གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབང་འདུས་རྫོང་གི་ ནང་རྟེན་ཚུ་ འཚོལ་བཞིན་དུ་ཡོདཔ།

ནང་རྟེན་འཚོལ་མི་ སྡེ་ཚན་གྱིས་ སྤྱི་ཟླ་༧ པའི་ཚེས་༤ ལས་ ཁ་ཙ་ཚུན་ཚོད་ སྐུ་རྟེན་བྱིན་ཅན་༥༠ དེ་ཅིག་ འཚོལ་ཐོབ་ནུག།

རིང་ཚད་ཨིན་ཅི་༥ དེ་ཅིག་འབད་མི་ ནོརབུ་བསི་ལིའི་རྭཝ་གུ་ རྐོ་ཡོད་མི་ ཚེ་རིང་མཆེད་ལྔའི་སྐུ་འདྲ་དང་ རིང་ཚད་ཕིཊ་༡ འབད་མི་ ནང་གཟུངས་བསི་ལི་རྭཝ་གིས་བཞེངས་མི་ ཛམ་བྷ་ལའི་སྐུ།
༉ སྤྱི་ཟླ་༦ པའི་ཚེས་༢༤ ལུ་ རྒྱལ་རབས་ཅན་གྱི་ དབང་འདུས་ཕོ་བྲང་རྫོང་ མེ་མཆོད་བཞེས་པའི་ཤུལ་ལས་ བསྟན་སྲུང་དམག་མི་༥༠ འབད་མི་ སྡེ་ཚན་ཅིག་གིས་ སྤྱི་ཟླ་༧ པའི་ཚེས་༤ ལས་ མེ་གིས་འཚིགས་པའི་ཤུལ་ཚུ་ནང་ ནང་རྟེན་འཚོལ་ནི་ འགོ་བཙུགས་ཞིནམ་ལས་ཚུར་ ཁ་ཙ་ཚུན་ཚོད་ སྐུ་རྟེན་བྱིན་ཅན་༥༠ དེ་ཅིག་ ཐོབ་ཡོདཔ་ཨིན་པས།


ནང་རྟེན་རྩ་ཅན་འཚོལ་ཐོབ་མིའི་གྲས་ལས་ སྤྱི་ཟླ་༧ པའི་ཚེས་༡༨ ལུ་ཐོབ་མི་ རིང་ཚད་ཨིན་ཅི་༥ དེ་ཅིག་འབད་མི་ ནོརབུ་བསི་ལིའི་རྭཝ་གུ་ རྐོ་ཡོད་མི་ ཚེ་རིང་མཆེད་ལྔའི་སྐུ་འདྲ་དང་ རིང་ཚད་ཕིཊ་༡ འབད་མི་ ཛམ་བྷ་ལའི་སྐུ་ནང་ བསི་ལི་རྭཝ་གིས་བཞེངས་མི་ནང་གཟུངས་ དེ་ལས་ གསེར་སྐུ་ཆུང་ཀུ་༡ ཐོབ་མི་ཚུ་ཨིནམ་ད་ དེ་དང་གཅིག་ཁར་ ཞབས་དྲུང་གི་ སྐུ་གསེར་སྦྲོན་མ་དང་ གཟི་མིག་ཏོ་༩ འབད་མི་༡ དང་ མིག་ཏོ་གཉིས་འབད་མི་༢ རིང་བསྲེལ་ རྫ་ཕྱི་ཕོརཔ་༢ ལི་དང་ཙན་དན་དཀརམོ་ལས་བཞེངས་མི་ སྐུ་རིགས་༨ དེ་ཅིག་ཐོབ་ནུག།
ནང་རྟེན་དེ་ཚུ་ ས་མེད་རྡོ་མེད་ཀྱི་ སྒྲོམ་ཅིག་ནང་ལས་ ཐོབ་ཡོདཔ་ད་ སྒྲོམ་དེ་ ཚེ་རིང་མའི་ལྷ་ཁང་གི་ གྱང་རྩིག་ཐོག་ཁར་ཡོདཔ་ལས་ མར་ཕབ་ནི་ལུ་ དུས་ཡུན་ཆུ་ཚོད་༣ དེ་ཅིག་ འགོར་སོ་ཡི་ཟེར་ ནང་རྟེན་འཚོལ་མི་ སྡེ་ཚན་གྱི་འགོ་དཔོན་ དམག་སྲིད་གོངམ་ འཕྲིན་ལས་སྟོབས་རྒྱས་ཀྱིས་ བཤད་པའི་ཁར་ སྒྲོམ་ནང་ཡོད་མི་ ནང་རྟེན་ཚུ་ལུ་ ཉམས་སྐྱོན་དུམ་གྲ་རེ་ལས་བརྒལ་ མ་ཤོར་རུང་ དེ་གི་ཧེ་མར་ ཐོབ་མི་ཚུ་ག་ར་ ཉམས་སྐྱོན་ཤོར་ཡོདཔ་ཨིན་པས།
ཁ་ཙ་ སྡེ་ཚན་གྱིས་ བཀའ་འགྱུར་པོ་ཏི་༡༥ འཚོལ་བའི་སྐབས་ གྱི་རིང་དཔའ་རྟགས་ཆ་༡ དང་ དཀར་མེ་ཀོངམ་དག་པ་ཅིག་ དེ་ལས་ མ་ཀྲམ་ཚུ་ ཐོབ་ཡོདཔ་ད་ དམག་སྲིད་གོངམ་འཕྲིན་ལས་སྟོབས་རྒྱས་ཀྱིས་འབད་བ་ཅིན་ ད་ལས་ཕར་ ཅ་ཆས་ལེ་ཤ་ཐོབ་ཚུགས་པའི་ རེ་བ་བསྐྱེད་དོ་ཡོད་མི་དེ་ཡང་ རྟེན་འཚོལ་ནིའི་ལཱ་དེ་ ད་ལྟོ་ བརྒྱ་ཆ་༡ དེ་ཅིག་ལས་བརྒལ་ མ་འབད་ཟེར་ཨིན་པས།
ད་ལྟོ་ རྫོང་ནང་ནང་ འགྱོ་ནིའི་དོན་ལུ་ ལམ་བསལ་བའི་བསྒང་ཡོད་རུང་ ད་ཚུན་གྱི་བར་ན་ ནང་རྟེན་ལེ་ཤ་ཐོབ་ཅི་ཟེར་ ཁོ་གིས་ སླབ་ཨིན་པས།
ད་ཚུན་ལུ་ ནང་རྟེན་༥༠ དེ་ཅིག་ ཐོབ་མི་ཚུ་གི་གྲས་ལས་ ཕྱག་དང་ཡན་ལག་ཚུ་ ཆག་དཀྲུམས་སོང་མི་ སྐུ་རིགས་༢༠ དང་ ཕུརཔ་༥ གཟི་༥ བུམ་པ་༨ ཐོདཔ་༣ གྱི་རིང་ཆ་༢ གླངམོ་ཆེའི་ཆེཝ་ རིང་བསྲེལ་ མ་ཀྲམ་ རྫ་ཕྱི་ཕོརཔ་༣ ཡོདཔ་ཨིན་པས།
ནང་རྟེན་ཐོབ་མི་ཚུ་ བྱང་སྟོར་མི་ཤོར་ནིའི་དོན་ལུ་ རྫོང་གི་འཛུལ་སྒོ་ངོ་མའི་ནང་ ཁྲིམས་སྲུང་འགག་པ་༨ གཟུགས་ཁར་བརྟག་དཔྱད་འབད་མི་ འཕྲུལ་ཆས་འབག་སྟེ་ ནང་རྟེན་འཚོལ་མི་ དམག་མི་ཚུ་ རྫོང་གི་ཕྱི་ཁར་འོངམ་ད་ རེ་རེ་བཞིན་དུ་ འཕྲུལ་ཆས་དཔག་སྟེ་ བརྟག་ཞིབ་འབདཝ་མ་ཚད་ རྒྱུ་ལྕགས་དང་ ཟངས་ལ་སོགས་པ་ཚུ་གིས་བསྒྲུབས་མི་ ནང་རྟེན་དང་ རིང་བསྲེལ་ལ་སོགས་པ་ཚུ་ཡང་ བརྟག་དཔྱད་འབད་ནིའི་དོན་ལུ་ ལགཔ་གིས་ནོམས་བལྟ་ཞིནམ་ལས་རྐྱངམ་གཅིག་ རྫོང་གི་ཕྱི་ཁར་ བཏངམ་ཨིན་པས།
ཅ་ལ་ཐོབ་མི་ཚུ་ ཕྱི་རུ་ཨ་རྟག་ར་ ཁྲིམས་སྲུང་འགག་པ་དང་ རྫོང་ཁག་སྲོལ་འཛིན་འགོ་དཔོན་ཚུ་ལུ་ རྩིས་སྤྲོད་ཞིནམ་ལས་ ཁོང་གིས་ ཐིའུ་རྐྱབ་སྟེ་ ཁང་མིག་ཅིག་ནང་ བཞག་དོ་ཡོདཔ་ད་ རྫོང་ནང་ལས་ ཅ་ཆས་ཨར་རྐུན་མི་ཤོར་ནིའི་དོན་ལུ་ རྫོང་གི་ཕྱོགས་༤ ལས་ ཁྲིམས་སྲུང་འགག་པ་གིས་ ཉིན་ནུབ་མེད་པར་ སྲུང་སྐྱོབ་སྒྲིང་སྒྲིང་འབད་དོ་ཡོདཔ་ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment