གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་འདི་ ཕྱིའི་མ་རྩ་བཙུགས་མི་ ཉུང་ཤོས་ཀྱི་གྲངས་སུ་ཨིནམ།

༢༤/༧/༢༠༡༢   དུས་ཅི་ ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་ནང་ རྒྱ་གར་གྱི་ རུ་པིའི་གནས་གོང་ མར་བབས་འགྱོ་མི་ལུ་བརྟེན་ ཕྱིའི་མ་རྩ་བཙུགས་མི་ མར་འབབ་འགྱོ་ནིའི་ འོས་འབབ་ཡོདཔ་ཨིན་པས།

༉ འཛམ་གླིང་སྤྱི་ཚོགས་ཀྱིས་ འཕྲལ་ཁམས་གསར་སྟོན་འབད་མི་ ཕྱིའི་མ་རྩ་གཞི་བཙུགས་ཀྱི་ སྙན་ཞུ་༢༠༡༢ ཅན་མ་དང་འཁྲིལཝ་ད་ ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་རྒྱལ་ཁབ་ཚུ་ནང་ལས་ འབྲུག་དང་ ནེ་པཱལ་ ཨཱཕ་ག་ནིས་ཏཱན་ཚུ་ནང་ ཕྱིའི་མ་རྩ་བཙུགས་མི་ གངམ་མིན་འདུག་ཟེར་ཨིན་པས།


དེ་ཡང་ གཙོ་བོ་ར་ རྒྱལ་ཁབ་ལ་ལུ་ཅིག་ནང་ སྲིད་འབྲེལ་གྱི་གནས་སྟངས་ སྐྱོ་དྲགས་ཡོད་པའི་ཁར་ ལ་ལུ་ཅིག་ནང་ ཉེན་སྲུང་གི་དཀའ་ངལ་དང་ གཞི་རྟེན་མཁོ་ཆས་ཀྱི་ མཐུན་རྐྱེན་ཚུ་ ཚད་ལྡན་མེདཔ་མ་ཚད་ སའི་ཆགས་ཚུལ་དང་འབྲེལ་བའི་ དཀའ་ངལ་ཚུ་ལུ་བརྟེན་ རྒྱལ་ཁབ་དེ་ཚུའི་ནང་ ཕྱིའི་མ་རྩ་བཙུགས་མི་ ཉུང་སུ་ཅིག་ལས་ མ་ཐོན་པས་ཟེར་བཀོད་ནུག།
སྙན་ཞུ་ནང་ བཀོད་མི་དང་འཁྲིལཝ་ད་ འབྲུག་དང་ ནེ་པཱལ་ ཨཱཕ་ག་ནིས་ཏཱན་རྒྱལ་ཁབ་ཚུ་ནང་ ཕྱིའི་མ་རྩ་ ཡུ་ཨེསི་ཌོ་ལར་ དུང་ཕྱུར་༠.༡ གི་འོག་རྒྱུ་མ་གཏོགས་ བཙུགས་མི་མ་ཐོན་པས་ཟེར་ཨིན་པས།
དེ་མ་ཚད་ སྙན་ཞུ་དང་འཁྲིལཝ་ད་ ལྷོ་ཨེ་ཤི་ཡའི་ལུང་ཕྱོགས་ནང་ དཔལ་འབྱོར་གོང་འཕེལ་གྱི་དོན་ལུ་ མཁོ་གལ་ཆེ་བའི་ ཕྱིའི་མ་རྩ་བཙུགས་མི་ཚུ་གི་དོན་ལུ་ འོས་འབབ་ཅན་གྱི་ གནས་སྟངས་ལེགས་ལྡན་དང་ བྱ་སྟབས་བདེ་བའི་ལམ་ལུགས་བཟོ་ནིའི་ནང་ དོ་འགྲན་ཅན་ཅིག་སྦེ་ གནས་ནུག་ཟེར་ཨིན་པས།
ལྷོ་ཨེཤ་ཡའི་ ལུང་ཕྱོགས་ནང་ ཕྱིའི་མ་རྩ་མང་ཤོས་ར་ རྒྱ་གར་ལུ་ བཙུགས་མི་ཐོན་དོ་ཡོདཔ་ད་ དེ་ཡང་ སྤྱི་ལོ་༢༠༡༠ ལུ་ ལུང་ཕྱོགས་དེ་ནང་ ཕྱིའི་མ་རྩ་ ཡོངས་བསྡོམས་ཡུ་ཨེསི་ཌོ་ལར་ དུང་ཕྱུར་༢༣ བཙུགས་མི་དང་ཕྱདཔ་ད་ སྤྱི་ལོ་༢༠༡༡ ལུ་ ཕྱིའི་མ་རྩ་ ཡོངས་བསྡོམས་ཡུ་ཨེསི་ཌོ་ལར་ དུང་ཕྱུར་༣༩ ལུ་ ཡར་སེང་སོང་ཡོདཔ་ཨིན་པས།
དེ་འབདཝ་ད་ རྒྱ་གར་ལུ་ རུ་པིའི་གནས་གོང་ མར་ཉམས་ཀྱི་ གནས་སྟངས་དང་ རྒྱུན་སྐྱོང་གི་ཟད་འགྲོ་ ཡར་སེང་གི་གནས་སྟངས་ དེ་ལས་ ཅ་དངོས་ཀྱི་ གོང་ཚད་ཡར་འཕར་གྱི་ གནད་དོན་ཚུ་ལུ་བརྟེན་ དུས་ཅི་ རྒྱ་གར་ལུ་ ཕྱིའི་མ་རྩ་བཙུགས་མི་དེ་ ལེ་ཤ་གིས་ མར་བབས་འགྱོ་དོ་ཡོད་པའི་ཁར་ ཌོ་ལར་དང་ཕྱདཔ་ད་ རྒྱ་གར་གྱི་ རུ་པིའི་གནས་གོང་དེ་ སྤྱི་ལོ་༢༠༡༡ གི་ ཕྱིས་ཁམས་ལས་ མར་འབབ་འགྱོ་ནི་ འགོ་བཙུགས་ཏེ་ ཚར་གཅིག་ ཡུ་ཨེསི་ཌོ་ལར་རེ་ལུ་ རུ་པི་༥༨ ཀྱི་ གནས་གོང་ནང་ལྷོད་ཡོདཔ་མ་ཚད་ ད་ལྟོའི་གནས་སྟངས་ནང་ཡང་ ཡུ་ཨེསི་ཌོ་ལར་རེ་ལུ་ རུ་པི་༥༥ དེ་ཅིག་ལས་ ལེགས་བསྒྱུར་འབད་མ་ཚུགས་པར་ ཡོདཔ་ཨིན་པས།
གནས་སྟངས་དེ་ལུ་བརྟེན་ འཛམ་གླིང་མ་རྩ་གཞི་བཙུགས་ཀྱི་ སྙན་ཞུ་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༡༠ ལུ་ ལུང་ཕྱོགས་དེ་ནང་ ཕྱིའི་མ་རྩ་བརྒྱ་ཆ་༢༣ དེ་ཅིག་ མར་བབས་སོང་མི་དང་ཕྱདཔ་ད་ དུས་ཅི་ ལྷོ་ཨེ་ཤི་ཡའི་ལུང་ཕྱོགས་ནང་ མ་རྩ་བཙུགས་མིའི་གནས་སྟངས་དེ་ ལེ་ཤ་གིས་ མར་བབས་སོང་ཡོདཔ་ཨིན་པས།
ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་ནང་ ཕྱིའི་མ་རྩ་རྒྱ་ཆེ་ཤོས་ར་ རྒྱ་གར་ལུ་ བཙུགས་པའི་ཤུལ་ལས་ར་ ཡུ་ཨེསི་ཌོ་ལར་ དུང་ཕྱུར་༤.༢ དེ་ཅིག་ཐོབ་མི་ ཨི་རཱན་རྒྱལ་ཁབ་དང་ ཡུ་ཨེསི་ཌོ་ལར་ དུང་ཕྱུར་༡.༣ ཐོབ་མི་ པ་ཀིས་ཏཱན་རྒྱལ་ཁབ་༢ ཨིན་པས།
མ་རྩ་བཙུགས་མིའི་གནས་སྟངས་ནང་ མར་ཉམས་བྱུང་མི་དེ་ གཙོ་བོ་ར་ རྒྱལ་ཁབ་ཚུ་ནང་ རྒྱུན་སྐྱོང་གི་ཟད་འགྲོ་ ཡར་སེང་སོང་བའི་ཁར་ ཅ་དངོས་ཚུ་གི་ རིན་གོང་ཡར་འཕར་གྱི་ གནས་སྟངས་ལུ་བརྟེན་ ཨིན་མས་ཟེར་བཀོད་ནུག།
ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་ཀྱི་ གནས་སྟངས་ནང་འབད་བ་ཅིན་ ཕྱིའི་མ་རྩ་རྒྱ་ཆེ་དྲགས་སྦེ་ཐོབ་མི་ རྒྱ་གར་ལུ་ སྤྱི་ལོ་༢༠༡༠ ལུ་ རྒྱུན་སྐྱོང་ཟད་འགྲོའི་གནས་སྟངས་ སྐྱོ་དྲགས་གནས་མི་དང་ཕྱདཔ་ད་ དུས་ཅི་ རྒྱུན་སྐྱོང་གི་ ཟད་འགྲོའི་གནས་སྟངས་དེ་ ལེགས་ཤོམ་མེདཔ་མ་ཚད་ རུ་པིའི་གནས་གོང་ནང་ མར་ཉམས་ འགྱོ་མི་དེ་གིས་ ལུང་ཕྱོགས་དེ་ནང་ ཕྱིའི་མ་རྩ་གཞི་བཙུགས་ཀྱི་ གནས་སྟངས་ནང་ ལེ་ཤ་གིས་ མར་འབབ་འགྱོ་ནིའི་ འོས་འབབ་འདུག་ཟེར་ ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment