གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབུས་ཕྱོགས་ལུ་ གཞུང་ལམ་ལེ་ཤ་ཅིག་ར་ བསུབས་ཏེ་ཡོདཔ།

ཀྲོང་གསར་མཐོ་མ་བྲག་ལུ་ ས་རུད་ཆད་དེ་ ལམ་བསུབས་ཡོད་པའི་མཐོང་སྣང་།
 ༢༧/༠༧/༢༠༡༢། ༉ སྤྱི་ཟླ་༧ པའི་ཚེས་༢༤ གི་ནུབ་མོ་ ཆརཔ་ཤུགས་སྦེ་ རྐྱབ་མི་ལུ་བརྟེན་ གཞལམ་སྒང་གི་ས་གནས་ དབང་འདུས་སྒང་དང་ ཏིང་ཏི་སྦིས་བར་ནའི་ གཞུང་ལམ་ཚུ་ ས་རུད་ཀྱིས་ བསུབས་ཡོདཔ་ལས་ ལམ་བསལ་ནིའི་དོན་ལུ་ བདུན་ཕྲག་༡ དང་༢ དེ་ཅིག་ འགོར་ནི་ཨིན་པས།
ལམ་སེལ་ལས་ཁུངས་ལས་ གཞལམ་སྒང་ས་ཁོངས་ཀྱི་ བཟོ་རིག་འགོ་དཔོན་ ཚེ་རིང་དབང་འདུས་ཀྱིས་འབད་བ་ཅིན་ ཀྲོང་གསར་རི་བོ་ཏ་ལའི་ ས་རུད་ཆད་སའི་ ས་ཁོངས་དེ་ནང་ ཆརཔ་མ་རྐྱབ་རུང་ རྡོ་ཚུ་བུད་དེ་ ལམ་བསུབས་དོ་ཡོདཔ་ལས་ བསལ་ནི་ལུ་ ལཱ་ཁག་རྐྱབ་མས་ཟེར་ཨིན་པས།
རི་བོ་ཏ་ལའི་ལམ་དེ་ བསལ་མ་ཚུགས་ཚུན་ དབང་འདུས་སྒང་དང་ ཏིང་ཏི་སྦིས་བར་ནའི་ ཕྲང་ལམ་གསརཔ་དེ་ཡང་ སེལ་ཐབས་མེད་ཟེར་ཨིནམ་ད་ ཨིན་རུང་ ལམ་རྙིངམ་དེ་ནང་ དཀའ་ངལ་ཚུ་ ག་ཅི་ཡང་ མེད་ཟེར་ཨིན་པས།
དེ་བཟུམ་སྦེ་ ཁ་ཙ་ དྲོ་པའི་ཆུ་ཚོད་ཕྱེད་དང་༨ དེ་ཅིག་ལུ་ ཀྲོང་གསར་སྤང་ཟུར་ལུ་ རྡོ་སྦོམ་ཅིག་ རྦོབ་རིལ་འོང་མི་ལུ་བརྟེན་ འཁོར་ལམ་བསུབས་ཡོདཔ་ད་ གལ་སྲིད་ ཆརཔ་འཕྲོ་མཐུད་དེ་ར་རྐྱབ་པ་ཅིན་ གནས་སྟངས་དེ་ སྐྱོ་དྲགས་ཐལ་ནི་ཨིནམ་ལས་ སྣུམ་འཁོར་ཚུ་ཡང་ འགྲོ་འགྲུལ་འབད་མི་ཚུགསཔ་འོང་ཟེར་ཨིན་པས།
དེ་བཟུམ་སྦེ་ ཁ་ཙ་ ཀྲོང་གསར་ལས་ དབང་འདུས་ཕོ་བྲང་ཁ་ཐུག་ ཀི་ལོ་མི་ཊར་༡༨ དེ་ཅིག་གི་ས་གནས་ མཐོ་མ་བྲག་ལུ་ ལམ་ལྟག་ལས་མར་ རྡོ་རྦོབ་རིལ་འོང་སྟེ་ ལམ་བསུབས་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment