གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྲོ་བ་གློག་བརྙན་ཁང་གི་ ས་ཆ་གླ་ཁར་ སྤྲོད་མིའི་གླ་འཐུས་ཡར་སེང་ལུ་ ཤེས་རྟོགས་མེདཔ།

 གློག་བརྙན་ཁང་གི་ ཇོ་བདག་གིས་ ས་ཆ་གླར་སྤྱོད་ཀྱི་འཐུས་ དངུལ་ཀྲམ་ས་ཡ་༥.༢ མ་སྤྲོད་པར་ བཞག་མི་ལུ་བརྟེན་ རྩོད་རྙོགས་ཐོན་ཡོདཔ།
སྤྲོ་བ་གློག་བརྙན་ཁང་།
 ༢༦/༠༧/༢༠༡༢། ༉ ཐིམ་ཕུ་ལྕང་ཇི་ཇི་ལུ་ སྤྲོ་བ་གློག་བརྙན་ཁང་གི་ ཇོ་བདག་ལུ་ ས་ཆ་ཕིཊ་གྲུ་བཞི་༡༩,༥༠༠ གླར་སྤྱོད་ཀྱི་དོན་ལུ་ གླ་འཐུས་ཕིཊ་གྲུ་བཞི་རེ་ལུ་ དངུལ་ཀྲམ་༢ ལས་༤༢ ལུ་ གཞུང་གིས་ གཞི་ག་ཅི་ལུ་བཞག་སྟེ་ ཡར་སེང་འབད་ཡོདཔ་ཨིན་ན་ ད་ལྟོའི་བར་ན་ཡང་ ཧིང་སངས་ས་ཅིག་མེདཔ་ཨིན་པས།
གཞུང་ས་དེ་ ཞབས་ཏོག་བློན་པོ་བགྲེསཔ་ ཀུན་བཟང་རྡོ་རྗེའི་སྐབས་ལུ་ གླ་ཁར་སྤྲོད་ཡོདཔ་བཞིན་དུ་ གནད་དོན་ཚུ་ གསལ་བཀོད་འབད་ཡོད་པའི་ ཡིག་ཆ་ཚུ་ ཞབས་ཏོག་ལྷན་ཁག་གི་ རྒྱུན་སྐྱོང་འབད་དེ་ཡོདཔ་ཨིན་རུང་ ས་ཆ་གླར་སྤྱོད་ཀྱི་ སྤྲོད་ལེན་གན་རྒྱ་དེ་ ལོ་ངོ་༡༠ དེ་ཅིག་གི་ཧེ་མར་ བཟོ་ཡོདཔ་ལས་ ག་དེ་སྦེ་ ཡར་སོཔ་ཨིན་ན་ ཁོ་གིས་ དཔྱད་རིག་བཏང་མི་ཚུགས་པས་ཟེར་ བློན་པོ་བགྲེསཔ་ ཀུན་བཟང་རྡོ་རྗེ་གིས་ བཤདཔ་ཨིན་པས།
ས་ཆ་གླར་སྤྱོད་ཀྱི་ འཐུས་ཚད་བཟོ་ནི་དང་ ཁྲིམས་ཡིག་དང་འཁྲིལ་ དུས་ཡུན་ལོ་ངོ་ག་དེམ་ཅིག་ཚུན་ གླར་སྤྱོད་ཀྱི་ གནང་བ་སྤྲོད་ནི་གི་ དབང་ཚོད་ཡོད་མི་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ཐིམ་ཕུ་ལུ་ ས་ཆ་ཕིཊ་གྲུ་བཞི་རེ་ལུ་ གླ་འཐུས་མཐོ་ཤོས་ དངུལ་ཀྲམ་༤༢ ཨིནམ་སྦེ་ བཅའ་ཡིག་དང་ སྒྲིག་གཞི་ཚུ་ནང་ གསལ་བཀོད་འབད་འབདཝ་མིན་འདུག་ཟེར་ཨིན་པས།
རྒྱལ་ཡོངས་ས་ཆ་ལྷན་ཚོགས་ཀྱི་དྲུང་ཆེན་ དྲགོས་སངས་རྒྱས་མཁའ་འགྲོ་གིས་ བཟོ་གྲྭ་འཕྲུལ་ཁང་ དཔེར་ན་ དཔག་བསམ་ཁ་བཟུམ་ཅིག་ལུ་འབད་བ་ཅིན་ གླ་འཐུས་ཕིཊ་གྲུ་བཞི་རེ་ལུ་ དངུལ་ཀྲམ་༤༢ རེ་བཀལ་ནུག་ཟེར་ཨིནམ་ད་ དེ་བཟུམ་མའི་ བཟོ་གྲྭ་ཚུ་ལུ་ ས་ཆ་གླར་སྤྱོད་ཀྱི་ གླ་འཐུས་ཚད་གཞི་ཚུ་ ཁྲོམ་སྡེ་དབང་འཛིན་དང་ ཡང་ཅིན་ ས་ཆ་ལྷན་ཚོགས་ཀྱིས་ ཐག་བཏོགཔ་མིན་པར་ བསྟན་རྒྱས་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ བཟོ་གྲྭའི་ས་ཁོངས་གོང་འཕེལ་ཐོག་ འཐུང་ཆུ་དང་ གློག་མེ་བཀྲམ་སྤེལ་ འཁོར་ལམ་ཚུ་ བཏོན་ཡོད་པའི་ ཁུངས་བཤད་ཐོག་ གླར་སྤྱོད་ཀྱི་ འཐུས་བཟོཝ་ཨིན་པས།
དེ་བཟུམ་སྦེ་ སྤྲོ་བ་གློག་བརྙན་ཁང་གི་ ས་ཆའི་ཐད་ལུ་ཡང་ ལྕང་ཇི་ཇི་སྡོད་ཁྱིམ་ས་ཁོངས་བཟོ་སྐྲུན་འབད་མི་ རྒྱལ་ཡོངས་ཁྱིམ་བཟོ་ལས་འཛིན་གྱིས་ གླར་སྤྱོད་ཀྱི་འཐུས་དེ་ བཀལ་ཡོདཔ་འོང་ནི་མས་ཟེར་ དྲགོས་སངས་རྒྱས་མཁའ་འགྲོ་གིས་ སླབ་ཨིན་པས།
སྤྲོ་བ་གློག་བརྙན་ཁང་དེ་ བཟོ་གྲྭ་དབྱེ་སྡེ་དང་ ཡང་ཅིན་ ཚོང་དང་བཟོ་གྲྭ་ལས་ཁུངས་ཀྱི་འོག་ལུ་ མི་ཚུད་དོ་ཡོདཔ་ལས་ གླ་འཐུས་དེ་ག་ཅི་ལུ་ གཞི་བཞག་སྟེ་ ཐག་བཅད་ཡོདཔ་ཨིན་ན་ ང་བཅས་ཀྱིས་ མི་ཤེས་པས་ཟེར་ དྲུང་ཆེན་གྱིས་ སླབ་པའི་ཁར་ ས་ཆ་ལྷན་ཚོགས་ཀྱི་ ས་ཆ་གླར་སྤྱོད་ཀྱི་ བཅའ་ཡིག་དང་ སྒྲིག་གཞི་ཚུ་དང་འཁྲིལ་བ་ཅིན་ ས་ཆ་དེ་ ཕིཊ་གྲུ་བཞི་རེ་ལུ་ དངུལ་ཀྲམ་༢༠ ནང་ ཚུདཔ་མས་ཟེར་ བཤདཔ་ཨིན་པས།
བཙག་འཐུ་ཅན་གྱི་ གོ་གནས་ལུ་ བསྒྱུར་བཅོས་མ་འབད་བའི་ཧེ་མར་ ཐིམ་ཕུ་ཁྲོམ་སྡེའི་ནང་ ལཱ་འབད་མི་ འགོ་དཔོན་བགྲེསཔ་དག་པ་ཅིག་གིས་ སླབ་མིའི་ནང་ ལྕང་ཇི་ཇི་སྡོད་ཁྱིམ་ས་ཁོངས་ཀྱི་ཐད་ལུ་ གྲོང་སྡེ་ལས་འཛིན་དེ་ འབྲེལ་གཏོགས་རྩ་ལས་ར་མེད་ཟེར་ཨིན་པས།
ས་ཁོངས་གླ་ཁར་ སྤྲོད་མི་དེ་ ཞབས་ཏོག་ལྷན་ཁག་དང་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་ཨིནམ་ལས་ གྲོང་སྡེ་ལས་འཛིན་གྱི་ ཐོ་བཀོད་ནང་ གཞུང་གི་རྒྱུ་དངོས་སྦེ་ གསལ་བཀོད་འབད་འབདཝ་མེད་ཟེར་ འགོ་དཔོན་བགྲེསཔ་ཚུ་གིས་ སླབ་ཨིན་པས།
རྒྱལ་ཡོངས་ཁྱིམ་བཟོ་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ཞབས་ཏོག་ལྷན་ཁག་གི་ བཀོད་བྱ་དང་འཁྲིལ་ ས་ཆ་གླར་སྤྱོད་ཀྱི་འཐུས་ དངུལ་ཀྲམ་༢ ལས་༤༢ ལུ་ ཡར་སེང་འབད་མི་དེ་ སྤྱི་ལོ་༢༠༠༦ ཟླཝ་༤ པ་ལས་ ལག་ལེན་འཐབ་ཡོདཔ་ཨིན་པས།
སྤྲོ་བ་གློག་བརྙན་ཁང་གིས་ ས་ཆ་གླར་སྤྱོད་ཀྱི་འཐུས་ སྤྱི་ལོ་༢༠༠༦ ཟླཝ་༤ པ་ཚུན་ཚོད་ ས་ཆ་ཕིཊ་གྲུ་བཞི་རེ་ལུ་ དངུལ་ཀྲམ་༢ རེ་ སྤྲོད་ཡོདཔ་ཨིན་རུང་ གླ་འཐུས་ཡར་སེང་འབད་བའི་ཤུལ་ལུ་ སྤྱི་ལོ་༢༠༠༦ ཟླ་༤ པ་ལས་ སྤྱི་ལོ་༢༠༠༩ ཟླ་༨ པ་ཚུན་ཚོད་ དངུལ་ཀྲམ་ས་ཡ་༢.༤ མ་བཏབ་པར་ བཞག་ནུག་ཟེར་ ལས་འཛིན་གྱི་ འགོ་དཔོན་ཅིག་གིས་ བཤདཔ་ཨིན་པས།
ས་ཆ་ལྷན་ཚོགས་ཀྱི་ ས་ཆ་གླར་སྤྱོད་ཀྱི་ བཅའ་ཁྲིམས་དང་ སྒྲིག་གཞི་ཚུ་དང་འཁྲིལ་ ས་ཆ་ཕིཊ་གྲུ་བཞི་རེ་ལུ་ དངུལ་ཀྲམ་༢༠ རེ་བཀལ་བ་ཅིན་ སྤྱི་ལོ་༢༠༠༩ དང་༢༠༡༢ ཀྱི་བར་ན་ གླ་འཐུས་བསྡོམས་ དངུལ་ཀྲམ་ས་༡.༢   དེ་ཅིག་ ཐོནམ་ཨིན་པས།
གནམ་བྱཱར་གྱི་ སྤྱི་ཚོགས་དང་པའི་ཚོགས་ཐེངས་༩ པའི་ནང་ ཞབས་ཏོག་ལྷན་ཁག་གིས་ སྤྲོ་བ་གློག་བརྙན་ཁང་གི་ ས་ཆ་དེ་ བཙོང་ནི་གི་ འོས་འབབ་བལྟ་དོ་ཡོད་པའི་སྐོར་ གྲོས་འཆར་ཕུལ་མི་ལུ་ སྤྱི་ཚོགས་ཀྱི་འཐུས་མི་ ལེ་ཤ་ཅིག་གིས་ རྒྱབ་འགལ་སྒྲིང་སྒྲིང་འབད་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment