གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཡར་རྒྱས་འགྱོ་བའི་བསྒང་གི་རྒྱལ་ཁབ་ཀྱི་དོན་ལུ་ རྒྱལ་སྤྱི་ཁྲལ་གྱི་གྲོས་འཆར།

༢༥/༠༧/༢༠༡༢། ༉ འཛམ་གླིང་རྒྱལ་ཁབ་ནང་ དངུལ་འབྲེལ་ལུ་བརྟེན་པའི་དཀའ་ངལ་ཚུ་ བྱུང་དང་འབྱུང་བཞིན་དུ་ཡོདཔ་ལས་ དེ་ལུགས་ཀྱི་དཀའ་ངལ་བསལ་ཐབས་ཀྱི་ ཐབས་བྱུས་བཏོན་དགོཔ་དེ་ གནད་འགག་ཅན་ཅིག་ལུ་ལྷོད་ཡོདཔ་ཨིན་པས།
དེ་ཡང་ གྲོགས་རམ་བྱིན་མི་རྒྱལ་ཁབ་ཚུ་གིས་ གནས་སྟངས་ཉམས་ཉེན་གྱི་དུས་ཚོད་ཁར་ འཛམ་གླིང་སྤྱི་ཚོགས་ཀྱིས་ ལོ་རེའི་ནང་ མ་དངུལ་ཌོ་ལར་དུང་ཕྱུར་༤༠༠ དེ་རེ་ བསྡུ་ལེན་འབད་ནིའི་དོན་ལུ་ རྒྱལ་སྤྱིའི་ ཁྲལ་གྱི་ཐབས་ལམ་གསརཔ་ཅིག་གི་ གྲོས་འཆར་བཙུགས་ཡོདཔ་ཨིན་པས།

དུས་ཅི་  འཛམ་གླིང་སྤྱི་ཚོགས་ཀྱིས་ གསར་བཏོན་འབད་མི་ རྒྱལ་སྤྱི་གོང་འཕེལ་གནས་སྟངས་ཀྱི་ ལོ་བསྟར་སྙན་ཞུ་དང་འཁྲིལ་བ་ཅིན་ རྒྱལ་སྤྱི་ཁྲལ་གྱི་འོང་འབབ་དེ་ གྲོགས་རམ་ལུ་བརྟེན་སྡོད་མི་ ད་ལྟོ་གོང་འཕེལ་འགྱོ་བའི་བསྒང་གི་རྒྱལ་ཁབ་ཚུ་ནང་ ག་ནི་བ་གལ་ཆེ་བའི་ གནམ་གཤིས་འགྱུར་བགྲོད་ཀྱི་ གདོང་ལེན་དང་འབྲེལ་བའི་ ལཱ་གི་དོན་ལུ་ ལག་ལེན་འཐབ་ནི་ཟེར་ཨིན་པས།
སྙན་ཞུ་དེ་དང་འབྲེལ་བའི་ ཞིབ་འཚོལ་གྲུབ་འབྲས་ནང་ གོང་འཕེལ་འགྱོ་བའི་བསྒང་གི་ རྒྱལ་ཁབ་ཚུ་ནང་ གྲོགས་རམ་གྱི་མཁོ་འདོད་དེ་ རོགས་རམ་བྱིན་མི་གི་ ལྕོགས་གྲུབ་དང་ དང་ལེན་ལས་ལྷག་པའི་ མཁོ་འདོད་ཚུ་འདུག་ཟེར་ཨིན་པས།
དེ་བཟུམ་མའི་གནས་སྟངས་ཡོད་མི་ལུ་བརྟེན་ ཐབས་བྱུས་ཅིག་མ་བཏོན་པ་ཅིན་ རྒྱལ་སྤྱིའི་དཀའ་ངལ་དཔེར་ན་ གནམ་གཤིས་འགྱུར་བགྲོད་ཚུ་དང་འབྲེལ་བའི་ གདོང་ལེན་ལུ་ དོ་འགྲན་སྦོམ་སྦེ་ར་འབྱུང་ནི་ཨིན་པའི་ཁར་ ལྷག་པར་དུ་ གོང་འཕེལ་འགྱོ་བའི་བསྒང་གི་ རྒྱལ་ཁབ་ཚུ་ལུ་ ཉེན་ཁ་འདུག་ཟེར་ཨིན་པས།
དེ་འབད་ནི་དེ་གིས་ རྒྱལ་སྤྱི་ཁྲལ་གྱི་ལམ་ལུགས་ཅིག་ གཞི་བཙུགས་ཐོག་ལས་ འོང་འབབ་ཀྱི་འབྱུང་ཁུངས་གསརཔ་ཅིག་བཟོ་མི་དེ་ གྲོགས་རམ་གྱི་འབྱུང་ཁུངས་གཞན་གི་ཚབ་ལུ་མེན་པར་ གོང་འཕེལ་སོང་མིའི་རྒྱལ་ཁབ་གཞན་གྱིས་ གྲོགས་རམ་བྱིན་ཡོད་མི་ལུ་ ལྷན་ཐབས་འབད་ནི་ཨིན་ཟེར་ སྙན་ཞུའི་ནང་གསལ་བཀོད་འབད་ནུག།
རྒྱལ་སྤྱིའི་ཁྲལ་གྱི་ གྲོས་འཆར་དང་འཁྲིལཝ་ད་ ཁྲལ་གྱི་འོས་འབབ་དེ་ཡང་ བཙོག་རླུང་གི་ཁྲལ་དང་ མཁའ་འགྲུལ་ དངུལ་འབྲེལ་ཞབས་ཏོག་ མ་དངུལ་ཕར་ཚུར་བཏང་ལེན་གྱི་ཞབས་ཏོག་དང་ ཁྲལ་བཀལ་ནིའི་ལམ་ལུགས་ཐོག་ལས་ ལོ་རེའི་ནང་ མ་དངུལ་ ཌོ་ལར་དུང་ཕྱུར་༤༠༠ རེ་ བཟོ་ཐབས་འབད་ནི་ཨིན་ཟེར་ཨིན་པས།
གོང་འཕེལ་ཅན་གྱི་རྒྱལ་ཁབ་ཚུ་གིས་ ལོ་རེའི་ནང་ བཙོག་རླུང་ ཀར་བཱོན་ཌའི་ ཨོཀ་སའིཊི་གི་ཁྲལ་ མ་དངུལ་ ཌོ་ལར་དུང་ཕྱུར་༢༥༠ རེ་བཀལ་ནི་ཨིན་མི་དེ་ འབྲེལ་ཡོད་དབང་འཛིན་གྱིས་ བསྡུ་ལེན་འབད་དེ་ འཛམ་གླིང་སྤྱི་ཚོགས་ནང་ སྤྲོད་དགོ་ནི་ཨིན་པས།
གོང་འཕེལ་ཅན་གྱི་ རྒྱལ་ཁབ་ཀྱི་མ་དངུལ་ དཔེར་ན་ ཌོ་ལར་དང་ ཡུ་རོ་ ཡཱེན་དང་ པཱོནཌི་ཚུ་དང་འབྲེལ་བའི་ སྤྲོད་ལེན་གུ་ལུ་ཁྲལ་བཀལ་མི་གིས་ ལོ་རེའི་ནང་ འོང་འབབ་ མ་དངུལ་ ཌོ་ལར་དུང་ཕྱུར་༤༠ དེ་ཅིག་ ཐོབ་ཚུགས་པའི་རེ་བ་ཡོདཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།


No comments:

Post a Comment