གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྟ་བཙོང་མི་ དོགས་ཅན་ཕོ་སྐྱེས་ཅིག་ འཛིན་བཟུང་འབད་ཡོདཔ།

 ༢༧/༠༧/༢༠༡༢། ༉ འཕྲལ་ཁམས་ཅིག་ཁར་ བུམ་ཐང་ཁྲིམས་སྲུང་འགག་པ་གིས་ ཆུ་སྨད་རྒེད་འོག་ དོམ་མཁར་གཡུས་ཚན་ལས་ ཕོ་སྐྱེས་ཅིག་གིས་ ཁོ་རའི་རྟ་༡ བྱང་སྟོར་ཤོར་ཡོད་མི་དེ་ ཁོ་རའི་གཡུས་ཁ་ལས་ རྟའི་ཚོང་འབྲེལ་འཐབ་མི་ ཕོ་སྐྱེས་ཅིག་གིས་ དགེ་ལེགས་ཕུག་ སུ་རེ་ལུ་ བཙོང་ཡོད་པའི་ དོགས་པ་ཡོདཔ་སྦེ་ སྙན་ཞུ་འབད་བའི་ཤུལ་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ གནས་ཚུལ་བཤད་དོ་བཟུམ་འབད་བ་ཅིན་ སྤྱི་ཟླ་༧ པའི་ཚེས་༦ ལུ་ ཕོ་སྐྱེས་དེ་གིས་ རྟ་གནགཔོ་ཕོ་ཆེན་ཅིག་ བཙོང་ཡོད་པའི་སྐོར་ལས་ ལོ་རྒྱུས་གོཝ་ལས་ རྟའི་ཇོ་བདག་དེ་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
གནས་ཚུལ་བཤད་མི་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྟ་བཙོང་མི་ ཕོ་སྐྱེས་དེ་གིས་ ཀྲོང་གསར་ལས་ཉོ་སྟེ་ བཙོང་ཡོདཔ་སྦེ་ སླབ་ཡོདཔ་ཨིན་རུང་ རྟ་ཚུ་ དགེ་ལེགས་ཕུག་ སུ་རེ་ལུ་ བཙོང་ཡོདཔ་ལས་ ངོས་འཛིན་འབད་ནིའི་དོན་ལུ་ ཉོ་མི་དང་ བཙོང་མི་གཉིས་ཆ་ར་ དགེ་ལེགས་ཕུག་ལུ་ཁྱིད་དེ་ ངོས་འཛིན་འབད་བཅུག་ནི་ཟེར་ཨིན་པས།
ཨིན་རུང་ རྟ་ཉོ་མི་ཁོ་ར་ ཁྲིམས་སྲུང་འགག་པ་གིས་ ནམ་འབོཔ་ཅིག་ ལོག་འོང་ནི་སྦེ་ དོ་དམ་ནང་ལས་ ལོག་སྟེ་ བཏང་ཡོདཔ་ཨིན་རུང་ བཙོང་མི་ཁོ་ར་ དོ་དམ་ནང་ར་ བཞག་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ དེ་བཟུམ་མའི་ བསྒུལ་ཅན་གྱི་ རྒྱུ་ཆས་བཙོང་ཡོད་པའི་ ཉེས་པ་ཕོག་ནི་ཨིན་རུང་ རྟ་ངོས་འཛིན་འབད་དགོཔ་ལས་བརྟེན་ དུས་ཚོད་དུམ་གྲ་ཅིག་ འགོར་ནི་མས་ཟེར་ ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།




No comments:

Post a Comment