ད་ མ་གཞི་དམངས་གཙོའི་རིང་ལུགས་ཀྱི་ དབང་ཆ་ཟེར་སླབ་རུང་ དེ་གིས་ རེ་འདོད་དང་མ་མཐུན་པའི་ བྱ་ངན་ཚུ་ནང་ ལམ་སྣ་འདྲེན་ནིའི་ཉེན་ཁ་ཡོད་ཟེར་ཨིན་པས།
ལྷན་ཁག་གིས་ ཧེ་མ་ལས་ ལག་ལེན་འཐབ་སྲོལ་ཡོད་པའི་ ཉམས་བླངས་ནང་ ལོག་འགྱོ་དགོཔ་ཐོན་ཡི་ཟེར་ཨིནམ་ད་ བློན་པོ་གིས་ ཁྲིམས་ཀྱི་སྒོ་ ཡངས་དྲགས་སྦེ་བཞག་མི་གིས་ འཛོལ་བའི་ལཱ་འབད་མི་དེ་ སློབ་གྲྭའི་སྒྲིག་ཁྲིམས་དང་འགལཝ་ལས་ སློབ་ཕྲུག་ཚུ་ སློབ་གྲྭའི་སྒྲིག་ཁྲིམས་ལུ་ གནས་དགོ་པའི་ཁར་ སློབ་གྲྭ་དེ་ རྒྱལ་ཡོངས་ཀྱི་གཙོ་རིམ་ལུ་ གཞི་བཞག་སྟེ་ གཞི་བཙུགས་འབད་འབདཝ་ཨིན་ཟེར་ཨིན་པས།
བློན་པོ་གིས་གསུངས་མིའི་ནང་ སྤྱིར་བཏང་མི་ཚུ་གི་དོན་ལུ་ ལམ་ལུགས་ཚུ་ དེ་བ་ཡང་ སྒྲིག་དམ་དྲག་སྦེ་དགོཔ་ཡོད་རུང་ ད་ལྟོ་ སྔོན་འགོག་དང་ ལེགས་བཅོས་འབད་ནིའི་དོན་ལུ་ ཁུངས་ལྡན་ཅིག་ཨིན་ཟེར་ཨིན་པས།
ཁྲིམས་འགལ་གྱི་ བྱ་ངན་སྦོམ་འབད་མི་ཨིན་པ་ཅིན་ སློབ་ཕྲུག་ཚུ་ སློབ་གྲྭ་ནང་ལས་ བཏོན་བཏངམ་ཨིན་རུང་ བྱ་ངན་ཆུང་ཀུ་རེ་འབད་མི་ཚུ་ལུ་ གནས་སྐབས་ཀྱི་དོན་ལུ་ ཁྱིམ་ནང་གཏང་ནི་ཚུ་ཨིནམ་ད་ ལམ་ལུགས་དང་འཁྲིལཝ་ད་ སྐྱེས་ལོ་༡༤ འོག་རྒྱུ་འབད་མི་ སློབ་ཕྲུག་ཚུ་འབད་བ་ཅིན་ གཞི་དོན་དང་འཁྲིལ་ དེ་འཕྲལ་ལས་ སློབ་གྲྭ་ནང་ལས་ བཏོན་མི་བཏང་ཟེར་ཨིན་པས།
བློན་པོ་གིས་ བཤད་མིའི་ནང་ མི་མང་ཤོས་ཅིག་གིས་ སློབ་ཕྲུག་ཨ་ལུ་དེ་གིས་ ཁྲིམས་འགལ་གྱི་ ལཱ་འབད་བའི་ཤུལ་ལུ་ འཛོལ་བ་འབད་མི་ལུ་ གོ་སྐབས་༢ པ་དེ་ མི་བྱིན་པས་ཟེར་ སླབ་མི་འདུག་ཟེར་ཨིནམ་ད་ བཏོན་བཏང་མི་དང་ གནས་སྐབས་ཀྱི་དོན་ལུ་ ཤེས་ཡོན་སྦྱང་ནི་ལས་ བཀག་ཆ་འབད་དེ་ ཁྱིམ་ནང་བཏང་མིའི་བར་ན་ གནས་རིམ་གྱི་ ཁྱད་པར་ལེ་ཤ་ཡོདཔ་ལས་ བཏོན་བཏང་པའི་བསྒང་ལས་ སློབ་ཕྲུག་ཨ་ལུ་དེ་ལུ་ གདམ་ཁ་མཇུག་ཨིན་ཟེར་བའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

 

No comments:

Post a Comment